当前位置: 首页 > 特色藏文 > 国旗下的讲话

国旗下的讲话

2019年04月01日 15:41:26 访问量:87

རྒྱལ་དར་འོག་གི་གཏམ་བཤད།
རྒན་ལགས་ལྷན་རྒྱས་དང་། སློབ་གྲོགས་ཚོ། ཁྱེད་རྣམས་སྐུ་ཁམས་བཟང་། དེ་རིང་ངས་སྐར་ལྔའི་དར་དམར་འོག་ཏུ་གཏམ་བཤད་ཞུ་རྒྱུའི་ནང་དོན་ནི་<<སློབ་དུས་གསར་པའི་རྟེན་འབྲེལ་སྲུང་དགོས།>>ཞེས་པ་དེ་ཡིན།
     དཔྱིད་ཀྱི་དཔལ་མོའི་ཞབས་ཟུང་ལ་བརྟེན་ནས་འབྲས་ལྡན་དུས་ཀྱི་བང་བ་འགེངས་ཤིང་།ཕྲ་ལྡེམ་ལྕང་ལྕུག་ལ་ཅ་ག་དག་ན་ཤིང་མཁན་གྱི་ཕྱག་སོར་བདེ་ལ་འཚོ་བའི་ཀ་ཅའི་སྤུས་ཀ་ལེགས། ཆུང་སྦར་ནང་གི་བུ་ལ་སྐྱོང་སྟངས་མཁས་ན་ཕ་ཙན་དན་ལ་བུ་ཙན་དན་ཟེར་བ་བཞིན།ལོ་ཇུས་དཔྱིད་དང་བུ་ཇུས་ཆུང་ནས་མ་ལྷོད་ན་རྟེན་འབྲེལ་གྱི་ཚུལ་དང་མཐུན། ང་ཚོ་སློབ་མའི་ངོས་ནས་སློབ་དུས་གཅིག་གི་གཞི་མ་ནི་སློབ་འགོ་ཚུགས་དུས་ཀྱི་ཉིན་ཐོག་མ་ནས་རྟེན་འབྲེལ་མ་ཆུགས་པ་ཞིག་དགོས་རྒྱུ་ནི་གནད་ཀྱི་དམ་པ་ལགས།
   རྟེན་འབྲེལ་ནི་བཙན་པོས་དབང་གིས་བཅོམ་མི་ཐུབ་ལ། ཉམ་ཆུང་གིས་ཡ་ངས་བསླུ་མི་ཐུབ། ཆོམ་པོས་ཧམ་པས་བརླགས་མི་ཐུབ་ལ། རྐུན་མས་འཇབ་བུས་རྐུ་མི་ཐུབ། རྟེན་འབྲེལ་ནི་ཕྱོགས་ཞེན་དང་ངོ་དགའ་སོགས་ཀྱིས་མ་སླད་པའི་ཀ་དག་གི་བདེན་པ་དེ་ཡིན་པས་ལས་མེད་ལ་དངོས་གྲུབ་མི་སྟེར་ལ། སྲན་འབྲས་ལ་པད་ཁ་མི་སྟེར།  
     དེའི་ཕྱིར་ལས་གང་བྱས་ལ་འབྲས་བུ་གང་ཡོང་ཟེར་བ་ནི་རྟེན་འབྲེལ་རེད། ང་ཚོས་སློབ་ཐུན་གཅིག་གི་སྦྱོར་དངོས་མཇུག་གསུམ་གྱི་རྟེན་འབྲེལ་མ་ནོར་བ་བྱ་དགོས་པ་བཞིན། སློབ་དུས་གཅིག་དང་། སློབ་ལོ་གཅིག མི་ཚེ་གཅིག་གི་སྦྱོར་དངོས་མཇུག་གསུམ་གྱི་རྟེན་འབྲེལ་མ་ཆུགས་པ་བྱ་དགོས།
    ཀྲད་ཀྲད་ལྕོག་ཚོད་བགྱིས་ན་རྟེན་འབྲེལ་ཡིན།།ལག་རྡུམ་བྲག་འཛེགས་ཟེརབའང་་རྟེན་འབྲེལ་ཡིན།།འོན་ཀྱང་རྟེན་འབྲེལ་ལེགས་པོ་འགྲིག་དགོས་ཀྱི།།བྱུར་ལ་ངོམ་སོའི་རྟེན་འབྲེལ་ལོག་པ་སྤོངས།། ང་ཚོས་དང་ཐོག་རང་རང་གི་གནས་བབ་ངོས་འཛིན་བྱ་དགོས། ང་ཚོ་ནི་སློབ་མ་ཞིག་ཡིན་པ་དང་། ང་ཚོས་འབྱུང་འགྱུར་གྱི་ང་ཚོ་དང་། འབྱུང་འགྱུར་གྱི་ང་ཚོའི་མི་རིགས། འབྱུང་འགྱུར་གྱི་མེས་རྒྱལ་ལ་འགན་འཁུར་དགོས། ང་ཚོ་ནི་འབྱུང་འགྱུར་གྱི་ཁ་ལོ་བ་ཡིན་ཕྱིར་ཤེས་རིག་གི་མིག་ཟུང་ཕྱེ་ཞིང་ཐབས་ལམ་གྱི་ཀླད་རྒྱ་བསྐྱེད་ནས་རང་རང་གི་ནུས་པ་གསོ་དགོས།
    ཤེས་རིག་གི་འཇིག་རྟེན་དང་། འགྲན་རྩོད་ཀྱི་སྤྱི་ཚོགས། འཕེལ་འགྱུར་མྱུར་བའི་དུས་རབས་འདིར་ང་ཚོས་ཞྭ་མོ་འདི་དང་ཕྱག་འབུལ་འདི་ཁོ་ནས་ཁུངས་མི་འཁྱོལ་ལ། བོད་རྒན་པོའི་མཛད་རབས་དང་།གངས་ཅན་ལྗོངས་ལ་ཡོད་རབས་ཀྱི་འབྲས་དཀར་འདི་དང་བཤད་པ་འདི་ཁོ་ནའི་རྐང་ལམ་ཕྲ་མོ་ལ་བརྟེན་ན། འཇིག་རྟེན་འདིའི་གྲལ་མཐའ་ལ་བུད་ཅིང་། མི་རིགས་ཀྱི་འགྲན་རྩོད་ལས་ཕམ་པ། དུས་རབས་ཀྱི་གོམ་བགྲོད་ལས་ལྡོག་ན། དུས་ད་ནས་རང་ཉིད་དང་། མི་རིགས། རྒྱལ་ཁབ་ལ་བསམ་ནས་ཤེས་བྱ་རིག་གནས་ལ་བརྩོན་དགོས། ཤེས་བྱ་ནི་འཆི་གསོས་ཀྱི་བདུད་རྩི་ཡིན་ལ། ལྟོགས་སྐོམ་པའི་བཟའ་བཏུང་ཡིན། གྲང་འགོག་གི་གོས་བཟང་ཡིན་ལ། དགྲ་འགོག་གི་མཚོན་ཆ་ཡིན། མདུན་བསྐྱོད་ཀྱི་ལམ་བུ་ཡིན་ལ། ཡར་རྒྱས་ཀྱི་སྐས་འཛེགས་ཡིན།
   སློབ་མ་ཚོ། དུས་ད་ཆ་ང་ཚོས་སྐས་རིམ་རེ་རེ་དང་། སློབ་སྐབས་རེ་རེ། སློབ་ཐུན་རེ་རེའི་ནང་རང་གིས་ནུས་པ་དང་མཐུན་པར་ཐོས་གསོག་ལ་བརྩོན་དགོས། དུས་ཚོད་ལ་གཅེས་འཛིན་དང་ལུས་ཕུང་ལ་གཅེས་འཛིན་ཟུང་འབྲེལ། ཤེས་རིག་དོན་གཉེར་དང་སྤྱོད་ལམ་དོན་གཉེར་ཟུང་འབྲེལ། གནས་སྐབས་གཅེས་འཛིན་དང་འབྱུང་འགྱུར་གཅེས་འཛིན་ཟུང་འབྲེལ། རང་རིགས་རིག་གནས་དང་གསར་དར་རིག་གནས་ཟུང་འབྲེལ། རང་དོན་མངོན་འགྱུར་དང་སྤྱི་དོན་མངོན་འགྱུར་ཟུང་འབྲེལ་བཅས་ཀྱི་དྲག་ཆས་ལེགས་པར་སྤྲས་ནས། ཕ་སྤྲེལ་རྒན་བྱང་སེམས་ངོ་མི་གནོངས་པ་དང་། མ་ཤེས་རབ་སྲིན་མོ་ཉམས་མི་ཞན་པ། བོད་རྒན་པོའི་སྤྱི་བོ་གཉའ་མི་ཕབ་ལ། སྐད་ཡིག་རིགས་དབྱངས་སྙན་རྒྱུན་མ་ཆད་པ་ཞིག་བྱེད་ཐུབ་ན།  ཟས་སྦྲང་དཀར་རྩམ་པའི་རིན་ཐང་ཤེས་ཤིང་། གོས་དཀར་འཇམ་སྣམ་བུའི་བཀའ་དྲིན་རྟོགས་པ།  ཕ་ཙན་དན་སྡོང་པོའི་བུ་རབས་སུ་སྐྱེས་པའི་སྐྱེས་གོ་ཆོད་སོང་བ་རེད།
              རེམས་ཡ། སློབ་གྲོགས་ཚོ།  

编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心