当前位置: 首页 > 特色藏文 > 解析藏文教材《读颂文的感受》

解析藏文教材《读颂文的感受》

2019年03月25日 23:23:31 访问量:166
བསྟོད་པ་བཀླགས་པའི་འཆར་སྣང་གི་དོན་འགྲེལ་རང་གྲོལ་དགོངས་རྒྱན།དྲག་བཙན་རང་གྲོལ། དྲག་བཙན།:གཉའ་བློ་གྲོས་རྒྱལ་མཚན།རང་གྲོལ།:དོན་གྲུབ་རྒྱལ།མཁས་པའི་ཕྲག་གི་ཐེམ་སྐས་ལ།           རྩོམ་གྱི་རྐང་སྟེགས་འཇོག་མཁས་པའི་།མཁས་རློམ་གཞོན་ནུར་གུས་བཏུད་དེ།         བསྟོད་པའི་དཔྱད་པ་འདི་ཙམ་ཤོར།ཞེས་པའི་དོན་ནི་སྔོན་གྱི་དུས་རབས་རྣམས་སུ་བྱོན་མྱོང་བའི་གངས་ཅན་བོད་ཀྱི་མཁས་དབང་དམ་པ་རིམ་བྱོན་རྣམས་ཀྱི་རིག་གནས་ རླབས་ཆེ་བ་དག་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱུན་འཛིན་དང་གསར་གཏོད་དར་སྤེལ་གནང་བ་ཡིན་ལ།  ཁྱད་པར་སྙན་དག་དང་རྟོགས་བརྗོད།ལེགས་བཤད།བསྟོད་པ།སོགས་རྩོམ་སྟངས་དང་མཚོན་ཐབས་མི་འདྲ་བ་སྣ་ཚོགས་གསར་གཏོད་ཀྱི་སྒོ་ནས་བོད་གངས་ཅན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གནས་བ་ལགས་ན། གསར་གཏོད་པ་ཁོང་ རྣམས་ནི་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བཀུར་ཞིང་འདུད་པར་བྱ་བའི་ཡུལ་དུ་འགྱུར་མོད་ཀྱང་། འོན་ཀྱང་གསར་གཏོད་ཀྱི་རང་ཉམས་ཅི་ཡང་མེད་ཅིང་ལད་མོ་ཁོ་ན་གསར་རྩོམ་གྱི་སྤྱི་ཆོས་སུ་འཛིན་པའི་དེང་གི་རྩོམ་པ་པོ་ཁག་ཅིག་ནི་སེང་གེའི་ལྷག་མ་ཟ་བའི་ཝ་སྐྱེས་ཀྱི་ངང་ཚུལ་གྱིས་བསྟོད་རྩོམ་གྱི་སྲོལ་རྒྱུན་རྩོམ་སྟངས་ཁོ་ནར་ལད་མོ་བྱས་ཏེ་ བསྟོད་རྩོམ་འགའ་རེ་བྲིས་ཏེ་རྩོམ་མཁན་མཁས་པར་རློམ་པའི་ང་རྒྱལ་ཁེངས་དྲེགས་ཀྱིས་གནའ་དེང་གི་མཁས་པ་དེ་ དག་གི་ལུས་ཀྱི་མཐོ་ཤོས་སྐེ་འམ་ཕྲག་པ་ལ་ཡང་བསྟོད་རྩོམ་གྱི་རྐང་པས་བརྫིས་ཤིང་འཇོག་མཁས་པའི་མཁས་རློམ་ གཞོན་ནུ་འདི་དག་ལ་བདག་གིས་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ་ཞེས་པའོ། དེ་ལྟར་བཀུར་འོས་མ་ཡིན་ཞིང་ཕྱག་བྱ་བའི་ཡུལ་དུའང་མ་གྱུར་བ་ལ་རྩོམ་པ་པོ་ཁོང་གིས་བསམ་བཞིན་དུ་གུས་པའི་སྒོ་ནས་ཕྱག་འཚལ་བ་ནི་འོས་སུ་མ་མཆིས་པས་ན་དོན་གྱིས་ནི་བསྟོད་རྩོམ་རེ་གཉིས་བརྩམས་ཏེརྩོམ་མཁན་མཁས་པའི་གོ་སར་འགྱིང་པའི་ མཁས་རློམ་རྣམས་ལ་ལྡོག་ཕྱོགས་ནས་ཟུར་ཟ་བྱས་པའོ།  དེ་ལྟར་བཀུར་མི་འོས་པ་འདི་དག་ལ་གུས་པའི་སྒོ་ནས་ཕྱག་འཚལ་ཏེ།ད་ནི་སྐབས་སུ་བབས་པའི་དོན་གང་ལ་དཔྱད་གསུམ་དག་པའི་སྒོ་ནས་དཔྱད་པ་ཞིག་གཏོང་ཞེ་ན།དེང་གི་དུས་དེར་(དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུའི་ དུས་མགོ)ང་ཚོ་བོད་ཀྱི་རྩོམ་རིགས་གསར་རྩོམ་གྱི་བྱ་བ་ལ་ཡིད་སྐྱོ་བའི་སྣང་ཚུལ་ཞིག་བྱུང་བ་སྟེ། རྩོམ་རིག་གི་དུས་དེབ་དང་ཚགས་པར་སོགས་ཕལ་ཆེར་བསྟོད་རྩོམ་གྱིས་ཁྱབ་སྟེ་རྩོམ་ལུས་སྣ་རྐྱང་ཅན་དུ་གྱུར་ཅིང་གླུ་བརྒྱ་ངག་ཅིག་གི་རྣམ་པར་སོང་བས་བོད་ཀྱི་རྩོམ་རིགས་གསར་རྩོམ་གྱི་རང་མདངས་ཉམས་ཤིང་འཚོ་བའི་བདེན་སྣང་དང་བྲལ་བ་།སྒྱུ་རྩལ་གྱི་རིན་ཐང་ཡལ་བ།བསམ་བློ་ཡར་སྐུལ་གྱི་ནུས་པ་ཞན་པ་སོགས་བསྟོད་རྩོམ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་བྱུང་བ་ལ་ངས་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་པ་འདི་ཙམ་ཞིག་བློ་ལས་བྱུང་ཞིང་ངག་ལས་ཤོར་རོ་ཞེས་པའོ།
编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心