མཛུབ་མོའི་རིས་དབྱིབས་སྟེང་ལོ་རྟགས་བཤད་པ།
རྟ་1 སྦྲུལ་ལོ2 འབྲུག་ལོ3 ཡོས་ལོ4 སྟག་ལོ5 གླང་ལོ6 བྱི་བ་ལོ7 ཕག་ལོ8 ཁྱི་ལོ9 བྱ་ལོ10 སྤྲེལ་ལོ11 ལུག་ལོ12ཞེས་བརྩི་བར་བྱའོ། །ཡང(སྤྱི་ལོ1991)ལོར་མཚོན་ན་གནམ་ལོ་ལུག་ཡིན་པས་ལུག་ལ་ལོ1 རྟ་ལ་ལོ2ཞེས་རིགས་བསྒྲེས་ཤིང་། 1ནས13བར་དང13ནས25བར་སོགས་ལོ་ཀེག་ནས་འགོ་བརྩམས་ཏེ་བརྩིས་ཀྱང་ཤེས་སླའོ། །
ལོ་ཐོའི་རེའུ་མིག་ནང་གི་དེ་འོག་ཨང་ཀི་ནི་སྐྱེས་པ་དང་བུད་མེད་གང་ཡིན་ཡང་རང་ཉིད་སྐྱེས་པའི་ལོ་དེའི་དབུས་སྨེ་སྟེ་འདིར་རེའུ་མིག་ནང་ཨང་ཀི3བཀོད་པ་ནི་སྤྱི་ལོ1990ལོར་རང་ལོ12སོན་པ་དེའི་སྐྱེས་སྨེ་སྨེ་བ་གསུམ་མཐིང་ཡིན་ཞེས་པའི་དོན་དོ། །སྨེ་བ་ལ་དབྱེ་ན་དགུ་ཡོད་པ་སྟེ། གཅིག་དཀར། གཉིས་ནག གསུམ་མཐིང་། བཞི་ལྗང་། ལྔ་སེར། དྲུག་དཀར། བདུན་དམར། བརྒྱད་དཀར། དགུ་དམར་བཅས་སོ། །དེ་རྣམས་ཁམས་ལ་སྦྱར་ན་དཀར་གསུམ་ལྕགས་ཀྱི་ཁམས། གཉིས་ནག་གསུམ་མཐིང་ཆུ་ཁམས། བཞི་ལྗང་ཤིང་གི་ཁམས། ལྔ་སེར་ས་ཁམས། བདུན་དམར་དང་དགུ་དམར་མེ་ཁམས་ཡིན། སྐྱེས་སྨེའི་འབྲས་བུ་ལས་དུས་ཤེས་རྣམས་ཀྱིས། བསྡུས་པའི་ཚེ་རྩིས་རྒྱག་པ་དང་། གསོན་པོའི་འཁྲུངས་རྟགས་འདོན་པ་སོགས་བོད་རིགས་ཁུལ་དུ་བྱེད་སྲོལ་ཡོད།
དེ་རྗེས་རེའུ་མིག་གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ནང་གི་སྒོར་ཐིག་གཅིག(༚)སྒོར་ཐིག་གཉིས(༛)སྒོར་ཐིག་གསུམ(༜)བརྩེགས་མ་བཅས་ནི་རྡེལ་དཀར་པོ་མཚོན་བྱེད་དང་། སྒྱུར་རྟགས་འདྲ་བ་གཅིག(༝)གཉིས(༞)ནི་རྡེལ་ནག་མཚོན་བྱེད་ཡིན་ལ་སྒོར་ཐིག་གཅིག་དང་སྒྱུར་རྟགས་འདྲ་བ་གཅིག(༚༝)མཉམ་དུ་ཡོད་པ་ནི་རྡེལ་དཀར་ནག་གཉིས་མཚོན་བྱེད་ཡིན། དེ་ཡང་སྤྱི་ལོ1990ལོར་ལོ12བྱས་པ་དེ་རང་ལ་མཚོན་ན། སྲོག་རྡེལ་དཀར་པོ་གསུམ(༜)དང་། ལུས་རྡེལ་དཀར་ནག་གཉིས(༚༝)དབང་རྡེལ་དཀར་ནག་གཉིས(༚༝)རླུང་རྡེལ་དཀར་པོ་གཉིས(༛)བླ་རྡེལ་དཀར་པོ་གསུམ(༜)བཅས་ཟེར་ཞིང་། རང་རང་ལོ་རྟགས་ཀྱི་ཐད་འོག་གི་སྲོག་རྡེལ། ལུས་རྡེལ། དབང་རྡེལ། ཀླུང་རྡེལ། བླ་རྡེལ་རྣམས་དཀར་པོ(༚)བབས་ན་བཟང་བ་དང་། ནག་པོ(༝)བབས་ན་ངན་པ། རྡེལ་ཡོངས་རྫོགས་དཀར་ན་བཟང་ཐལ་ཆེ་བ་སོགས་རྩིས་གཞུང་ནང་གསུངས།
རེའུ་མིག་བདུན་པའི་ནང་གི་གླང་བྱ་ཞེས་པ་ནི་གཡས་གཡོན་ཕོ་མོའི་ལོག་མིན་ཞེས་པ་དེ་ཡིན་ཞིང་། སྤྱི་ལོ1990ལོར་ལོ12སོན་པ་དེ་སྐྱེས་པ་ཡིན་ན་ལོག་མེན་གླང་དང་བུད་མེད་ཡིན་ན་ལོག་མེན་བྱ་ཡིན་ཞེས་པའི་དོན་ཡིན། དཔེར་ན། ལོག་མེན་ཕོ་ཁྱི་མོ་འབྲུག་ལ་གནམ་སྒོ་བབས་པས་ཁང་པའི་ཐོག་མི་འབུབ་ལྟ་བུའོ། །
རེའུ་མིག་བརྒྱད་པའི་ནང་གི་སྟེང་འོག་ཕོ་མོའི་སྤར་ཁ་དང་དབུས་བབས་སྨེ་བ་ཞེས་པ་ལས་རེའུ་མིག་ནང་སྟེང་དུ་ཁེན་ཞེས་པ་ནི་རང་ལོ་བཅུ་གཉིས་སོན་པ་དེ་སྐྱེས་པ་ཡིན་ན་ལོ་འདིར་སྤར་ཁ་ཁེན་ཡིན་པ་དང་། དེ་འོག་ཨང་ཀི2དེ་སྨེ་བའི་མཚོན་རྟགས་ཡིན་ཞིང་། རང་ལོ་བཅུ་གཉིས་སོན་པ་དེ་ལོ་འདིར་ཕོ་མོ་ཁྱད་མེད་སྨེ་བ་གཉིས་ནག་ལ་བབས་པ་ཡིན་ཞེས་པའི་དོན་ཡིན་ནོ། །