当前位置: 首页 > 通知公告 > ས་བོན་གྱི་ནུས་ཤུགས།

ས་བོན་གྱི་ནུས་ཤུགས།

2020年05月15日 16:54:32 访问量:714

ས་བོན་གྱི་སྟོབས་ཤུགས།


དང་པོ། བསླབ་གཞི་གླེང་བ།

བསླབ་གཞི་ཧྲིལ་པོའི་ནང་དུ་སློབ་ཚན་དེ་ནི་སློབ་མས་དཀའ་ངལ་གྱི་མདུན་དུ་མགོ་མི་སྒུར་བར་ས་བོན་གྱི་སྟོབས་ཤུགས་ལྟ་བུའི་སྙིང་སྟོབས་དང་།ཀྲུང་གོའི་མི་དམངས་ཀྱི་རི་འགོག་གི་སྙིང་སྟོབས་ལྟ་བུའི་སྙིང་སྟོབས་སྐྱེད་སྲིང་ཐུབ་ཕྱིར་བཀོད་སྒྲིག་བྱས་པའི་བསྡུས་བརྗོད་རྩོམ་ཡིག་ཞིག་ཡིན།


གཉིས་པ།སློབ་ཁྲིད་ཀྱི་དམིགས་ཚད་གླེང་བ།

 སློབ་ཚན་དེ་སློབ་ཁྲིད་བྱས་པ་བརྒྱུད།སློབ་ཚན་གྱི་ཚིག་དོན་རྟོགས་པའི་རྨང་གཞིའི་ཐོག་སྐད་ཡིག་བསླབ་ཚན་གྱི་སྤྱིའི་སྤྱིའི་དམིགས་ཚད་དུ་བསྟན་པ་ལྟར་ཡང་དག་པའི་ཚོར་འདུའི་རྣམ་འགྱུར་དང་རིན་ཐང་གི་ལྟ་ཚུལ་འདི་འདྲ་ཞིག་གསོ་སྐྱོང་ཐུབ་པ་དགོས་ཏེ། ང་ཚོས་ཆུང་བྱིས་པའི་དུས་ནས་དཀའ་ངལ་གྱི་མདུན་དུ་མགོ་མི་སྒུར་བར་རྒྱལ་ཁ་ཐོབ་པར་བྱེད་པའི་ས་བོན་གྱི་སྟོབས་ཤུགས་ལྟ་བུའི་སྙིང་སྟོབས་ལྡན་དགོས་པའི་བསམ་པ་སྐྱེད་སྲིང་ཐུབ་པ་བྱ་རྒྱུ་ཡིན།  

༢    སྐད་ཡིག་བསླབ་ཚན་གྱི་ཚད་གཞིའི་ནང་དུ་སློབ་རིམ་སོ་སོར་ཐ་སྙད་གསོག་འཇོག་བྱེད་དགོས་པའི་དམིགས་ཚད་ཀྱི་གལ་ཆེའི་རང་བཞིན་ལ་གཞིགས་ཏེ།སློབ་ཚན་ཁྲོད་ཀྱི་མིང་དང་ཚིག་གསར་པ་སྟེ།རྡོ་ལེབ། ལྷུ། ཆག་སྐྱོན། ལྡེམ་ཤུགས། བརྐྱང་བསྐུམ། བཟོད་བསྲན། གཤིན་པོ། དབུགས་རིང་།འགལ་རྐྱེན་ ཀུ་རེ། སྨོས་ཅི་དགོས། ཚགས་དམ་པ་སོགས་ཀྱི་དོན་རྟོགས་ཐུབ་ཁར་བེད་སྤྱོད་ཀྱང་ཐུབ་པའི་སྦྱོང་བརྡར་སྤྲད་དེ་སློབ་མའི་ཐ་སྙད་གསོག་འཇོག་ལ་ཤུགས་སྣོན་གང་ཐུབ་བརྒྱབ་རྒྱུ་ཡིན།


གསུམ་པ། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད་གླེང་བ།

༡ སློབ་མ་ཚོས་ཐོག་མར་རྩོམ་པ་པོས་འཛམ་གླིང་ཐོག་གི་སྟོབས་ཤུགས་ཆེ་ཤོས་ནི་ས་བོན་གྱི་སྟོབས་ཤུགས་ཡིན་པ་དེ་བཏོན་ཡོད་པ་དང་།དེ་ནས་དེ་ལྟར་ཡིན་པ་ས་བོན་གྱིས་ཀླད་རུས་ཆག་སྐྱོན་མེད་པར་ཁ་འབྱེད་ཐུབ་པ་དང་།ས་བོན་གྱིས་རྡོ་ལེབ་ཀྱི་སྟེང་འོག་བསྒྱུར་ཏེ་སྐྱེ་ཐུབ་པའི་གཞི་འཛིན་ས་གཉིས་ཀྱི་ཐོག་ནས་ར་སྤྲོད་ཇི་ལྟར་བྱས་ཡོད་པ།དེ་བཞིན་ས་བོན་གྱི་སྟོབས་ཤུགས་དེ་ནི་མིག་གིས་མཐོང་རྒྱུ་མེད་པའི་སྟོབས་ཤུགས་ཤིག་དང་།སྟོབས་ཤུགས་དེ་ཇི་ལྟ་བུ་ཞིག་གིས་ཀྱང་མནན་མི་ཐུབ་པ་ཇི་ལྟར་ཡིན་པ་དེར་ཕྱོགས་བསྡོམས་ཐུབ་རྒྱུ་དེ་སློབ་ཁྲིད་ཀྱི་གཙོ་གནད་དུ་བཞག་ནས་སློབ་ཁྲིད་བྱ་རྒྱུ་ཡིན།

༢ སློབ་ཚན་དེ་ནི་བསྡུས་བརྗོད་རྩོམ་ཡིག་ཅིག་ཡིན་པས་སློབ་མ་ཚོས་རྩོམ་པ་པོས་རྩོམ་ཡིག་འདི་འབྲི་བའི་རྒྱབ་ལྗོངས་ཤེས་པའི་རྨང་གཞིའི་ཐོག་ཏུ་ས་བོན་གྱི་སྟོབས་ཤུགས་དེ་ཇི་ལྟར་བྱས་ཏེ་ཀྲུང་གོའི་མི་དམངས་ཀྱི་རི་འགོག་སྟོབས་ཤུགས་ལ་སྦྱར་ནས་སིམ་འདྲིས་ཐུབ་པ་བྱ་རྒྱུ་དེ་སློབ་ཁྲིད་ཀྱི་དཀའ་གནད་དུ་བཞག་ནས་སློབ་ཁྲིད་བྱ་རྒྱུ་ཡིན།

བཞི་པ།སློབ་ཁྲིད་ཀྱི་བརྒྱུད་རིམ་དང་དགེ་རྒན་གྱི་འཁྲིད་ཐབས་གླེང་བ།

གཅིག གསར་འདྲེན།

སློབ་ཚན་དེ་ཁ་བྱང་ཁྲོད་ཀྱི་ས་བོན་ཞེས་པར་གཞིགས་ནས་གསར་འདྲེན་བྱ་རྒྱུ་ཡིན་ཏེ།སློབ་མ་ཚོར། ད་ལྟ་ནམ་དུས་གང་ལ་སླེབས་པ་རེད་དམ།ཞེས་པའི་དྲི་བ་ལ་གཞིགས་ཏེ་སློབ་མ་ཚོས་ད་ལྟ་དཔྱིད་དུས་རེད་ཅེས་པའི་ལན་དེ་དེ་གང་ཐུབ་བསྔོག་འདོན་ཐུབ་པ་བྱས་ཏེ།ད་བྱས་ན་དཔྱིད་དུས་སུ་ཨ་ཁུ་ཞིང་པ་རྣམས་ཀྱིས་གང་བྱེད་ཀྱི་རེད་ཅེས་པའི་དྲི་བ་གཞིར་བཟུང་སྟེ།སློབ་མ་ཚོས་ས་བོན་བཏབ་ཀྱི་རེད། ཅེས་པའི་ལན་དེ་བསྔོག་འདོན་ཐུབ་པ་བྱས་རྗེས་ད་བྱས་ན་དེ་རིང་ང་ཚོ་མཉམ་དུ་ས་བོན་ལ་ནུས་པ་ཇི་འདྲ་ཡོད་པ་མཉམ་དུ་བལྟ་བར་འགྲོ་ཞེས་སློབ་ཁྲིད་ཀྱི་འགོ་བཙུགས་རྒྱུ་ཡིན་ཞེས་སྨྱས་ཆས་ནས་སློབ་ཚན་དེའི་ཁ་བྱང་བསྟན་ཞོར་དུ་ནག་པང་ཐོག་ཏུ་སློབ་ཚན་དེའི་ཁ་བྱང་སུག་འབྲི་བྱ་རྒྱུ་ཡིན།

གཉིས། གསར་ཁྲིད།

སློབ་ཚན་ཧྲིལ་པོའི་ནང་དོན་ཚོགས་ཐུན་གསུམ་ལ་གཞིགས་ནས་སློབ་ཁྲིད་བྱེད་པའི་གྲ་སྒྲིག་བྱས་ཡོད་དེ།

ཚོགས་ཐུན་དང་པོ།

སློབ་མས་ཀློག་གི་སྦྱོང་བརྡར་སྔོན་སྦྱོང་བྱས་པར་བརྟག་དཔྱད་དང་སློབ་ཚན་དེའི་ཁྲོད་ཀྱི་མིང་ཚིག་གོ་དཀའ་བ་དག་བཙལ་འཚོལ་བྱ་རུ་བཅུག་རྒྱུ་ཡིན།

ཚོགས་ཐུན་གཉིས་པ།

ད་ཐེངས་འཁྲིད་བྱའི་ནང་དོན་དུ་བཞག་ཡོད་པས་གཤམ་དུ་རྒྱས་པར་གླེང་རྒྱུ་ཡིན།

ཚོགས་ཐུན་གསུམ་པ།

རང་གྲུབ་དུམ་མཚམས་བཞི་པ་དང་ལྔ་པའི་ནང་དོན་སློབ་ཁྲིད་དང་སློབ་ཚན་ཧྲིལ་པོའི་ནང་དོན་ལ་

སྲ་བརྟན་གཏོང་རྒྱུ་ཡིན།

ཚོགས་ཐུན་གཉིས་པ་དེའི་སློབ་ཁྲིད་ཀྱི་བརྒྱུད་རིམ་དང་ཐབས་ཤེས་གླེང་བ།

༡ སྨྱན་ཆས་ལ་གཞིགས་ཏེ་སློབ་ཚན་དེའི་རྩོམ་པ་པོའི་བརྙན་པར་དང་ངོ་སྤྲོད་མདོར་བསྡུས་ལ་བརྟེན་ནས།  རྩོམ་པ་པོས་རྩོམ་ཡིག་འདི་འབྲི་བའི་རྩོམ་འབྲིའི་རྒྱབ་ལྗོངས་རྟོགས་པ་བྱས་ནས་སློབ་ཚན་དེ་ནི་ས་བོན་གྱི་སྟོབས་ཤུགས་ཁོ་ན་བྲིས་པའི་རྩོམ་ཡིག་ཅིག་མ་ཡིན་པར་དེ་ནི་རྩོམ་པ་པོས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས་འོག་ཏུ་ས་བོན་གྱི་སྟོབས་ཤུགས་ཆེན་པོ་དེ་དང་འདྲ་བའི་ཀྲུང་གོའི་མི་དམངས་ཀྱི་རི་འགོག་གི་སྟོབས་ཤུགས་དེ་བསྡུས་བརྗོད་ཀྱི་རྩོམ་ཐབས་ལ་བརྟེན་ནས་བྲིས་ཡོད་པས།སློབ་མ་ཚོས་རྩོམ་ཡིག་དེའི་ནང་དོན་སྦྱོང་བའི་སྐབས་སུ་རང་ཉིད་ལ་ས་བོན་གྱི་སྟོབས་ཤུགས་དེ་ནི་དེ་འདྲའི་ཆེ་བའང་ཨང་སྙམ་པའི་ངེས་ཤེས་ཐུབ་པའི་ཁྲོད་དུ་དེ་ནི་ཀྲུང་གོའི་མི་དམངས་ཀྱི་རི་འགོག་གི་ཉམས་པ་མེད་པའི་སྟོབས་ཤུགས་རེད་ཨང་སྙམ་པའི་སྐུལ་སློང་འདི་འདྲ་ཞིག་སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་འཇོག་དགོས་པའི་བླང་བྱ་བཏོན་ཏེ་སློབ་ཁྲིད་ལ་འཇུག་རྒྱུ་ཡིན།

༢ ཚོགས་ཐུན་འདིའི་ནང་དུ་སློབ་ཚན་གྱི་རང་གྲུབ་དུམ་མཚམས་དང་པོ་ནས་གསུམ་པའི་བར་གྱི་ནང་དོན་ལ་དབྱེ་ཞིབ་བྱེད་རྒྱུ་ཡིན་ལ།སློབ་ཁྲིད་ཀྱི་ཞོར་དུ་དུམ་མཚམས་ཁག་གསུམ་པོ་དེའི་ནང་གི་གོ་དཀའ་བའི་མིང་ཚིག་སྟེ།ཀུ་རེ།སྨོས་ཅི་དགོས།ལྷུ་བཅས་ལ་སྨྱན་ཆས་ཟུང་འབྲེལ་གྱིས་འགྲེལ་བཤད་དང་བརྗོད་པ་བཟོས་པ་ཟུང་འབྲེལ་གྱིས་གསལ་བཤད་བྱ་རྒྱུ་དང་།ལ་ལས་་་་་ལ་ལས་ཞེས་པ་དང་།ཚགས་དམ་པ།སྨོས་ཅི་དགོས།དཔའ་ངར་ཞུམ་མེད་བཅས་ལ་ངག་ཐོག་གི་བརྗོད་པ་བཟོ་རུ་བཅུག་པ་བརྒྱུད་དེ་སློབ་མའི་མིང་ཚིག་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།

གཤམ་དུ་དུམ་བུ་རེ་རེ་བཞིན་གྱི་འཁྲིད་ཐབས་བརྗོད་ན།

དུམ་བུ་དང་པོ། 

སྨྱན་ཆས་ནས།དྲི་བ་འདི་འདྲ་ཞིག་བཏོན་པ་སྟེ།སློབ་ཕྲུག་ཚོས་བྱས་ན་འཛམ་གླིང་ཐོག་གི་སྟོབས་ཤུགས་ཆེ་ཤོས་དེ་གང་རེད།ཅེས་པའི་དྲི་བ་ལ་དགེ་སློབ་མཉམ་ལས་ཀྱིས་ཐག་གཅོད་བྱས་རྗེས་སློབ་ཕྲུག་ཚོར་སློབ་ཚན་དེ་མཉམ་ཀློག་ཐེངས་གཅིག་བྱེད་དུ་བཅུག་ནས་དུམ་བུ་དེའི་ནང་དུ་རྩོམ་པ་པོས་འཛམ་གླིང་ཐོག་གི་སྟོབས་ཤུགས་ཆེ་ཤོས་དེ་གང་རེད་གསུངས་འདུག་གམ།  ཞེས་པའི་དྲི་བ་ལ་བརྟེན་ནས་རྩོམ་པ་པོས་འཛམ་གླིང་ཐོག་གི་སྟོབས་ཤུགས་ཆེ་ཤོས་དེ་ས་བོན་གྱི་སྟོབས་ཤུགས་ཡིན་པ་བཤད་ཡོད་པ་དེ་སྨྱན་ཆས་དང་ཟུང་འབྲེལ་གྱིས་གསལ་ཁ་འབྱེད་རྒྱུ་ཡིན།  ༼ཞོར་དུ་ཀུ་རེ་དང་།སྨོས་ཅི་དགོས།ཚིག་དོན་རྟོགས་རྒྱུ་དང་མིང་ཚིག་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།༽

དུམ་བུ་གཉིས་པ་དང་གསུམ་པ།

སྨྱན་ཆས་ནས་རྩོམ་པ་པོས་འཛམ་གློང་ཐོག་སྟོབས་ཤུགས་ཆེ་ཤོས་དེ་ས་བོན་གྱི་སྟོབས་ཤུགས་རེད་ཅེས་པ་རེད་གསུངས་པ་དེ་ཚོད་དཔག་བྱས་པ་ཙམ་ཞིག་རེད་དམ།ཞེས་པའི་དྲི་བ་བཏོན་པ་ཞིག་རེད་དམ་ང་ཚོ་མཉམ་དུ་གཤམ་གྱི་ནང་དོན་ཁག་སྦྱོང་རྒྱུ་ཡིན་ཞེས་དུམ་བུ་གཉིས་པ་དེ་བུ་མོ་ཚོས་ཀློག་ཞོར་དུ་དེའི་ནང་གང་བཤད་ཡོད་པར་སློབ་མ་བུ་ཚོར་བསམ་གཞིག་བྱེད་དུ་འཇུག་པ་དང་།དུམ་བུ་གསུམ་པ་དེ་སློབ་ཕྲུག་བུ་ཚོས་བཀླག་ཏུ་བཅུག་པ་དང་བུ་མོ་ཚོར་བསམ་གཞིག་བྱེད་དུ་འཇུག་པ་ལ་སོགས་པའི་ཐབས་སྤྱད་དེ་སློབ་མའི་རང་ཚུགས་དང་མཉམ་ལས།འཚོལ་དཔྱད་བཅས་ཀྱི་ནུས་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཏེ།

དགེ་སློབ་མཉམ་ལས་ཀྱིས་དུམ་བུ་གཉིས་པའི་ནང་དུ་ས་བོན་ལ་སྲ་ཞིང་མཁྲེགས་པའི་ཀླད་རུས་འབྱེད་ཐུབ་པའི་སྟོབས་ཤུགས་ཡོད་པ་སྨྱན་ཆས་ཟུང་འབྲེལ་གྱིས་ཕྱོགས་བསྡོམས་བྱེད་པ་དང་།དེ་ནི་རྩོམ་པ་པོས་ས་བོན་ནི་སྟོབས་ཤུགས་ཆེ་ཤོས་ཡིན་པའི་གཞི་འཛིན་ས་དང་པོ་དེ་ཡིན་པ་དེ་གསལ་ཁ་འབྱེད་རྒྱུ་ཡིན།

དེ་བཞིན་དུམ་བུ་གསུམ་པའི་ནང་དོན་སློབ་མས་དབྱེ་ཞིབ་བྱས་པར་ཕྱོགས་བསྡོམས་ཀྱིས་དུམ་བུ་གསུམ་པའི་ནང་དུ་ས་བོན་གྱིས་སྟེང་ནས་མནན་པའི་རྡོ་ལེབ་ཀྱི་སྟེང་འོག་བསྒྱུར་ནས་ཡར་སྐྱེས་ཐུབ་པའི་སྟོབས་ཤུགས་ལྡན་པ་སྨྱན་ཆས་ཀྱི་པར་རིས་དང་ཡིག་རིས་ཟུང་འབྲེལ་གྱིས་ཕྱོགས་བསྡོམས་བྱེད་རྒྱུ་ཡིན།༼ཞོར་དུ་ལྷུ།དཔའ་ངར་ཞུམ་མེད།བཟློག་ཐབས་མེད་པ་བཅས་ཀྱི་ཚིག་དོན་རྟོགས་རྒྱུ་དང་མིང་ཚིག་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ལ་ཚིག་ཕྲད་ཀྱི་ནུས་པལའང་གསལ་བཤད་བཤད་མདོར་བསྡུས་བྱ་རྒྱུ་ཡིན༽

གསུམ། སྲ་བརྟན།

ནག་པང་གི་འཆར་འགོད་དེ་གཞིར་བཟུང་སྟེ་ཚོགས་ཐུན་དེའི་ནང་དོན་ལ་སྲ་བརྟན་གཏོང་རྒྱུ་ཡིན། 

བཞི། ཁྱིམ་སྦྱོང་།

ས་བོན་གྱི་སྟོབས་ཤུགས་ལ་བསྟོད་པའི་དུམ་བུ་ཞིག་འབྲི་རུ་བཅུག་རྒྱུ་ཡིན།

 

ལྔ་པ། ནག་པང་འཆར་འགོད་གླེང་བ།

ཀླད་རུས་ཁ་ཕྱེ་ཐུབ་པ།          

 ས་བོན་གྱི་སྟོབས་ཤུགས།

ཀྲུང་གོའི་མི་དམངས་ཀྱི་རི་འགོག་སྙིང་སྟོབས།                                                                   

རྡོ་ལེབ་ཀྱི་སྟེང་འོག་བརྗེས་                                   

ཏེ་ཡར་སྐྱེ་ཐུབ་པ། 

དྲུག་པ།སློབ་མས་སྦྱོང་ཐབས་གླེང་བ།  

༡ རང་ཉིད་ཀྱིས་མ་ཤེས་པའི་མིང་ཚིག་ཁག་བློ་ཁོག་ཆེན་པོས་བཏོན་རྒྱུར་བརྩོན་པ།

༢ སློབ་ཚན་ཁྲོད་དུ་ཐོན་པའི་དྲི་བ་ཁག་ལ་རང་ཚུགས་ཀྱི་ནུས་པ་འདོན་སྤེལ་དང་།དགེ་སློབ་མཉམ་ལས་ཀྱིས་གནད་དོན་ཐག་གཅོད་ཐུབ་རྒྱུར་བརྩོན་པ།

༣ སློབ་མ་རང་ཉིད་ཀྱི་བསམ་ཕོད་པ་དང་།ཤོད་ཕོད་པ།དོགས་སློང་བྱེད་ཕོད་པའི་སྙིང་སྟོབས་མངོན་ཐུབ་པ་དགོས་པ།

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心