当前位置: 首页 > 特色藏文 > 解析藏文教材《读颂文的感受》一文

解析藏文教材《读颂文的感受》一文

2019年03月25日 23:41:30 访问量:96
རྩོམ་རིགག་སྒེག་མོའི་མགུལ་རྒྱན་དུ།         བཅོས་མའི་མེ་ཏོག་ཉེར་ཕུལ་ཀྱང་།དཔྱོད་ལྡན་རྐང་དྲུག་གསར་པའི་ཁྱུས།         སྦྲང་རྩིའི་དགའ་སྟོན་ཇི་ལར་མྱོང་།ཞེས་པའི་དོན་ནི།རྩོམ་རིག་སྒེག་མོ་འདིའི་མགུལ་རྒྱན་དུ་གསར་བཞད་དྲི་བསུང་ཞིམ་པའི་མེ་ཏོག་གི་ཕྲེང་བ་མི་འདོགས་པར་། ཚོན་ལྡན་ཤོག་བུ་དང་འགྱིག་ཤོག་སོགས་ལས་བྱས་པའི་བཅོས་མའི་མེ་ཏོག་གི་ཕྲེང་བ་མགུལ་རྒྱན་དུ་ཉེ་བར་ཕུལ་ན་ཡང་རྣམ་དཔྱོད་དང་ལྡན་པའི་ཀློག་པོ་པོའི་རྐང་དྲུག་བུང་བ་གསར་པའི་ཁྱུ་དག་གིས་རོ་བཅུད་དང་ལྡན་པའི་སྦྲང་རྩིའི་དགའ་སྟོན་ཇི་ལྟར་མྱོང་བ་སྟེ། མྱོང་མི་ནུས་སོ་ཞེས་པ་སྟེ། བདེན་ངེས་ཀྱི་རང་བཞིན་ཤོར་བའི་བསྟོད་རྩོམ་དེ་བཅོས་མའི་མེ་ཏོག་གི་གཟུགས་སུ་བཀོད་པ་དང་།རྣམ་དཔྱོད་དང་ལྡན་པའི་ཀློག་པ་པོ་རྣམས་རྐང་དྲུག་བུང་བ་་གསར་པའི་ཁྱུ་དག་གི་གཟུགས་སུ་བཀོད། ཡིད་ཀྱིས་མྱོང་བྱར་གྱུར་པའི་རྩོམ་རིག་གི་རོ་མྱོང་དེ་སྦྲང་རྩིའི་དགའ་སྟོན་གྱི་གཟུགས་སུ་བཀོད་པ་སྟེ།དོན་གྱི་སྙིང་པོ་ནི་རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་གསར་རྩོམ་བྱེད་པ་ལ་གསར་གཏོད་ཀྱི་རང་བཞིན་ ཅི་ཡང་མེད་པར་བརྗོད་དོན་དང་བདེན་ངེས་ཀྱིས་སྟོང་བའི་བསྟོད་རྩོམ་ཁོ་ན་བྲིས་ན་ཤེས་བྱའི་སྦྲང་རྩི་འཐུང་བར་ འདོད་བར་འདོད་པའི་ཀློག་པོ་པོ་རྣམས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་སྣང་བརྙན་ལས་བྱུང་བའི་རོ་མྱོང་ཁྱད་པར་ཅན་ཇི་ལྟར་མྱོང་བྱ་མེད་པས་མྱོང་མི་ནུས་སོ་ཞེས་པའོ།དོན་མེད་ཚིག་གི་ཤིང་སྐམ་ལ།            མདོ་མེད་ལོ་འདབ་བརྒྱ་བཏགས་པ།གཞན་ཕན་མེ་ཏོག་ལྟར་སྣང་ཡང་།        འབྲས་བུ་སྨིན་པ་སྲིད་ན་མེད།ཞེས་པའི་དོན་ནི།ཤིང་སྟོང་སྐམ་པོ་ལ་བཅོས་མའི་མེ་ཏོག་དང་ལོ་འདབ་བརྒྱ་ཕྲག་མང་པོ་བཏགས་ཏེ་གཡུ་ལོ་ཐགས་སུ་བཀྲ་བའི་རྣམ་ པར་སྤྲས་པ་དེ་ཀུན་གྱི་མིག་ལམ་ན་གཞན་ཕན་གྱི་མེ་ཏོག་ལྟར་སྣང་ཞིང་མཛེས་ན་ཡང་། དེ་ལ་དོན་གྱི་འབྲས་བུ་ནམ་ཡང་སྨིན་མི་སྲིད་པའི་དཔེ་བཞིན་དུ། རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན་ན་བརྗོད་བྱའི་སྙིང་པོ་ཕུན་སུམ་ཚོགས་པ་དང་ལྡན་དགོས་པ་སྟེ། སྤྱི་ཚོགས་ཀྱི་འཚོ་བ་དངོས་ཡང་དག་པར་མཚོན་དགོས་པ་དེ་ཡིན། དེ་ཡང་སྤྱི་ཚོགས་འཚོ་བ་དངོས་རྨང་གཞི་བྱས་ནས་གསར་རྩོམ་བྱེད་དགོས་པ་ལས་འཚོ་བའི་རྣམ་པ་དེ་སྒྱུ་རྩལ་གྱི་རྣམ་པར་བསྒྱུར་ཏེ་འཚོ་བའི་བདེན་གྲུབ་རང་བཞིན་གྱི་བརྗོད་བྱ་དང་ལྡན་དགོས་པར་བསྟན་ཅིང་། འཚོ་བའི་བདེན་གྲུབ་རང་བཞིན་གྱི་བརྗོད་བྱ་དེ་ཡང་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་རྩོམ་རིག་སྒྱུ་རྩལ་གྱི་བདེན་གྲུབ་རང་བཞིན་དུ་གཏོང་དགོས།བདེན་གྲུབ་རང་བཞིན་གྱི་བརྗོད་བྱ་དེ་ནི་རྩོམ་རིག་གི་བླ་སྲོག་ལྟ་བུ་ཡི་པས་བརྗོད་བྱ་དེ་དང་བྲལ་བའི་རྩོམ་རིག་ བརྩམས་ཆོས་དེ་ནིབླ་སྲོག་ཤོར་བའི་བེམ་པོ་ཉིད་དུ་འགྱུར་ལ།དེ་ལ་སྒྱུ་རྩལ་གྱི་མཚོན་ཐབས་སྣ་མང་དང་སྒྱུརྩལ་གྱི་ཚིག་ སྦྱོར་ཕུན་སུམ་ཚོགས་པས་ཇི་ལྟར་སྤྲས་ན་ཡང་རྩོམ་རིག་གི་དོན་གྱི་འབྲས་བུ་སྟེ། སྤྱི་ཚོགས་ཡར་སྐུལ་གྱི་ནུས་པ་དེ་ཐོན་མི་ཐུབ།འཚོ་བའི་རླུང་གིས་མ་གཡོས་པའི།         རྩོམ་གྱི་མཚོ་མོའི་རླབས་ཕྲེང་ནི།བརྒྱ་ལམ་ཙམ་ན་མཆིས་སྲིད་ཀྱང་།       ལྦུ་བ་བཞིན་དུ་ག་ལ་རྟགཞེས་པའི་དོན་ནི།རླུང་གིས་གཡོས་པའི་མཚོ་མོའི་རླབས་ཕྲེང་ཞིག་འཇིག་རྟེན་འདིར་མི་སྲིད་ལ། གལ་ཏེ་བརྒྱ་ལམ་ཙམ་ན་སྲིད་མཆིས་ན་ཡང་།དེ་ནི་ཆུ་ཡི་ལྦུ་བ་བཞིན་དུ་མི་རྟག་ཅིང་འཇིག་པའི་ཆོས་ཅན་ཡིན་པ་བཞིན་དུ།  སྤྱི་ཚོགས་འཚོ་བ་དང་ཁ་བྲལ་བའི་རྩོམ་རིག་སྒྱུ་རྩལ་ཞིག་ཀྱང་གཏན་ནས་ཡོད་མི་སྲིད་ལ། གལ་ཏེ་ཡོད་པའི་དབང་དུ་བཏང་ན་ཡང་རྩོམ་རིག་གི་ནུས་པ་ཏིལ་ཙམ་འདོན་མི་ནུས་པར་ཆུ་ཡི་ལྦུ་བ་བཞིན་དུ་སྐད་ཅིག་ཉིད་དུ་མི་རྟག་པར་འགྱུར་རོ་ཞེས་པ་སྟེ། དོན་ནི་སྤྱི་ཚོགས་འཚོ་བ་ནི་རྩོམ་རིག་གི་འབྱུང་ཁུངས་ཡིན་པ་གསལ་བར་བསྟན་ཅིང་།  དེ་གཉིས་ཀྱི་འབྲེལ་བ་ནི་མཚོན་བྱ་དང་མཚོན་བྱེད། བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་ཡིན་པ་དང་།  སྤྱི་ཚོགས་འཚོ་བ་དང་ཁ་བྲལ་ན་རྩོམ་རིག་འབྱུང་མི་ཐུབ་པའི་གནས་ལུགས་གསལ་བར་བསྟན་ནས་ཤུགས་ནས་འཚོ་བའི་བདེན་ངེས་དང་བྲལ་བའི་བསྟོད་རྩོམ་འགའ་རེ་ལ་དགག་ཅིང་སུན་འབྱིན་བྱས་པའོ།
编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心