31.འོག་གི་དཔེར་བརྗོད་དག་གི་དཔེ་དང་དཔེ་ཅན་ངོས་འཛིན་བྱོས།
ཞུ་འཕྲིན་བདུད་རྩིའི་ཐིགས་པ། མིག་ཟུང་ཉི་ཟླ་འགྲིབ་ལ་ཉེ། རིག་གཞུང་འོ་མའི་ཆུ་གཏེར།
ལན་དུ། ཞུ་འཕྲིན་ནི་དཔེ་ཅན། བདུད་རྩིའི་ཐིགས་པ་ནི་དཔེ། མིག་ཟུང་ནི་དཔེ་ཅན་དང་། ཉི་ཟླ་ནི་དཔེ། རིག་གཞུང་ནི་དཔེ་ཅན་དང་། འོ་མའི་ཆུ་གཏེར་ནི་དཔེ་ཡིན།
32.ཤེས་བྱ་རིག་གནས་ལ་རྒྱུ་ལོངས་སྤྱོད་གཞན་དང་མི་འདྲ་བའི་ཁྱད་ཆོས་ཅི་ཡོད།
ལན་དུ། བཙན་པོས་འཕྲོག་མི་ཐུབ་པ་དང་། ཆོམ་པོས་རྐུ་མི་ཐུབ་པ་དང་། གང་ཐོན་ས་ནས་བེད་སྤྱོད་
ཆོག་པའི་ཁྱད་ཆོས་ཡོད།
33.《མཇུག་མཐའི་སློབ་ཐུན་གཅིག》ཅེས་པའི་སློབ་ཚན་གྱི་མི་སྣ་གཙོ་བོ་དང་། རྩོམ་སྟངས་གང་ཡིན།
ལན་དུ། མི་སྣ་གཙོ་བོ་རྒན་ཧན་མེར་ལགས་དང་བུ་ཆུང་ཧྥུ་ལང་ཧྲི་གཉིས་ཡིན། རྩོམ་སྟངས་ནི་སྒྲུང་གཏམ་རྩོམ་ཡིག་ཡིན།
34.སྒྲུང་གཏམ་རྩོམ་ཡིག་གི་གོ་དོན་གང་ཡིན།
ལན་དུ། མི་སྣའི་གཟུགས་བརྙན་གསར་བཞེངས་བྱ་རྒྱུའི་ལྟེ་བར་འཛིན་པའི་དོན་བརྗོད་རང་བཞིན་གྱི་
རྩོམ་ཡིག་ཅིག་ལ་སྒྲུང་གཏམ་ཟེར།
35.སྒྲུང་གཏམ་གྱི་གྲུབ་ཆ་གསུམ་གང་དང་གང་ཡིན།
ལན་དུ། བྱུང་རིམ་དང་། ཁོར་ཡུག མི་སྣ་བཅས་སོ།།