当前位置: 首页 > 通知公告 > 萨迦县中学举办汉语普通话培训

萨迦县中学举办汉语普通话培训

2018年10月26日 12:54:50 访问量:145

སྤྱི་སྐད་ཚོད་ལེན་སྦྱོང་བརྡར་བྱེད་སྒོ་སྤེལ་བ།

  ང་སློབ་གྲྭ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ལས་བཟོ་རྣམ་པས་རང་རྟོགས་ངང་སྤྱི་སྐད་ཁྱབ་གདལ་དུ་གཏོང་རྒྱུའི་འདུ་ཤེས་ཤུགས་ཆེར་གཏོང་ཆེད། སྤྱི་ལོ༢༠༡༨ལོའི་ཟླ༡༠ཚེས༥ཉིན་གྱི་ཕྱི་དྲོའི་ཆུ་ཚོད༡༥.༣༠ལ་དུས་ཡུན་སློབ་ཐུནགཉིས་ལྷག་ཙམ་གྱི་དུས་ཚོད་བེད་སྤྱད་དེ་དགེ་རྒན་ཡོངས་ལ་སྤྱི་སྐད་ཚད་ལེན་སྦྱོང་བརྡར་

བྱེད་སྒོ་ཞིག་སྤེལ་བ་རེད། མིག་སྔར་ལྗོངས་ཡོངས་ཀྱི་སྤྱི་སྐད་ཚད་ལེན་གྱི་རྒྱུགས་ཚད་གཏོང་ལ་ཉེ་བའི་སྐབས་འདིར། ང་སློབ་གྲྭས་གདན་ཞུ་བྱས་པ་ལྟར་ གཞིས་ཀ་རྩེ་ལས་རིགས་སློབ་གྲྭ་གཉིས་པའི་རྒན་བཀྲ་གཡང་ལགས་ངོ་ཕེབས་ཀྱིས་སྤྱི་སྐད་ཚད་ལེན་སྐོར་གྱི་སྦྱོང་བརྡར་བྱེད་སྒོ་ཞིག་སྤེལ་གནང་སོང་།    སྦྱོང་བརྡར་བྱེད་པའི་བརྒྱུད་རིམ་ཁྲོད་རང་རྒྱལ་གྱི་སྤྱི་སྐད་ནི་གཙོ་བོ་རང་རྒྱལ་བྱང་ཤར་རྒྱུད་ཀྱི་ཕལ་སྐད་གཙོ་བོར་བྱས་པ་ཡིན་པའི་སྐོར་ངོ་སྤྲོད་ཁ་གསལ་གནང་ཞིང་། ཡིག་འབྲུ་རེ་རེའི་སྒྲ་འདོན་སྟངས་དང་ངོས་འཛིན་བྱ་ཐབས་དང་། གཟུགས་གཅིག་ལ་སྒྲ་འདོན་སྟངས་མི་འདྲ་བའི་ཡེ་གེ་བསྡེབས་ཏེ་ཀློག་སྐབས་ཀྱི་སྒྲའི་ཁྱད་པར། ཡི་གེའི་གོ་སྒྲིག་སྟངས་ལ་གཞིགས་ཏེ་སྒྲ་རྩོལ་དྲག་ཞན་གྱི་འགྱུར་བ་འགྲོ་སྟངས། རྗོད་པ་དང་རྩོམ་ཡིག་ཀློག་པའི་ཚེ་ན་སྒྲ་དག་པ་དང་ཟློས་སྐྱོན་མེད་པར་བཀླགས་ཐབས།  གཏམ་བརྗོད་སྤེལ་བའི་སྐབས་ནང་དོན་རྒྱ་ཆེར་བསམ་ཐུབ་པ་སོགས་བྱེད་དགོས་པའི་སྐོར་འཆད་ཁྲིད་ཞིབ་ཕྲ་གནང་བས་དགེ་ རྒན་ཡོངས་ལ་ལོང་བ་མིག་ཕྱེ་བ་ལྟ་བུའི་བློ་སྐྱེད་ཤུགས་ཆེན་ཐོབ་ཐུབ་པ་བྱུང་སོང་ལ།   འཆད་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོ་སྤྲོ་སྣང་དང་འཁྲུགས་ཆ་དོད་པོ་བྱུང་སོང་།

  མཇུག་ཏུ་རང་སློབ་གྲྭའི་སློབ་སྤྱི་སྐུ་གཞོན་ཟླ་རྒྱལ་ལགས་དང་སློབ་སྤྱི་སྐུ་གཞོན་ཀྲུའུ་ཡན་ལུའུ་གཉིས་ནས་ཀྱང་གལ་ཆེའི་གསུངས་བཤད་གནང་བ་མ་ཟད།  སྤྱི་སྐད་ཀྱི་གལ་ཆེའི་རང་བཞིན་དང་།  དགོས་པའི་རང་བཞིན་གང་མང་གསུངས་ཏེ་རང་སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་གོ་སྐབས་བཟང་པོ་འདི་ཉིད་གཙིགས་ཆེར་འཛིན་ནས་སྤྱི་སྐད་ཁྱབ་གདལ་གཏོང་རྒྱུར་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་གང་མང་བཏོན་གནང་ཡོད།

编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心