当前位置: 首页 > 通知公告 > 萨迦县中学藏文组举行2017-2018年藏文智力竞赛颁奖活动

萨迦县中学藏文组举行2017-2018年藏文智力竞赛颁奖活动

2018年10月26日 12:46:47 访问量:204

རིག་སྟོབས་འགྲན་བསྡུར་གྱི་གཟིགས་གཟོས་སྤྲོད་པའི་བྱེད་སྒོ་སྤེལ་བ།

        སྤྱི་ལོ༢༠༡༨ལོའི་ཟླ༡༠ཚེས༡༥ཉིན་གྱི་ཞོགས་པ་རེ་གཟའ་ཟླ་བའི་རྒྱལ་དར་བསྒྲེངས་བའི་དུས་སྐབས་དང་བསྟུན་ནས།   སློབ་དུས་གོང་མའི་སྐབས་སུ་རང་སློབ་གྲྭའི་སློབ་དཔྱོད་ཁང་དང་བོད་ཡིག་ཚོ་ཆུང་གིས་མཉམ་དུ་གཉེར་བའི་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་མ་ཚོགས་པ་ཆེ་བ་གཉིས་སུ་བགོ་འགྲེམས་བྱས་ཏེ་རིག་སྟོབས་འགྲན་བསྡུར་གྱི་བྱེད་སྒོར་བྱ་དགའ་བདག་རྐྱེན་སྤྲད་པ་རེད།

        རིག་སྟོབས་འགྲན་བསྡུར་གྱི་ནང་དོན་ཐད།   ཐོག་མར་བསླབ་གཞིར་འཁོད་པའི་ནང་དོན་གཙོར་འཇོག་བྱས་ཡོད་པ་དང་།   དེ་ནས་ས་སྐྱའི་ལོ་རྒྱུས་དང་འབྲེལ་བའི་ཤེས་བྱ་དང་ལོ་རྒྱུས་མི་སྣའི་སྐོར།   ཚན་རྩལ་སྐོར་གྱི་ཤེས་བྱ།    ཀུན་སྤྱོད་སློབ་གསོ་དང་མི་གཤིས་གསོ་སྐྱོང་སྐོར་གྱི་ཤེས་བྱ།    རྒྱུན་གཏན་གྱི་གཙང་སྦྲ་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་སོགས་སྣ་མང་ཕུན་སུམ་ཚོགས་པའི་ནང་བཀོད་སྒྲིག་བྱས་ཡོད་པ་དག་སློབ་མའི་སེམས་ཀྱི་མོས་པ་དང་མཐུན་ཆེ་བས་ཐོག་མའི་ཧུར་བརྩོན་གྱི་བསམ་པ་སྐོང་འཐེན་གྱི་ནུས་པ་ཤུགས་ཆེར་ཐོན་ཐུབ་པ་བྱུང་ཡོད་ཅིང་།  བོད་ཡིག་སློབ་ཁྲིད་གནང་མཁན་རྒན་ལགས་ཚང་མ་བྱེད་སྒོའི་ལས་དོན་མི་སྣར་བཀོད་སྒྲིག་བྱས་པས་ཚོགས་རའི་སྒྲིག་ལམ་ཡང་དག་སྲུང་ཐུབ་པ་དང་།   བྱེད་སྒོའི་ནང་དོན་གོ་རིམ་ཇི་བཞིན་ཚགས་ཚུད་པའི་ངང་སྤེལ་ཐུབ་པ་བྱུང་ཡོད།

       ད་ཐེངས་བྱེད་སྒོ་འདིར་ལོ་རིམ་བདུན་པ་དང་ལོ་རིམ་བརྒྱད་པ་གཉིས་རེ་རེ་བཞིན་ཨང་རིམ་དང་པོ་གཅིག་དང་།    གཉིས་པ་གཉིས།    གསུམ་པ་གསུམ།    བསམ་པའི་དཔལ་ཡོན་གྱི་བྱ་དགའ་རེ་བཅས་ལོ་རིམ་རེར་ཁྱོན་བྱ་དགའ་ཐོབ་མཁན་གྱི་འཛིན་གྲྭ་བདུན་རེ་བྱས་པས་བྱ་དགའ་ཐོབ་པའི་ཁྱབ་ཁོངས་རྒྱ་ཆེ་ལ།    བྱ་དགའི་མ་དངུལ་ཅུང་མང་བ་བཅས་བྱུང་བས་སྐུལ་ལྕག་གི་ནུས་པ་མི་དམན་པ་ཐོན་ཐུབ་པ་བྱུང་སོང་།

  • 附件(1个)
  • 10.15知识竞赛颁奖.doc (4437kb) 下载
编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心