当前位置: 首页 > 青 年 报 > ཕ་ཡུལ་གྱི་སློབ་གྲྭ

ཕ་ཡུལ་གྱི་སློབ་གྲྭ

2019年10月22日 11:09:01 访问量:246

ངའི་ཕ་ཡུལ་གྱི་སློབ་གྲྭ་ནི་མཐའ་བཞི་ཚང་མ་གངས་དཀར་ཅོད་པན་གྱིས་རྒྱན་པའི་རི་བོས་བསྐོར་ཡོད།   མ་གཞི་སློབ་གྲྭ་འདི་གྲོང་ཁྱེར་གྱི་སློབ་གྲྭ་གཞན་དང་བསྡུར་ན་དེ་ཙམ་གྱི་གཞི་རྒྱ་ཆེན་པོ་མེད་པ་མ་ཟད།  སློབ་མ་དང་དགེ་རྒན་ཡང་ཉུང་ཉུང་ཡིན།   ཡིན་ནའང་།   དེའི་ནང་དུ་འཛུལ་མ་ཐག  ཁོར་ཡུག་གཙང་ཞིང་ལམ་གྱི་གཡས་གཡོན་ཚང་མར་ལྕང་མ་དང་མེ་ཏོག་ཧ་ཅང་གི་མང་པོ་ཡོད་པ་དེ་དག་གིས་དབྱར་གྱི་དུས་སུ་ཉི་འོད་ཀྱི་ཚ་བ་འགོག་ཐུབ་པའི་དགེ་མཚན་ལྡན་ཡོད།   དེ་ནས་མདུན་ཕྱོགས་སུ་ད་དུང་གོམ་པ་དྲུག་བདུན་ཙམ་སོང་ན།  སློབ་ཁང་དང་སློབ་མའི་ཉལ་ཁང་།  དགེ་རྒན་གྱི་ཉལ་ཁང་བཅས་གྲལ་སྟར་སྒྲིག་པོས་བཞེངས་ཡོད་པ་དེ་མངོན་ཐུབ་པ་མ་ཟད།   དེ་ཚོའི་གྱང་ལྡེབས་སུ་ས་སྐྱ་ལེགས་བཤད་དང་།  དགེ་ལྡན་ལེགས་བཤད།  ཆུ་ཤིང་བསྟན་བཅོས་སོགས་ལེགས་བཤད་དང་མཁས་པའི་ཞལ་གདམས་སོགས་ཧ་ཅང་གི་མང་པོ་སྦྱར་ཡོད་པས།  མིག་གིས་མཐོང་བ་ཙམ་གྱིས་བརྗིད་ཉམས་ལྡན་པ་ཞིག་ཡོད།

     དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་ལ་བཀོད་ལེགས་ཁང་བཟང་སྟར་སྒྲིག་ཞིག་གི་ནང་དུ་སློབ་མ་རང་ཉིད་ཀྱི་དགའ་མོས་ཀྱི་བྱེད་སྒོ་སྒྲ་སྙན་དང་།   བོད་ཡིག་ཡིག་གཟུགས།  གླུ་གཞས།  ཡང་ཇིན།  རི་མོ།  སྤོ་ལོའི་རིགས།  དེ་བཞིན་རྩོམ་ཡིག་སོགས་སྦྱོང་བཞིན་ཡོད།   དེའི་ནང་གི་སློབ་མ་རྣམས་ལ་ཀུན་སྤྱོད་གཙང་ཞིང་།  དགེ་རྒན་ལ་གུས་བཀུར་ཆེ་བ།  སྤྱི་དངོས་ལ་བདག་གཅེས་ཆེ་བ།  སློབ་སྦྱོང་ལ་འབད་བརྩོན་ཆེ་བ་བཅས་ཀྱི་དགེ་མཚན་མང་པོ་ལྡན་པ་མ་ཟད།  དགེ་རྒན་རྣམས་ནི་མཁྱེན་རྒྱ་ནམ་མཁའ་མཐའ་ལྟར་ཡངས་ཤིང་།  སློབ་མར་བྱམས་བརྩེ་ཆེ་བ་དང་།   སློབ་ཚན་ཁྲིད་སྐབས་ངག་འཇམ་པོའི་སྒོ་ནས་ཁྲིད་པ་སོགས་བྱེད་ཀྱི་ཡོད།

ཨེ་མ།   སློབ་གྲྭའི་ནང་གི་ཁོར་ཡུག་འདི་འདྲའི་མཛེས་པ་ལའང་།

       

༢༠༢༢ལོའི་སློབ་ཐོན་འཛིན་གྲྭ་གཉིས་པ།   བསོད་ནམས་བཀྲ་ཤིས།

编辑:罗淼淼
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心