当前位置: 首页 > 特色藏文 > 巴罗老师的3.28演讲稿

巴罗老师的3.28演讲稿

2019年04月01日 16:01:26 访问量:99

གུས་པར་འོས་པའི་དགེ་བའི་གཤེན་གཉེན་རྣམ་པ་དང་སྙིང་ཉེ་བའི་སློབ་གྲོགས་ཚོ་ཞོགས་པ་བདེ་ལེགས། ང་ནི་ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་སློབ་མ་བསོད་ནམས་སྒྲོལ་མ་ཡིན།དེ་རིང་ངས་རྒྱལ་དར་འོག་གཏམ་བཤད་བྱ་རྒྱུའི་ཁ་བྱང་ནི་《བོད་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ཉིན་མོ》ཞེས་པ་དེ་ཡིན། ལོ་ལྟར་གྱི་ཟླ་3པའི་ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཞིག་ཡིན་ཞིང་། དེ་ནི་མི་རྣམས་ཀྱི་འདོད་པ་དང་མཐུན་སླ་ཞིང་འདོད་བློ་དང་མཐུན་སླ་བ་བཅས་ཀྱི་གདམ་ག་གལ་ཆེན་ཞིག་ཡིན་པས།དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ཞིག་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད་ཨང་། དེ་རིང་ང་ཚོས་འདིར་༣༢༨དྲན་གསོའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་ནས་མེས་རྒྱལ་ཡག་པོ་ཡོད་པ་དང་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་པ་དེ་བས་གུང་ཁྲན་ཏང་ཡག་པོ་ཡོད་པ་དང་སྒོ་དབྱེ་དེ་བས་ཡག་པ་བཅས་ཀྱི་བརྗོད་དོན་གཙོ་བོར་བྱས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་འཁྲུག་ཆ་དོད་པོས་རྟེན་འབྲེལ་ཞུས་པ་རེད།འདི་ནི་རྟེན་འབྲེལ་ཞུ་རིན་ཡོད་པའི་ཆབ་སྲིད་ཀྱི་དུས་ཆེན་གལ་ཆེན་ཞིག་རེད་ལ་དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དང་ཉེ་བཅར་བྱེད་སླ་བའི་གཅིག་གྱུར་གྱི་བསམ་འདུན་ཞིག་ཡིན་ཞིང་།དེ་ནི་འུར་འུར་དུ་འབར་བའི་དཔལ་འབར་ཞིག་གཅིག་གྱུར་ཐོག་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འབྱུང་འགྱུར་གསལ་བར་བྱེད་ཀྱི་ཡོད། ང་ཚོས་སྔོན་ཆད་ཀྱི་ལོ་རྒྱུས་དེ་བརྗེད་མི་རུང་ལ་བརྗེད་ངེས་ཆེ་བ།ལོ་རྒྱུས་ཤིག་ཀྱང་དེ་བས་མ་རེད།ང་ཚོས་གཞི་རྩའི་ཆབ་སྲིད་ཀྱི་རིང་ཐུང་གསལ་འབྱེད་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པར་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་ཞི་བདེ་དང་མཐུན་སྒྲིལ་བཅས་ལ་སྲུང་སྐྱོབ་བྱས་ནས་དར་ཆ་གསལ་སྟོན་གྱིས་རྟེན་འབྲེལ་བསུ། ཟླ་3པའི་ཚེས་28ཉིན་ནི་ཡར་ལངས་ཞིང་བྲན་གྱི་ཆབ་སྲིད་དུས་ཆེན་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད་ལ་ལོ་རྒྱུས་ཀྱིས་མ་འོངས་པ་གསལ་སྟོན་ཡང་བྱས་ཡོད་དེ་བས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་གི་ཞུམ་མེད་ཀྱི་སྣེ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་རྣམས་ཀྱིས་སྤྱིར་ན་དུས་རབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ལྟེ་གནས་ཀྱི་མཛུབ་ཁྲིད་བསམ་བློ་གཏིང་ཟབ་ཏུ་ལག་བསྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་ལྟེ་བ་གཅིག་དང་དོན་ཆེན་གཉིས་འགན་ལེན་གསུམ”བཅས་མཐའ་འཁྱོངས་ཀྱིས་འཚར་ལོངས་ལ་དམ་འཛིན་མི་བྱེད་པ་དང་།མིང་དང་ཁ་གཡར་ནས་འོད་ཟེར་འགན་ལེན་ལ་འགྱུར་ལྡོག་མི་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ་བཅས་ཀྱི་འཚར་ལོངས་ལམ་བུའི་ཐོག་བསྐྱོད་དེ་འབྱོར་འབྲིང་བོད་ལྗོངས་དང་།བློ་བདེ་བོད་ལྗོངས།མཐུན་སྦྱོར་བཅས་ཡོང་ཆེད་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱེད་དགོས་པའི་སེམས་ཐག་བཅད་པ་རེད། ངའི་གཏམ་ནམ་མཁའ་སྨག་གིས་མུན་པས་ར་རོས་བཞིན།།    རྡོ་ཆར་གཤེད་མས་ལོ་ཏོག་མ་ལུས་བཅོམ།།     འཇིགས་རུང་མུན་ནག་སྤྱི་ཚོགས་རྙིང་པ་ཡིས།།      རྒྱ་ཚེའི་མང་ཚོགས་སྡུག་བསྔལ་རྒྱ་རུ་བཙུད།།            ཤེས་ཡོན་སྦྱོང་བའི་གོ་སྐལ་འཇའ་བཞིན་ཡལ།།       བླང་དོར་མིག་ལྡོངས་ཟོག་པོ་ལྷ་རུ་བཀུར།།     སེམས་ཀྱི་མགོན་སྐྱབས་ཕྱི་རོལ་རྫུ་ལ་བརྟེན།།    ལས་དབང་བཅུན་པའི་སྤོབས་པ་ཡོངས་སུ་བྲལ།།བཤད་མཇུག་སྒྲིལ་སོང་ཚང་མ་བཀའ་དྲིན་ཆེ།

  

 

编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心