36.སྒྲུང་གཏམ་ལ་དབྱེ་ན་གང་དང་གང་ཡོད།
ལན་དུ། སྒྲུང་གཏམ་རིང་གྲས་དང་། སྒྲུང་གཏམ་འབྲིང་གྲས། སྒྲུང་གཏམ་ཐུང་གྲས། སྒྲུང་གཏམ་ཆེས་
37.《ས་སྨྱུག་གི་རང་གཤིས་》ཞེས་པའི་སློབ་ཚན་གྱི་མཚོན་དོན་ཅི་ཡིན།
ལན་དུ། ས་སྨྱུག་གིས་དགེ་རྒན་དང་ལྷག་བསམ་ཅན་སོགས་མཚོན།
38.གཤམ་གྱི་མི་སྣའི་འབྲེལ་བ་འབྲི་དགོས།
གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོའི་འབྲེལ་བ་ནི་(ཕ་བུའི་འབྲེལ་བ་)རེད། གནམ་རི་སྲོང་
བཙན་དང་ཁྱུང་པོ་སྤུ་ཟད་ཟུ་ཙེའི་འབྲེལ་བ་ནི་(རྒྱལ་བློན་གྱི་འབྲེལ་བ་)རེད། མྱང་ཙེང་སྐུ་དང་ཞང་
སྣང་གི་འབྲེལ་བ་ནི་(ཕ་བུའི་འབྲེལ་བ་)རེད། ཁྱུང་པོ་སྤུ་ཟད་ཟུ་ཙེ་དང་མྱང་ཙེང་སྐུའི་འབྲེལ་བ་ནི་(བློན་པོ་དང་བློན་པོའི་འབྲེལ་བ་)རེད།གནམ་རི་སྲོང་བཙན་དང་སློན་ཀོལ་གྱི་འབྲེལ་བ་ནི་(ཕུ་ནུའི་
འབྲེལ་བ་)རེད།
39.《སྐྱིད་པའི་ལྷ་སྲས་》ཞེས་པའི་སློབ་ཚན་གྱི་“སྐྱིད་པའི་ལྷ་སྲས་”ནི་གང་ལ་གོ་དགོས།
ལན་དུ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་གོ་དགོས།
40.《ཐང་སྟོང་རྒྱལ་པོ》ཡིས་ལྕགས་ཟམ་དང་ཤིང་ཟམ་ག་ཚོད་བསྐྲུན་ཡོད། ལྕགས་ཟམ་ཐོག་མར་གང་ཡིན།
ལན་དུ། ལྕགས་ཟམ་ལྔ་བཅུ་ང་བརྒྱད་དང་། ཤིང་ཟམ་དྲུག་ཅུ་བཞེངས་ཡོད། ལྕགས་ཟམ་ཐོག་མར་ལྷ་སའི་སྐྱིད་ཆུའི་ལྕགས་ཟམ་ཡིན་ནོ།།