当前位置: 首页 > 通知公告 > 冲刺卷4

冲刺卷4

2020年03月26日 16:02:40 访问量:397

16.བརྡ་ཐོའི་གྲུབ་ཆ་གསུམ་གང་དང་གང་ཡིན།

ལན་དུ། ཁ་བྱང་དང་དངོས་གཞིའི་ནང་དོན། བརྡ་ཐོ་གཏོང་མཁན་གྱི་ལས་ཁུངས་ཀྱི་མིང་དང་ལོ་ཟླ་

ཚེས་གྲངས་བཅས་སོ།།

17.སྲོང་བཙན་སྒམ་པོའི་ཡབ་ཡུམ་གཉིས་ཀྱི་མཚན་དང་། འཁྲུངས་ཡུལ། འཁྲུངས་འདས་བཅས་གང་ཡིན།

ལན་དུ། ཡབ་གནམ་རི་སྲོང་བཙན་དང་། ཡུམ་འབྲི་བཟའ་ཐོད་དཀར་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་སྤྱི་ལོ་༦༡༧ལོར་མལ་གྲོ་རྒྱ་མ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་འཁྲུངས་ཤིང་། སྤྱི་ལོར་༦༥༠སྐུ་འདས།

༨༢༽སྲོང་བཙན་སྒམ་པོའི་མཚན་སུས་བཏགས་པ་དང་། དེ་ལྟར་བཏགས་པའི་རྒྱུ་མཚན་གང་ཡིན།

ལན་དུ། བློན་པོ་རྣམས་ཀྱིས་བཏགས་པ་ཡིན། དེ་ལྟར་བཏགས་དོན་རྒྱུད་དྲང་ཞིང་སྲོང་བ། ཁྲིམས་ལ་

ཉེ་རིང་མེད་པ་བཀའ་བཙན་པ།མི་སུས་ཀྱང་ཁོང་གི་བསམ་ཚུལ་རྟོགས་མི་ཐུབ་པར་ཐུགས་སྒམ་པོ་ཡོད་པ་བཅས་ཀྱི་སྒོ་ནས་མཚན་དེ་ལྟར་བཏགས་སོ།།

18.སྲོང་བཙན་སྒམ་པོ་དགུང་ལོ་ག་ཚོད་སོན་པར་རྒྱལ་སྲིད་བསྐྱངས་པ་ཡིན།

ལན་དུ། དགུང་ལོ་བཅུ་གསུམ་ལ་སོན་མ་ཐག་བཙན་པོའི་ཁྲིར་མངའ་གསོལ་བ་ཡིན་ནོ།།

19.ད་ལྟ་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་རྒྱལ་པོ་སུའི་སྐུ་རིང་ལ་སུས་གསར་བཟོ་བྱས་པ་ཡིན།

ལན་དུ། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སློབ་དཔོན་ཐོན་མི་

སམྦྷོ་ཊས་གསར་གཏོད་བྱས།

20.སློབ་དཔོན་ཐོན་མི་སམྦྷོ་ཊ་རྒྱ་གར་དུ་ལོ་ག་ཚོད་བཞུགས་པ་དང་སློབ་དཔོན་སུ་དང་སུ་བསྟེན་

ནས་གང་དང་གང་སྦྱོང་པ་རེད།

ལན་དུ། ལོ་བདུན་བཞུགས་པ་རེད། ཁོང་གིས་སློབ་དཔོན་བྲམ་ཟེ་ལི་བྱིན་ཀ་ར་བསྟེན་ནས་ཡིག་རིགས་

དུ་མ་སྦྱོང་བ་དང་། སློབ་དཔོན་པཎྚི་ཏ་ལྷ་རིག་པའི་སེངྒེར་བསྟེན་ནས་སྒྲ་རིག་པ་སྦྱོང་པ་རེད།

编辑:巴桑多拉
上一篇:冲刺卷5
下一篇:冲刺卷3
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心