26.ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གོ་རིམ་སྒྲིག་སྟངས་ལ་དབྱེ་ན་གང་དང་གང་ཡོད།
ལན་དུ། གོ་རིམ་ཇི་བཞིན་བརྗོད་པ་དང་། གོ་རིམ་ལྡོག་སྟེ་བརྗོད་པ། བར་བཅུག་གི་བརྗོད་པ། ཁ་གསབ་
བརྗོད་པ་བཅས་སོ།།
27.ལས་སུ་བྱ་བའི་གྲུབ་ཆ་གསུམ་གང་དང་གང་ཡིན།
ལན་དུ། བྱ་བའི་ཡུལ་ལམ་ལས་དང་། ལ་དོན་གྱི་ཕྲད། བྱ་བ་བཅས་སོ།།
28.དགོས་ཆེད་ཀྱི་གྲུབ་ཆ་གསུམ་གང་དང་གང་ཡིན་ནམ།
ལན་དུ། དགོས་པ་དང་། ལ་དོན་གྱི་ཕྲད། བྱ་བ་བཅས་སོ།།
29.《ཤིང་གི་བསྟན་བཅོས་》ཀྱི་མཚན་ཆ་ཚང་ལ་གང་ཟེར།
ལན་དུ། ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན་ཞེས་ཟེར།
30.《ཆུ་ཡི་བསྟན་བཅོས》ཞེས་པའི་མཚན་ཆ་ཚང་ལ་གང་ཟེར།
ལན་དུ། ལེགས་པར་བཤད་པ་ཆུ་ཡི་བསྟན་བཅོས་ལུགས་གཉིས་ཡན་ལག་བརྒྱ་ལྡན་ཞེས་ཟེར།