当前位置: 首页 > 特色藏文 > 次旦旺扎老师的课件

次旦旺扎老师的课件

2019年04月01日 15:45:12 访问量:362

དང་སྒྲ་ནི་སྡུད་པ་དང་། འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་སྟེ་ལྔ་ལ་འཇུག་གོ།

1.སྡུད་པ་ལ་འཇུག་པ་ནི། གམ་ལ་སོགས་པའི་སྐབས་ལྟར་ཕྱོགས་གཅིག་ཏུ་སྡུད་པ་དང་། སྔ་མར་སྦྱར་བའི་ཆོས་ཕྱི་མར་སྦྱོར་བ་སྡུད་པ་དང་། ཕྱི་མར་སྦྱར་བའི་ཆོས་སྔ་མར་སྦྱོར་བ་སྡུད་པ་གསུམ་ལས་དང་པོ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་ནི་དབང་བོ་ལྔའོ། ། གཉིས་པ་ནི། ཉི་མ་ནི་འོད་དང་ལྡན་ཏེ། གློག་སྒྲོན་དང་ཟླ་བ་ཡང་ངོ་། ། ལྟ་བུ། གསུམ་པ་ནི། ཉི་མ་དང་ཟླ་བ་དང་ནོར་བུ་ལས་ཀྱང་འོད་འཕྲོའོ། ། ལྟ་བུའོ། །

2.འབྱེད་པ་ལ་འཇུག་པ་ནི། དཔེར་ན། དབང་བོ་ནི་ལྔ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་སོ། ། ལྟ་བུ་སྟེ། གཞི་གཅིག་ལས་རྣམས་གྲངས་ཐ་དད་པའམ། རྣམས་གྲངས་དུ་མ་འབྱེད་པ་གམ་ལ་སོགས་པ་བཞིན་ནོ། །

3.རྒྱུ་མཚན་ལ་འཇུག་པ་ནི། དཔེར་ན། གཏན་ཚིགས་སྟོན་པ་སྟེ། ན་ཡིག་འཇུག་པ་དང་དོན་འདྲ་བ་ཡིན་ཏེ། དཔེར་ན། དུ་བ་མཐོང་བ་དང་མེ་ཡོད་པར་ཤེས་སོ། ། བརྩོན་འགྲུས་བརྩམས་པ་དང་མཐར་ཕྱིན། ལྟ་བུ་དང་། རྒྱུ་ཡོད་པ་དང་འབྲས་བུ་འབྱུང་ལྟ་བུ་དུས་དང་རྒྱུ་མཚན་ལྷན་གཅིག་ཏུ་སྟོན་པའང་ཡོད་དོ། །

4.ཚེ་སྐབས་ལ་འཇུག་པ་ནི། དཔེར་ན། ཉི་མ་ཤར་བ་དང་ཚོགས་འདུ་ཚོགས། སྒོ་ཕྱེས་དང་ནང་དུ་སོང་། འཁོར་ལོ་བསྐོར་བ་དང་མཉམ་དུ་སྒྲ་གྲགས། ལྟ་བུའོ། །

5.གདམས་ངག་ལ་འཇུག་པ་ནི། དཔེར་ན། འདི་གྱིས་དང་། ཉོན་དང་། སློབས་དང་། བརྩོན་འགྲུས་རྩོམས་དང་མཁས་པར་འགྱུར། ཡིད་ལ་ཟུངས་དང་རང་ལ་ཕན། ལྟ་བུ་སྟེ། བྱ་བ་ལ་བསྐུལ་བའི་ཕྱིར་ན་ཡིག་གི་འཇུག་པ་དང་དོན་འདྲ་བར་གདམས་ངག་འདོམས་པའོ། །

  • 附件(1个)
  • དང་སྒྲ།།.ppt (3447kb) 下载
编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心