དངུལ་ལོར་ལ་འཛིན་པའི་ལྟ་བ་།
སྟོན་གསུམ་འབྲས་ལྡན་དུས་ལའང་དངུལ་ལོར་འཚོལ། །
སྡུག་བསྔལ་དེ་འདྲ་ཆེ་རུང་མི་བཟང་འགས། །
དངུལ་ལོར་རྙེད་རུང་བདག་པོ་འཚོལ་ཐབས་མཛད། །
འགའ་རེ་དངུལ་ལོར་ཆེད་དུ་རང་སྲོག་ཤོར། །
ལ་ལ་དངུལ་ལོར་ཆེད་དུ་ཕ་སྤུན་འཁོན། །
ད་དུང་དངུལ་ལོར་ཆེད་དུ་ལ་རྒྱ་བཙོངས། །
འོན་ཀྱང་བདག་གཞན་བརྗེ་བའི་སྐྱེ་བོ་འགའ། །
དངུལ་ལོར་རྙེད་རུང་བདག་པོ་འཚོལ་ཐབས་བྱེད། །
འགའ་རེས་གླན་པ་ཟེར་ནས་འཕྱ་ཡང་སྲིད། །
འགའ་རེས་ལྐུགས་པ་ཟེར་ནས་སྨད་པའང་སྲིད། །
ལས་དང་རྒྱུ་འབྲས་གླེང་བའི་མི་རྣམས་ཀྱིས། །
ཁྱེད་འདྲ་ཚེ་རིང་ཡོང་བའི་སྨོན་ལམ་འདེབས། །
ཁྱེད་རང་ལུས་བདེ་སེམས་སྐྱིད་སྨོན་ལམ་འདེབས། །
ཁྱེད་ནི་བླ་མའི་བཀའ་ཡི་ཕོ་ཉ་ཡིན། །
ཁྱེད་ནི་རྣམ་དཀར་སྟོན་པའི་རྗེས་འཛིན་ཡིན། །
ཁྱེད་ནི་ཡིག་དྲུག་བཟླས་པའི་དོན་པོ་ཡིན། །
ཁྱེད་ནི་མེས་པོའི་ཁྲག་རྒྱུན་དངོས་ཡིན་པས། །
ཁྱེད་ཀྱི་གང་བསམ་ལྷུན་གྲུབ་ཡོང་བར་གཤོག །
ཚེ་བརྟན་བཀྲ་ཤིས་ནས་