当前位置: 首页 > 通知公告 > དུང་རི་གསེར་མཚོ།

དུང་རི་གསེར་མཚོ།

2020年05月15日 16:52:30 访问量:212

  དུང་རི་གསེར་མཚོ།     

     དུང་རི་གསེར་མཚོ་ཞེས་པའི་སློབ་ཚན་དེ་རང་ཉིད་ཀྱིས་གཙོ་བོ་བསླབ་གཞི་དང་།   སློབ་ཁྲིད་ཀྱི་དམིགས་ཡུལ་དང་རེ་བ།   སློབ་ཁྲིད་ཀྱི་དཀའ་གནད་དང་གཙོ་གནད།   སློབ་ཁྲིད་ཀྱི་ནང་དོན།  སློབ་ཁྲིད་ཀྱི་ཐབས་ཤེས།     སློབ་ཆས་གྲ་སྒྲིག   སློབ་མའི་སྐོར།  སློབ་ཁྲིད་ཀྱི་བརྒྱུད་རིམ།   ནག་པང་འཆར་འགོད་སོགས་ཀྱི་ཐད་ནས་གླེང་བརྗོད་བྱ་རྒྱུ་ཡིན།

དང་པོ།    བསླབ་གཞི་གླེང་བ།

    ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི་འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ་ལོ་རིམ་བཞི་པའི་སྨད་ཆའི་སྐད་ཡིག་ཤེས་བྱའི་དགའ་ཚལ་གསུམ་པའི་སློབ་ཚན་གསུམ་པ་ཡིན་ཞིང་།   སྐད་ཡིག་ཤེས་བྱའི་དགའ་ཚལ་འདིར་ཡུལ་ལྗོངས་ལ་ལྟ་ཞིབ་དང་།  ཡུལ་ལྗོངས་འབྲི་བའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལས་གྲུབ་པའི་རྩོམ་འབྲིའི་ནུས་པ་གསོ་སྦྱོང་བྱེད་པའི་ཤེས་བྱའི་དགའ་ཚལ་ཞིག་རེད་འདུག

གཉིས་པ། སློབ་ཁྲིད་ཀྱི་དམིགས་ཡུལ་དང་རེ་བ་གླེང་བ།

༡   སློབ་ཚན་དེ་སློབ་ཁྲིད་བྱས་པ་བརྒྱུད།  སློབ་མས་སློབ་ཚན་དེའི་ནང་གི་གོ་དཀའ་བའི་མིང་དང་ཚིག་དག་་འབྲི་ཤེས་པ་དང་།       གོ་དོན་རྟོགས་པ།     བེད་སྤྱོད་ཐུབ་པ་བྱེད་རྒྱུ། ༢   སློབ་ཚན་འབྱོང་ཀློག་ཐུབ་པ་མ་ཟད།   བརྗོད་དོན་གོ་བ་ལོན་ཐུབ་པ།

༣   སློབ་ཚན་དེ་བསླབ་པ་བརྒྱུད།     སློབ་མས་དུང་རི་གསེར་མཚོའི་ཡ་མཚན་ཆེ་བའི་མཛེས་ལྗོངས་ལ་རྒྱུས་ལོན་བྱེད་ཐུབ་པ་དང་།    རང་བྱུང་ཁམས་ལ་ལྟ་ཞིབ་དང་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་མྱོང་ཚོར་བྱེད་པ་མ་ཟད།    མེས་རྒྱལ་གྱི་རི་ཀླུང་ལ་དགའ་བའི་བསམ་པའི་བརྩེ་དུང་སྐྱེད་སྲིང་བྱེད་དགོས།

 

གསུམ་པ། སློབ་ཁྲིད་ཀྱི་དཀའ་གནད་དང་གཙོ་གནད་གླེང་བ།

    དུང་རི་གསེར་མཚོའི་རང་བྱུང་གི་མཛེས་ལྗོངས་ལ་ལྟ་ཞིབ་བྱས་པའི་ཤེས་བྱ་རྒྱུས་ལོན་ཐུབ་པ་མ་ཟད།   རང་བྱུང་ཁམས་ལ་ལྟ་ཞིབ་དང་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་མྱོང་རོལ་བྱེད་པ།   རྩོམ་ཡིག་འབྲི་བའི་འདུན་པ་ཇེ་ཆེར་གཏོང་བ།      རང་གི་ཕ་ཡུལ་གྱི་རི་ཆུ་ལ་དགའ་ཞིང་དུངས་པའི་བསམ་པའི་འདུ་ཤེས་སྐྱེད་སྲིང་བྱེད་དགོས།

  བཞི་པ།  སློབ་ཁྲིད་ཀྱི་ནང་དོན་གླེང་བ།

   སློབ་ཚན་འདིར་ཁྱོན་ཚོགས་ཐེངས་གསུམ་ལ་དབྱེ་བ་ལས་དེ་རིང་རང་ཉིད་ཀྱིས་གྲ་སྒྲིག་བྱས་པའི་ཁྲིད་བྱའི་ནང་དོན་ནི་ཚོགས་ཐེངས་གཉིས་པའི་ནང་དོན་ཡིན།

ལྔ་པ།  སློབ་ཁྲིད་ཀྱི་ཐབས་ཤེས་གླེང་བ།

   ༡   དགེ་སློབ་ཕན་ཚུན་དྲི་བ་འདོན་པ།

   ༢   དགེ་རྒན་ནས་འཆད་ཁྲིད་ཀྱི་ཐབས།

   ༣  སློབ་མ་ཕན་ཚུན་དྲི་བ་འདོན་པའི་ཐབས།

   ༤ སློབ་མ་ཕན་ཚུན་ཚོགས་ཆུང་གྲོས་བསྡུར་གྱི་ཐབས་སྤྱད་རྒྱུ།

དྲུག་པ།  སློབ་ཆས་གྲ་སྒྲིག་གི་སྐོར་གླེང་བ།

 གློག་ཀླད་སྨྱན་ཆས་དང་ཤོག་བྱང་སོགས་བེད་སྤྱད་ནས་ཐད་མཐོང་གི་རི་མོར་བརྟེན་ནས་སློབ་ཚན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་པ་དང་།   དུང་རི་གསེར་མཚོའི་གནས་ཡུལ་དང་།    མཚོའི་དབྱིབས།  ཆུའི་ཁ་དོག་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་གསལ་ཤེས་ཐུབ་པར་ར་འདེགས་བྱེད་རྒྱུ།

བདུན་པ།    སློབ་མའི་སྐོར་གླེང་བ།

     སློབ་ཚན་དེ་མ་སྦྱངས་གོང་སློབ་མས་དེབ་འདིའི་སློབ་ཚན་བྱ་དངོས་ལ་ལྟ་ཞིབ་བྱེད་སྟངས་ཁག་ག་ཚོད་ཡོད་མེད་གསལ་ཤེས་ཐུབ་པའི་རྨང་གཞིའི་ཐོག་གོམས་གང་མདུན་སྤོས་ཀྱིས་རྩོམ་འབྲིའི་ཤེས་བ་དག་དོན་དངོས་ཀྱི་ལག་ལེན་ཁྲོད་བེད་སྤྱོད་བྱེད་པའི་ནུས་གསོ་སྐྱོང་བྱེད་རྒྱུ་ཡིན། 

བརྒྱད་པ།    སློབ་ཁྲིད་ཀྱི་བརྒྱུད་རིམ་གླེང་བ།  

༡   བསྐྱར་སྦྱོང་།  

༢  གསར་འདྲེན།

༣    གསར་ཁྲིད།     

༤    སྲ་བརྟན།

༥    ཕྱོགས་བསྡོམས། 

བརྒྱད་པ།     སྦྱོང་ཚན་བཀོད་སྒྲིག་གླེང་བ། 

༡  དེ་རིང་སྦྱངས་པའི་སློབ་ཚན་གྱི་ཚིག་གསར་དག་ཐེངས་ལྔ་ཀློག་རྒྱུ།  

༢   དྲི་བར་ལན་འདེབས་རྒྱུ།

 དུང་རི་གསེར་མཚོ་གང་དུ་གནས་ཡོད།    གསེར་མཚོའི་དབྱིབས་གང་འདྲ་ཡིན།    ཆུའི་མདོག་གང་དག་ཡོད།  

༣   གཤམ་གྱི་དུམ་བུ་དེ་དག་ཐེངས་འགའ་ཀློག་ནས་མི་ཤེས་པའི་མིང་དང་ཚིག་གི་གོ་དོན་ཚིག་མཛོད་སྤྱད་ནས་ཤེས་པ་བྱས་ཏེ་སྔོན་སྦྱོང་བྱེད་རྒྱུ།

༤  དེ་རིང་གི་སློབ་ཚན་ལ་དཔེ་བལྟས་ནས་རྫོང་རྒྱབ་ཀླུ་ཁང་གི་ཡུལ་ལྗོངས་ལ་ལྟ་ཞིབ་བྱེད་རྒྱུ།

དགུ་པ།   ནག་པང་འཆར་འགོད་གླེང་བ།  

 དུང་རི་གསེར་མཚོའི་གནས་ཡུལ། གནས་བབས།    གསེར་མཚོའི་དབྱིབས་བཅས་ནང་དོན་དེ་དག་གི་དུང་རི་གསེར་མཚོའི་གནས་ཡུལ།གནས་བབས།    གསེར་མཚོའི་དབྱིབས་བཅས་ནང་དོན་དེ་དག་གི་ཐོག་ནས་སློབ་ཚན་གྱི་ནང་དོན་འབུར་དུ་ཐོན་ལ།    དོན་བསྡུས་ཞིང་ཚིག་རྙོག་མེད་པ།   ནག་བཀོད་ཀྱི་ནང་དོན་ལ་གཙོ་ཕལ་གྱི་དབྱེ་བ་ཡོད་ལ།  ཡིག་གཟུགས་ཁམས་གཙང་ཞིང་སློབ་མས་བལྟ་འདོད་ཀྱི་སྤྲོ་བ་འཕེལ་ཐུབ་པ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འཆེ་འགོད་བྱས་པ་ཡིན།

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心