当前位置: 首页 > 特色藏文 > 泽旺罗布老师的3.28演讲稿

泽旺罗布老师的3.28演讲稿

2019年04月01日 15:52:01 访问量:219

རྒས་པོའི་བཞིན་རས་འཛུམ་གྱིས་གཏམས་ཤིང་རྒས་མོའི་ཡིད་ཁ་སྤྲོ་བ་འབུམ་གྱིས་མྱོས་པའི་དུས་འདིར་ང་ཚོས་སྔར་དྲན་དེང་བསྡུར་ལས་ཏང་གི་བྱམས་བརྩེའི་དྲོ་སྐྱིད་འཚོར།
མཚམས་འདིར་དེ་རིང་གུས་པས་གཏམ་བཤད་རྒྱུའི་ཁ་བྱང་ནི་"ངའི་སེམས་དབུས་ཀྱི་ཉི་མ་དམར་པོ"ཞེས་པ་དེ་ཡིན།
ཁྱེད་ཀྱིས།   ལོ་ངོ་སྟོང་ཕྲག་དུ་མའི་དཀའ་སྡུག་གི་ལོ་རྒྱུས་རི་མོ་ས་སྟེང་དུ་བཀོད་ཅིང་།  
 ཁྱེད་ཀྱིས།    ཁོད་མི་སྙོམས་ཤིང་གྱ་གྱུའི་རྐང་ལམ་ཕྲ་མོ་ཞིག་ནས་ཞིང་བྲན་ཁྲི་ཚོར་འོད་ཟེར་སྟོང་ལྡན་གྱི་ལམ་ཆེན་གཏོད།     སྤྱི་ལོ1921ལོའི་ཟླ་བ་7 པའི་ཚེས་1 ཉིན།  ཁམས་གསུམ་གྱི་འཇིག་རྟེན་གོ་ལ་འདིར་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཉིད་གསར་དུ་སྐུ་འཁྲུངས།     སྙན་པའི་གྲགས་པས་ས་གསུམ་གཡོ་བར་བྱས་ཤིང་བཙན་འཛུལ་པ་རྣམས་སྙིང་རྩ་འདར་བ་བཟོས།     སྤྱི་ལོ་1949ལོའི་ཟླ་བ་10 པའི་ཚེས་1 ཉིན་གནམ་བདེ་སྒོ་མོ་ཆེ་ཡི་ཡང་སྟེང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་
རྒྱལ་ཁབ་དབུ་བརྙེས་པའི་གཏམ་བཟང་འཛམ་གླིང་ཡོངས་སུ་གྲགས།     ཤོག་སྦག་གི་སྒྲས་གནམ་ས་འགེངས་ཤིང་རོལ་མོ་ཡིས་སྒྲས་ས་གཞི་འགུལ།    མི་དམངས་དུང་ཕྱུར་མང་པོའི་དགའ་འབོད་ཀྱི་སྒྲས་གཡུ་འབྲུག་སྔོན་མོའི་སྐད་ལ་སྐྱེངས་པ་སྦྱིན།    
ལྷག་དོན་སྤྱི་ལོ་1959ལོའི་ཟླ་བ་3 པའི་ཚེས་28 ཉིན།   འཛམ་གླིང་ཁྱོན་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཐལ་བའི་རྡུལ་དུ་བརླགས་ཤིང་ཞིང་བྲན་ཁྲི་ཚོ་དུ་མར་རང་ལུས་རང་དབང་
ཐོབ།     དེ་ནི་འཛམ་གླིང་ཐོག་མི་ལུས་ཁེ་དབང་ལ་བསྒྱུར་བཅོས་ཐོབ་པའི་ཐེམ་སྐས་ཤིག་དང་
མ་འོངས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་འགོ་ཚུགས་པའི་ཉིན་མོ་ཞིག་ཡིན་པས་དྲན་གསོ་བྱེད་
དགོས་ངེས་རེད་ལ་དྲན་གསོ་བྱེད་རིན་ལོས་ཀྱང་ཡོད།       དུས་དེ་ནས་བཟང་།   ཁྱེད་ཀྱི་བཞིན་རས་ནས་ནམ་ཡང་ཞུམ་པ་མེད་པའི་འཛུམ་མདངས་ཤིག་འཕྱུར་ལ་སྡུག་བསྔལ་གྱིས་མནར་བའི་
བྲན་གཡོག་རྣམས།     ཁྱེད་ཀྱི་བདག་པོར་གྱུར་ནས་རྫོགས་མཐའ་མེད་པའི་གླུ་དབྱངས་ལེན། 
ཨེ་མ།      མི་རིགས་ང་དྲུག་གོང་བུ་གཅིག་ཏུ་བསྒྲིལ།     ས་གཞི་ཧྲིལ་པོ་ངོ་མཚར་འབྲས་བུས་གཏམས།   ཡོད་ཚད་དང་ཡོད་ཚད་བདེ་ལྡན་གྱི་ཞིང་དང་མཉམ་པས།     སུམ་རྩེན་གཉིས་པའི་མཚན་བཟང་ཁྱེད་ལ་ཐོགས།   དེའི་ཚེ།   བསྒྱུར་བཅོས་སྒོ་དབྱེའི་ཤར་རླུང་དྭངས་གཙང་ཞིག   འཁོན་ཐོགས་མེད་པར་ཁྱེད་ཀྱི་ལུས་ཐོག་ཏུ་ལྡང་བས།   ཁྱེད་ཀྱིས།  ད་ལྟ་དང་མ་འོངས་པའི་ཞིང་ས་གཤིན་པོར་འབྲས་བཟང་འདོགས་པའི་སོན་བཟང་ཞིག་གཏོར།   དབུལ་བཅོས་ཕྱུག་འགྱུར་གྱི་ལམ་བཟང་གཏོད།   མཐོ་དགུང་སྔོན་དབྱིངས་སུ་གནམ་གྲུ་དང་།  ཕུར་མདའ།  སྲུང་སྐར་སོགས་ཀྱིས་ཁེངས་ཤིང་བར་གྱི་མི་ཡུལ་ཞིང་ཁམས་འདིར་དཀར་ཆ་དོད་ལ་གཅིག་ལས་གཅིག་རྫིག་གི་ཞིང་འབྲོག་བདེ་སྡོད་ཁང་བཟང་གྲངས་ལས་འདས།    ངོ་མ།   ང་ཡི་མ་ཡུམ།   ཁྱེད་ཀྱི་གཟི་མདངས་དེ་བས་དེ་བས་རྒྱས།   ཁྱེད་ཀྱི་སྟོབས་འབྱོར་སྔར་བས་ཕྱུག    ཚན་རྩལ་འཕོ་འགྱུར་འཛམ་གླིང་གི་ཟིན་ཐོ་གཏོད་ཅིང་།   ཁྲོམ་རའི་དཔལ་འབྱོར་དབྱར་མཚོའི་རླབས་ལ་བསྙེགས།    འཕྲུལ་ཆས་ཆེ་ཆུང་གྲོག་མའི་ཁྱུ་བཞིན་བརྡོལ་བས་སྔོན་མའི་ཉིན་ལམ་ཡུད་ཀྱིས་བགྲོད།
མེས་པོའི་རྨི་ལམ་མངོན་དུ་གྱུར།  
ཨཱ།    ང་ཡི་མེས་རྒྱལ།    གལ་ཏེ་ཁྱེད་ཀྱི་འཚོ་སྐྱོང་མེད་ཚེ།   ཞིང་ཕྲུག་འཐོམ་པོ་བདག་ས་མཐར་ཇི་ལྟར་འཁྱམས་པ་མི་ཤེས་ལ།    གལ་ཏེ་ཁྱེད་ཀྱི་དྲོ་སྐྱིད་མེད་ཚེ།       ཤེས་རྨོངས་བདག་འཁྱགས་ལྟོགས་ཀྱིས་ཅི་འདྲར་མནར་བ་ཡང་མ་རྟོགས།      དེས་ན་བདག་གི་ཡོད་ཚད་དང་ཡོད་ཚད་ཁྱེད་དང་དམ་པོར་འབྲེལ་བས།   ནམ་ཡང་ཁྱེད་ལ་དགའ་ཞིང་།  ཁྱེད་ལ་བརྩེ།  ཁྱེད་ཀྱིས་དེ་རིང་ལ་འདོད་བློ་མི་ཚིམས་ཤིང་།  དུས་རབས་ཀྱི་འོད་ཟེར་འཕྲོ་བའི་ལམ་ཆེན་ཐོག་འཕུར་མཆོངས་ཀྱིས་བསྐྱོད་ཚེ།      བདག་གིས།    རང་ལུས་ཀྱིས་རྩོལ་བ་སྤྲུག   རིག་པའི་ངར་བླུད།  ཤེས་རབ་ཀྱི་རལ་གྲི་བཏེགས།  དྲན་ཤེས་ཀྱི་ལྕགས་ཀྱུ་བཏོན་ཏེ་ཡོད་ཚད་ལེགས་སྐྱེས་སུ་འབུལ་བར་འདོད།
 ངའི་སེམས་དབུས་ཀྱི་མེས་རྒྱལ།

                                 གུས་པའི་གཏམ་བཤད་མཇུག་སྒྲིལ་སོང་བས་ལྷན་རྒྱས་ཀྱི་གསན་པ་ཐུགས་རྗེ་ཆེ།

编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心