当前位置: 首页 > 藏文文化 > གཏམ་དཔེ་

གཏམ་དཔེ་

2018年06月04日 16:05:46 访问量:523 作者:ྀ米玛多吉

             གཏམ་དཔེ་གོང་མཐུད་

21མི་ལ་འཕྱ་གསུམ་འཕྱ་བ་ལ། རང་ལ་འཛོམས་གསུམ་ས་འཛོམས་པ་དགོས། 

མི་གཞན་ལ་འཕྱ་དམོད་བྱེད་པར་རང་ལ་མི་གཞན་ལས་ལྷག་པའི་ཡོན་ཏན་གང་མང་འཛོམས་དགོས་ཞེས་པ་སྟེ།མི་གཞན་ལ་འཕྱ་དམོད་བྱ་རྒྱུ་བཞག་ནས་རང་ལ་སྐྱོན་དེ་འདྲ་ཡོད་མིན་ལ་དཔྱད་དཔོག་དང་ཡོད་ན་སྤོངས་དགོས་ཞེས་སོ།

22བློས་གྲོད་པར་བཀལ། གྲོད་པས་ཆུ་གློད། 

མི་སུ་ཡིན་རུང་གཞན་ལ་གྲོས་འདྲི་དང་སྐྱབས་བཅོལ་བྱེད་པའི་དུས་ཡོད་ཀྱང་རང་ནུས་ཅི་ཡང་འདོན་སྤེལ་མི་བྱེད་པའམ་རང་གིས་རིག་པས་བརྡར་ཤ་མི་གཅོད་པར་ཐམས་ཅད་གཞན་ལ་བརྟེན་པ་ནི་ཤིནཏུ་མི་རུང་བའི་གནས་ལུགས་བསྟན།

23ཆུ་འཚོག་པའི་སྣོད་ཡོད་ཀྱང་། གཏམ་འཚོག་པའི་སྣོད་མེད། 

ཆུ་སྐྱོར་བའི་སྣོད་ཆས་ཡོད་རུང་གཏམ་སྐྱོར་བའི་སྣོད་ཆས་མེད་ཅེས་པ་སྟེ་གཏམ་གཏོང་དུས་གཏམ་གཏོང་ཆོག་མིན་དང་དགོས་པ་ཡོད་མེད་མཇུག་འབྲས་ཅི་ཡོང་སོགས་ལ་སྔ་བསམ་ཕྱི་བསམ་གང་མང་བྱ་དགོས་པ་ལས་བསམ་ཚད་ཁ་ནས་བཏོན་ན་ཆག་སྒོ་མགོ་ཐོག་ཏུ་བབས་ངེས་པའི་གནས་ལུགས་བསྟན།

24གྲོས་མི་ལ་དྲིས། གྲོས་ཐག་རང་གིས་གཅོད། 

བྱ་བ་གང་ཞིག་ཡིན་རུང་བྱ་བའི་སྒྲུབ་ལུགས་དང་དགེ་སྐྱོན་སྤང་བླང་སོགས་ཀྱི་ཐད་མི་གཞན་ལ་གྲོས་འདྲི་བྱ་དགོས་ཀྱང་ཐམས་ཅད་གཞན་གྱིས་ཟེར་བར་བཞིན་མི་བྱེད་པར་རང་ངོས་ནས་རིག་པས་དཔྱད་པ་ཟབ་མོ་བྱ་དགོས་པའི་དོན་བསྟན།

25གཟར་མོའི་བྲག་ལ་མ་འཛེགས་ན། བདེ་མོའི་ཐང་ལ་སླེབས་མི་ཐུབ། 

དཀའ་ལས་ཁྲག་དྲི་ཚུབ་ཚུབ་མ་རྒྱབ་པར་སྟབས་ལེགས་ཀྱིས་འབྲས་བུ་བཟང་པོ་ཞིག་ཐོབ་དཀའ་བས།ང་ཚོས་སློབ་སྦྱོང་དང་བྱ་བ་སྒྲུབ་པའི་བརྒྱུད་རིམ་ནང་གནས་སྐབས་ཀྱི་དཀའ་ངལ་ལ་ཇི་མི་སྙམ་པར་ ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་བསྒྲུབ་དགོས་པའི་གནས་ལ་ཡོགསས་བསྟན།

26སེམས་ངན་མི་ལ་བྱས་ན།  བྱ་ངན་རང་ལ་འཁོར།

ལས་འབྲས་མི་བསླུ་ཞིང་ངན་པའི་རྒྱུར་ངན་པའི་འབྲས་བུ་འབྱུང་ངེས་ཏེ།   མི་གཞན་ལ་སེམས་ངན་བྱས་ན་དེའི་འབྲས་བུ་རང་གི་མགོ་ཐོག་ཏུ་འབབ་རྒྱུ་ཡིན་པ་གཏན་འཁེལ་ཡིན་པས། མི་གཞན་ལ་སེམས་ངན་བཅངས་མི་རུང་བའི་གནས་ལུགས་དབུ་སྟོན་ཡོད།

27རང་སྐྱོན་སྦར་མོས་བཀབ། གཞན་སྐྱོན་སེན་མོས་འདྲུ།

གཞན་སྐྱོན་རིག་སླ་ཞིང་རང་སྐྱོན་མཐོང་དཀའ་བས་མི་གཞན་ལ་འཕྱ་དམོད་མི་བྱེད་པར་རང་གིས་སྐྱོན་སེལ་དགོས་པའི་དོན་བསྟན།

28བཟའ་རྒྱུ་འཐུང་རྒྱུ་མང་ན་དགའ། ལབ་རྒྱུ་གླེང་རྒྱུ་ཉུང་ན་དགའ།

བཟའ་བཏུང་གི་ལོངས་སྤྱོད་མང་ན་དགའ་བ་དང་མི་ཞན་ཚུན་བར་ལ་ལབ་རྒྱུ་དང་གླེང་རྒྱུ་ཉུང་ན་དགའ་ཞེས་པ་སྟེ།མི་གཞན་གྱི་ལེགས་ཉེས་སོགས་ཀྱི་སྐོར་ལ་ལབ་གླེང་མི་བྱ་ལ་རང་ཉིད་ཀྱི་བྱ་བའི་བཏང་འཛིན་ལེགས་པོ་བྱས་ནས་གཞན་གྱི་གླེང་གཞིར་མི་གྱུར་བ་བྱ་དགོས་ཞེས་པའི་དོན།

29ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ།

ཕོ་རབ་ཀྱི་བློ་རྩེ་ནི་འཇིག་རྟེན་ན་ཤིན་ཏུ་ལེགས་པ་མཆོག་ཏུ་གྱུར་བ་ཞིག་ཡིན་ཡང་དེ་ལས་ཀྱང་ལེགས་པ་ནི་ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་ཞེས་པ་སྟེ། སློབ་སྦྱོང་དང་ལས་དོན་ཁྲོད་མི་ཕན་ཚུན་བར་གྲོས་བསྡུར་བྱ་དགོས་པའི་གལ་ཆེའི་རང་བཞིན་བསྟན་ཡོད།

 

编辑:米玛多吉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心