当前位置: 首页 > 特色藏文 > 解析藏文教材《读颂文的感受》一文

解析藏文教材《读颂文的感受》一文

2019年03月25日 23:35:26 访问量:153
མཁའ་ལྡིང་མགྲིན་པའི་ཕུག་པ་རུ།        ནེ་ཙོའི་རོ་འཛིན་མི་མཛེས་ཀྱང་།འདི་དག་སྨྲ་བའི་རྒྱལ་པོ་མཆོག།         དབྱངས་ཅན་དགའ་མས་འཁྱུད་འདི་མཚར།ཞེས་པའི་དོན་ནི་འདབ་ཆགས་བྱ་ཡི་རྒྱལ་པོ་ཁྱུང་ཆེན་ནམ་མཁའ་ལྡིང་གི་མགྲིན་པའི་ཕུག་པ་རུ་ཚིག་འཇམ་བསྟོད་ ཚིག་མཁས་པའི་ནེ་ཙོའི་རོ་འཛིན་དེ་མི་མཛེས་ཀྱང་ཞེས་པ་སྟེ།དོན་ནི་རིག་གནས་གསར་པ་དང་བསམ་བློ་གསར་པ་ དར་བཞིན་པའི་ད་ལྟའི་སྤྱི་ཚོགས་འདིར་གསར་གཏོད་དང་འཕེལ་རྒྱས་ཀྱི་རྣམ་པ་ཅི་ཡང་མེད་པར་སྲོལ་རྒྱུན་གྱི་ བསྟོད་རྩོམ་ཁོ་ན་ལད་འབྲི་བྱས་པ་ནིདུས་རབས་ཀྱི་ཁྱད་ཆོས་དང་སྤྱི་་ཚོགས་ཀྱི་དགོས་མཁོ་གང་ལ་ཡང་མི་འཚམས་ པས་བསྟོད་རྩོམ་ཁོ་ན་འབྲི་བའི་ལས་དེ་ནི་མཁས་པའི་ངག་ལ་མི་མཛེས་ཤིང་ལས་སུ་བྱ་བ་གལ་ཆེན་དུའང་མ་མཐོང་མོད།འོན་ཀྱང་བླུན་པོ་མཁས་པར་བརྫུས་པའི་རྩོམ་པ་པོ་འགའ་ཞིག་ནི་སྤྱི་ཚོགས་དང་དུས་རབས་ཀྱིའགན་འཁྲི་བླ་ན་མེད་པ་དེ་རྩྭ་ལྟར་དོར་ནས་རང་ཉིད་སྤྲོ་བ་སྐྱེད་བྱེད་དང་བླུན་པོའི་ངོ་མཚར་སྐྱེད་བྱེད་དུ་བརྗོད་བྱ་དོན་གྱིས་སྟོང་ ཞིང་རྗོད་ཚིག་འུད་བརྗོད་དང་རྟོགས་བཟོ་སོགས་ཀྱིས་བསྟོད་པ་ཐལ་དྲགས་པའི་བསྟོད་རྩོམ་ཁོ་ན་བྲིས་ཏེ་རང་གཞན་གཉིས་ཀ་བསླུ་བར་བྱེད་པའི་བྱ་བ་ལ་གཅིག་ཏུ་བརྩོན་པ་རྣམས་དང་བསྟོད་རྩོམ་བརྩམས་ནས་མཁས་པའི་གོ་འཕང་ བདེ་བླག་གིས་འཐོབ་པར་རེ་བའི་བསྟོད་རྩོམ་པ་དེ་དག་གི་སྨྲ་བའི་རྒྱལ་པོ་སྟེ་ལྕེའི་དབང་པོ་ལ་ནི་སྙན་ངག་གི་ལྷ་མོ་ དབྱངས་ཅན་མའི་དགའ་མ་དེས་འཁྱུད་པ་འདི་ནི་ཤིན་ཏུ་ཁྱད་མཚར་རོ་ཞེས་ལྷ་མོ་དབྱངས་ཅན་མ་དང་རྒྱང་ཐག་ རིང་བའི་བསྟོད་རྩོམ་པ་དེ་དག་ཡི་དམ་ལྷ་མོའི་རྗེས་སུ་བཟུང་བར་སྒྲོ་བཏགས་ནས་བསྟོད་པའི་ཟོལ་གྱིས་སྨད་དེ་ བསྟོད་རྩོམ་འབྲི་བ་ལ་ཟུར་ཟ་དང་སུན་འབྱིན་བྱས་ཡོད།མཁས་པས་གསོལ་འདེབས་བརྒྱ་བྱས་ཀྱང་།           ངག་གི་དབང་ཕྱུག་མ་གྲུབ་པར།འདི་དག་བསྟོད་ཚིག་ཡ་གཅིག་གིས།              དབྱངས་ཅན་ཁུགས་པ་དེ་བས་མཚར།ཞེས་པའི་དོན་ནི། སྔོན་གྱི་མཁས་པ་ང་པོས་ཀྱང་་སྙན་ངག་གི་ལྷ་ཁྱད་པར་ཅན་ལྷ་མོ་དབྱངས་ཅན་མའི་་སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ཡོན་ཏན་ལ་བསྟོད་ཅིང་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་སམ་བསྟོད་པ་ལན་གཅིག་མ་ཡིན་པར་ཐེངས་བརྒྱ་ ཕྲག་དུ་མར་བྱས་ན་ཡང་བསྟོད་ཚིག་ཁོ་ནའི་ངག་གི་སྦྱོར་བ་དེས་སྨྲ་བ་ངག་གི་དཔལ་ལ་དབང་འབྱོར་བའི་ངག་གི་ དབང་ཕྱུག་གམ་ག་གི་དངོས་གྲུབ་མ་གྲུབ་པར་།ད་སྐབས་བསྟོད་ཚིག་ཡ་གཅིག་ཙམ་ངག་ཏུ་གྱེར་བའི་བླུན་པོ་འགའ་ ཞིག་ནི་ཤིན་ཏུ་ལས་སླ་བའི་སྒོ་ནས་བསྐལ་བར་ཁུགས་དཀའ་བའི་ལྷ་མོ་དབྱངས་ཅན་མ་རང་གི་སྙན་ངག་གི་གྲོགས་སུ་ཁུགས་པ་ནི་ཤིན་ཏུ་ནས་ཀྱང་མཚར་རོ་ཞེས་རྩོམ་མཁན་མཁས་པར་རློམ་པའི་བསྟོད་རྩོམ་པ་རྣམས་ལ་ཟུར་ཟ་དང་ སུན་འབྱིན་བྱས་ཡོད།དེ་ཡང་བསམ་བློའི་རིན་ཐ་དང་སྒྱུ་རྩལ་གྱི་རིན་ཐང་གང་ཡང་མེད་པའི་བསྟོད་རྩོམ་འགའ་བྲིས་ནས་སྤྱི་ཚོགས་དང་བསམ་བློའི་སྣེ་ཁྲིད་མཁན་གྱི་རྩོམ་པ་པོའི་གོ་སར་འགྱིང་བ་དེ་དགག་ནས་སྤྱིར་རྩོམ་པ་པོ་ཞིག་ཡིན་ཕྱིན་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ཞིང་སྦྱངས་སྟོབས་ཀྱི་ཡོན་ཏན་ལྡན་པ།མཐོང་རྒྱ་ཆེ་ཞིང་བློ་ཁོག་ཡངས་པ།འཚོ་བའི་ ཉམས་མྱོང་ཟབ་ཅིང་སྒྱུ་རྩལ་ལགལེན་ལ་མཁས་པ། རྩོམ་རྩལ་རྫོགས་ཤིང་རྩོམ་གཤིས་ཆགས་པ་བཅས་ཀྱི་ཆ་རྐྱེན་ལྡན་དགོས་པ་རྒྱུ་མཚན་གྱིས་བསྟན་ཅིང་། ཆ་རྐྱེན་དེ་དག་དང་ལྡན་ན་ད་གཟོད་ལྷ་མོ་དབྱངས་ཅན་མ་རང་གི་གྲོགས་སུ་ ཁུགས་ཤིང་རྩོམ་མཁན་མཁས་པའི་གྲལ་དུ་འདུག་ལ་དབང་ངོ་ཞེས་གསུངས་སོ།
编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心