当前位置: 首页 > 特色藏文 > 解析藏文教材中的《读颂文的感受》一文

解析藏文教材中的《读颂文的感受》一文

2019年03月25日 23:28:10 访问量:177
རིག་རྩོམ་དེབ་ཀྱི་གངས་ཁྲོད་དུ།           བསྟོད་ཚིག་གཡུ་རལ་གསིག་པ་ཡི།འདམ་གྱི་གདོང་ལྔ་འགའ་ཞིག་གིས།       ཆོ་ངེ་སྒྲ་ལ་ངོ་མཚར་འཛིན།ཞེས་པའི་དོན་ནི། དེང་གི་དུས་འདིར་ང་ཚོ་བོད་ཀྱི་རྩོམ་རིག་དུས་དེབ་ཀྱི་གངས་རིའི་ཁྲོད་འདིར་བསྟོད་ཚིག་གི་གཡུ་རལ་གནམ་དུ་ གསིག་པའི་འདམ་སེང་འགའ་ཞིག་གིསརང་ཉིད་ཀྱི་འཛེར་བའི་མི་སྙན་པའི་ངུ་འབོད་ཀྱི་སྒྲའམ་ཆོ་ངེ་སྒྲ་གསང་མཐོར་སྒྲོགས་པ་ལ་ངོ་མཚར་དུ་འཛིན་པ་ནི་ཤིན་ཏུ་འཁྲུལ་ལོ་ཞེས་པ་སྟེ།དེམྱང་གཡུ་གི་རལ་པ་ལྗང་ཁུ་ནི་གངས་སེང་དཀར་མོའི་ཁྱད་ཆོས་ཁོ་ན་་ཡིན་པ་ལས་འདམ་སེང་གི་ཁྱད་ཆོས་ནི་མ་ཡིན་བཞིན་དུ།རྩོམ་པ་པོས་འདམ་སེང་གི་གཡུ་རལ་ གསིག་པར་བཤད་པ་ནི་སེང་གེ་རྫུན་མ་མཐོར་སྒྲོགས་པ་ལ་ངོ་མཚར་དུ་འཛིན་པ་ནི་ཤིན་ཏུ་འཁྲུལ་ལོ་ཞེས་པ་སྟེ།དེམྱང་གཡུ་གི་རལ་པ་ལྗང་ཁུ་ནི་གངས་སེང་དཀར་མོའི་ཁྱད་ཆོས་ཁོ་ན་་ཡིན་པ་ལས་འདམ་སེང་གི་ཁྱད་ཆོས་ནི་མ་ཡིན་བཞིན་དུ།རྩོམ་པ་པོས་འདམ་སེང་གི་གཡུ་རལ་ གསིག་པར་བཤད་པ་ནི་སེང་གེ་རྫུན་མ་ཡིན་པར་སྟོན་པ་ཏེ། དོན་ནི་བསྟོད་རྩོམ་འབྲི་འགའ་ཞིག་ནིརིག་གནས་ཆུ་ ཚད་དམའ་ཞིང་སྒྱུ་རྩལ་ལག་ལེན་གྱི་ཉམས་མྱོང་མེད་པ།རྩོམ་རྩལ་དང་རྩོམ་གཤིས་མེད་ཅི་ཡང་མེད་བཞིན་དུ་བསྟོད་རྩོམ་བྲིས་ཏེ་རྩོམ་མཁན་མཁས་པའི་གོ་སར་འགྱིང་པ་རྣམས་ལ་སུན་འབྱིན་དང་ཟུར་ཟ་བྱས་ཡོད།ཡང་སེང་གེ་རྫུན་མ་དེ་དག་གིས་འཛེར་བའི་ཆོ་ངེ་སྒྲ་ལ་ངོ་མཚར་བའི་རྒྱུ་ཅི་ཡང་མེད་པ་བཞིན་དུ།བསྟོད་རྩོམ་པ་འགའ་ཞིག་གིས་རྩོམ་ རིག་གི་རྩོམ་སྟངས་སྔ་སྒྱུ་རྩལ་གྱི་མཚོན་སྟངས་སྣ་མང་ཡོད་པ་དེ་དག་ཡལ་བར་དོར་ནས་རྗོད་བྱེད་ཚིག་ཁོ་ན་འུད་ བསྟོད་དང་སྒྲོ་འདོགས།རྟོག་བཟོ་སོགས་ཚིག་གི་སྤྲོས་ཤོས་ཆེ་ན་ཡང་བརྗོད་བྱའི་དོན་ལ་འཚོ་བའི་བདེན་སྣང་གི་རང་ བཞིན་ཅི་ཡང་མེད་པའི་བསྟོད་རྩོམ་དང་བསྟོད་རྩོམ་གྱི་འབྲི་སྟངས་འདི་ཉིད་གཅིག་པུ་ལ་ངོ་མཚར་དུ་འཛིན་པ་ནི་ རྩོམ་རིག་གི་ངོ་མཚར་ཡང་མ་རྟོགས་པའི་བླུན་པོའི་ངོ་མཚར་ཙམ་མོ་ཞེས་པའོ།རྩོམ་པ་པོས་རྩོམ་རིག་དུས་དེབ་ནི་རྩོམ་རིག་གསར་རྩོམ་གྱི་ཞིང་ས་གཤིན་པོ་ཡིན་ལ་།ང་ཚོས་རྩོམ་རིག་གི་ཞིང་ས་གཤིན་པོ་འདིར་བསྟོད་རྩོམ་ཁོ་ན་འབྲི་བའི་ལས་དོན་དེ་དོར་ནས་རྩོམ་ལུས་མི་འདྲ་བ་དང་རྩོམ་སྟངས་མི་འདྲ་བ་ རྩོམ་ཚུལ་མི་འདྲ་བའི་སྒྱུ་རྩལ་གྱི་མཚོན་ཐབས་སྣ་ཚོགས་ལ་སྦྱར་ཏེ་འཚོ་བའི་བདེན་པ་མཚོན་པའི་སྒྱུ་རྩལ་གྱི་སྣང་ བརྙན་སྣ་ཚོགས་གསར་བཞེངསབྱས་ཏེ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འཕེལ་ རྒྱས་སུ་གཏོང་དགོས་པའི་གནས་ལུགས་གསལ་བར་བསྟན་ཡོད།
编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心