སྤྱི་ལོ༢༠༢༡ལོའི་ཟླ༡༠ཚེས༡༦ནས་ཚེས༡༧ཉིན་བར་ཉིན་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་སློབ་ཐོན་འཛིན་གྲྭའི་ཟླ་རྒྱུགས་དང་པོ་དེ་བཏང་བ་རེད།
དམའ་འབྲིང་ལོ་རིམ་དགུ་པའི་སློབ་དུས་དང་པོའི་སློབ་འགོ་ཚུགས་པ་ནས་རིམ་བཞིན་སློབ་མའི་སྦྱངས་འབྲས་བརྟག་པ་དང་། སྦྱངས་ འབྲས་ཚད་ལེན་གྱི་ཡིག་རྒྱུགས་ལ་ཁ་གཏད་གཅོག་ཐབས་ཀྱི་སྦྱོང་བརྡར་བྱེད་སྒོ་སྤེལ་ཏེ། ལོ་ལྟར་འཆར་ཅན་བཞིན་ཟླ་རེའི་ནང་དུ་ཡིག་རྒྱུགས་རེ་ གཏོང་བཞིན་ཡོད། ད་ཐེངས་ཡིག་རྒྱུགས་ཀྱི་ནང་དོན་ཁག་སྔར་སོང་གི་སྲོལ་རྒྱུན་བཅོས་བཟོ་བྱ་ཐབས་ལས་ཡོངས་སུ་འདས་ཏེ་དྲ་རྒྱའི་ལམ་ནས་ བཅོས་བཟོ་བྱ་རྒྱུ་ཡིན་པས། དགེ་རྒན་རང་ངོས་ནས་ཡིག་རྒྱུགས་བཏོན་སྟངས་དང་། སློབ་མས་ཡིག་རྒྱུགས་ལ་ལན་འདེབས་བྱ་ཚུལ་གྱི་དེང་རབས་ལག་རྩལ་དང་ཆ་རྐྱེན་དེ་ས་སྐྱ་སློབ་འབྲིང་སྒེར་ཚུགས་ཀྱི་རྣམ་པ་གསར་ཀྱང་ཅན་དུ་འགྱུར་ཐུབ་པ་བྱུང་ཡོད།
དེས་ན་རང་སློབ་གྲྭའི་རྒལ་ལགས་ཕལ་མོ་ཆེ་བ་ཞིག་ལས་དེར་ཐོག་མར་འཇུག་པ་ཙམ་ཡིན་ལ། སློབ་གྲྭས་གྲ་སྒྲིག་བྱས་པའི་སྒྲིག་ཆས་དང་སྤྱོད་ཆས་རྣམས་གསར་རྐྱང་ཅན་ཡིན་པར་བརྟེན། ལས་ཀྱི་མྱོང་བ་མེད་པ་དང་། འཕྲུལ་ཆས་བཀོལ་སྤྱོད་བྱེད་པའི་ཐབས་ལམ་མི་ཪྙེད་པ་སོགས་ཀྱི་རྐྱེན་པས་ཐམས་ཅད་འཚོལ་ཞིབ་ཀྱི་གནས་སུ་ལྷུང་བས། གློག་ཀླད་ནང་སྒྲིག་གཞི་བཀོད་སྒྲིག་ཚུལ་དང་སློབ་མའི་ལན་འདེབས་ཤོག་བྱང་བཤར་ འབེབས་བྱེད་ཚུལ། ནང་དོན་བགོ་བཤའ་རྒྱག་ཚུལ། སྐར་མ་གཏན་འཁེལ་བྱ་ཚུལ། དྲ་ལམ་ཁྱབ་ཁོངས་གཏན་འཁེལ་སོགས་ལས་གང་སྤྱིའི་ཐད་ ལ་དཀའ་ངལ་མི་ཉུང་བ་ཞིག་ཕྲད་ཀྱང་། སློབ་སྟོན་ཁྲུའུ་ཡི་ལས་མི་རྣམ་པ་དང་། ཡང་སྒོས་ལོ་རིམ་གསུམ་པའི་སློབ་ཁྲིད་དགེ་རྒན་རྣམས་ཀྱིས་ངལ་གསོའི་དུས་ཚོད་བློས་གཏོང་གིས་ཐུན་མོང་ཐོག་ཕྱར་བ་གྲུ་འདེགས་ཀྱིས་རྒྱུགས་ཚད་གཏོང་བའི་ལས་སྒོར་ཞུགས་པ་དང་། རང་འགུལ་གྱིས་ཡིག་ རྒྱུགས་བཅོས་བཟོའི་ལས་དོན་སྤེལ་བས། ལས་འགན་བདེ་བླགས་ངང་ལེགས་གྲུབ་ཐུབ་པ་བྱུང་སོང་།
ད་ཐེངས་ཀྱི་ལས་དོན་འདི་སྤེལ་བ་བརྒྱུད། རང་ས་སྐྱ་རྫོང་སློབ་འབྲིང་གི་དབུ་ཁྲིད་རྣམ་པས་ཡང་དག་པའི་འགོ་ཁྲིད་དང་། ཡང་དག་པའི་མཛུབ་སྟོན། ཡང་དག་པའི་མཛད་ཇུས་བཅས་ལ་བརྟེན་ནས་དགེ་རྒན་རྣམས་ཀྱིས་གཞུང་དོན་ལ་ཁྲལ་སེལ་སླ་བཅོས་དང་གཡོ་ཟོལ་མེད་པར། ཐུན་མོང་གི་གྲུབ་འབྲས་ལ་ཡར་རྒྱས་བརྩོན་ལེན་བྱས་པས། རིང་མིན་འབྲས་བཟང་ཐོབ་རྒྱུ་གོར་མ་ཆག་གོ།