当前位置: 首页 > 通知公告 > 冲刺卷5

冲刺卷5

2020年03月26日 16:03:10 访问量:426

21. སྲོང་བཙན་སྒམ་པོས་བོད་ཡིག་གསར་བཟོ་བྱེད་བཅུག་པའི་རྒྱུ་མཚན་ཅི་ཡིན།

ལན་དུ།  རྒྱལ་སྲིད་སྐྱོང་སྐབས་བོད་ལ་ཡི་གེ་མེད་ན་རྒྱལ་སྲིད་ཀྱི་བྱ་བ་གང་ཡང་ལེགས་པར་སྒྲུབ་མི་

ཐུབ་ཅིང་། རྒྱལ་ཁམས་གཞན་གྱིས་འཕྱ་བའི་གནས་སུ་གྱུར་བས་བོད་རང་གི་སྐད་དང་མཐུན་པའི་ཡི་

གེའི་རྣམ་གཞག་ཆ་ཚང་བ་ཞིག་ངེས་པར་ཡོད་དུ་འཇུག་དགོས་སོ་ཞེས་བཟློག་ཏུ་མེད་པའི་ཐུགས་ཀྱི་

དམ་བཅའ་བརྟན་པོར་བཅངས་པས་སོ།།

22.ཡོན་ཏན་གྱི་གཞི་མ་ཡི་གེ་ཟེར་དོན་ཅི།

ལན་དུ། རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་ཆབ་དཔལ་རིག་གསུམ་གྱི་ཤེས་བྱ་རྣམས་ཡི་གེའི་ལམ་

ནས་དར་སྤེལ་དང་རྒྱུན་འཛིན་བྱེད་ཅིང་།རིག་གནས་ཤེས་བྱ་ཐམས་ཅད་ཡི་གེ་ལ་བརྟེན་ནས་སྦྱང་

དགོས་པས་སོ།།

23.ངོ་སྤྲོད་ཡི་གེར་ཚང་དགོས་པའི་དོན་ཚན་གང་དང་གང་།

ལན་དུ། ཁ་བྱང་། ཡི་གེ་འབྲི་ཡུལ་གྱི་ལས་ཁུངས་སམ་འགན་ཁུར་མཁན་གྱི་མིའི་མིང་། དངོས་གཞི་ནང་དོན། ཡི་གེ་འབྲི་མཁན་གྱི་ལས་ཁུངས་སམ་མིའི་མིང་དང་ལོ་ཟླ་ཚེས་གྲངས། ཡི་གེའི་གོ་ཆོད་དུས་ཚོད།

24.ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་བརྗོད་བྱ་གཙོ་བོ་གང་དང་གང་ཡིན།

ལན་དུ། མི་དང་བྱ་བ་གཉིས་ཡིན།

25.ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ་དྲུག་གང་དང་གང་ཡིན།

ལན་དུ། མི་སྣ་དང་། དུས་ཚོད། ས་གནས། འབྱུང་རྐྱེན། བརྒྱུད་རིམ། མཇུག་འབྲས་བཅས་སོ།།

编辑:巴桑多拉
上一篇:冲刺卷6
下一篇:冲刺卷4
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心