当前位置: 首页 > 青 年 报 > མཐུན་སྒྲིལ་ནི་རྒྱལ་ཁའི་རྩ་བ་རེད་

མཐུན་སྒྲིལ་ནི་རྒྱལ་ཁའི་རྩ་བ་རེད་

2019年10月22日 11:12:48 访问量:447


རྒྱལ་ཡོངས་ས་ཕྱོགས་ཀུན་ལ་དཔལ་འབྱོར་འཕེལ་རྒྱས་དང་མིའི་རིགས་ཀྱི་བྱང་ཚད་ཉིན་རེ་བཞིན་མ་འདས་པར་གོང་ནས་གོང་དུ་འཕེལ་བཞིན་པའི་དུས་བཟང་འདིརབརྙན་འཕྲིན་དང་།ཚགས་པར།དུས་དེབ་སོགས་ཚང་མའི་ནང་ཞི་བདེའི་རྣམ་པ་དང་གཤིས་འཇམ་གྱི་སྤྱོད་ཚུལ་དང་དུ་བླངས་ནས་མི་རིགས་ལྔ་བཅུ་ང་དྲུག་མེ་ཏོག་ལྔ་བཅུ་ང་དྲུག་ལག་གདངས་དཔུང་སྦྲེལ་བྱས་ཏེ་དབུགས་ལམ་གཅིག་འགྱུར་དང་།བདེ་སྡུག་མཉམ་མྱོང་།གཅིག་སེམས་གཅིག་སྦྲེལ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད།མཐུན་སྒྲིལ་ནི་རྒྱལ་ཁའི་རྩ་བ་རེད་ལ་མཐུན་སྒྲིལ་ནི་སྟོབས་ཤུགས་ཤིག་ཀྱང་རེད།མིག་མདུན་དུ་དཀའ་བ་རི་རྒྱལ་ལྷུན་པོ་ལྟར་སྤུངས་ཡོད་ཀྱང་མི་ཚང་མའི་མཐུན་སྒྲིལ་གསེར་སྐུད་གྲུ་གུ་ལྟ་བུར་སྒྲིལ་ཚེ་སྒྲུབ་མི་ཐུབ་པའི་བྱ་བ་གཅིག་ཀྱང་མེད།དཔེར་ན།ས་སྐྱ་ལེགས་བཤད་ནང་གསུངས་པ་ལྟར་མང་པོ་གཅིག་ཏུ་བློ་མཐུན་ན།ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ།སྲོག་ཆགས་གྲོག་མའི་ཚོགས་འདུས་པས།སེང་གེའི་ཕྲུ་གུ་བསད་ཅེས་གྲགས།ཞེས་པ་ལྟར་ཡིན།ང་ཚོའི་ཚོགས་པ་ཆུང་ཆུང་ཞིག་ལ་མཚོན་ན་རྒན་ལགས་དང་སློབ་གྲོགས་ཚང་མས་གཡས་གཞོགས་གཡོན་འདེགས་དང་འཕྱར་བ་གྲུ་འདེགས་བྱས་སྟབས་ད་ཆ་ང་ཚོའི་འཛིན་གྲའི་སློབ་མའི་ཀུན་སྤྱོད་དང་གཙང་སྦྲ་སློབ་སྦྱོང་གི་སྦྱངས་འབྲས་བཅས་ནི་རང་མཉམ་འཛིན་གྲའི་ཁྲོད་ནས་མགོ་བོ་མཐོན་པོར་བཏེགས་ཐུབ་པ་དེ་མཐུན་སྒྲིལ་གྱི་སྟོབས་ཤུགས་དང་ནུས་པ་ཡིན་པས་དེ་དོན་ཚང་མས་རིག་པ་ལྕགས་སྐུད་ལྟར་སྒྲིམ་ནས་མུ་མཐུད་མདུན་བསྐྱོད་ཀྱི་ལམ་བུར་ཁ་ཕྱོགས་དགོས།ལྷག་དོན་དུ་འཁྲུག་ཆ་ཤིན་ཏུ་དོད་པའི་གནའ་གྲོང་ལྷ་སའི་བར་སྐོར་ནང་བོད་རིགས་དང་རྒྱ་རིགས་མི་རིགས་གཞན་དག་གང་ཡིན་རུང་ཚང་མའི་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།མ་གཞི་ཁོང་ཚོ་ཕ་ཡུལ་དང་མི་རིགས་གཅིག་མཚུངས་མིན་ཡང་རྣམ་ཀུན་འཚོ་བའི་ཁྲོད་ཁོ་ཚོའི་བར་མཛའ་མཐུན་གྱི་འབྲེལ་བ་ཟབ་ཅིང་ཁྱིམ་ཚང་གཅིག་ལྟར་ཕན་ཚུན་སེམས་འཁུར་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ལ་བརྩི་འཇོག་བྱེད་ཀྱི་ཡོད་པས་དེ་ལས་མི་རིགས་སྤུན་ཟླའི་དབར་ནམ་ཡང་ཁྱིམ་ཚང་གཅིག་ལྟར་ཡིན་པ་གསལ་བཤད་བྱེད་ཐུབ་ལ་ཆུ་མིག་དང་།ཆུ་ཕྲན།གཙང་པོ་བཅས་བསྡུས་པས་མཐར་གཞན་གང་གིས་ཀྱང་དོ་ཟླ་བྱེད་མི་ནུས་པའི་རྒྱ་མཚོ་གྲུབ་པ་ལྟ་བུ་ཡིན་པས་ང་ཚོས་མི་རིགས་མཐུན་སྒྲིལ་གྱི་དམིགས་ཡུལ་གཅིག་པུ་དེ་སྔར་བས་དར་སྤེལ་བཏང་སྟེ་རང་རྒྱལ་འདི་ཉིད་རྒྱལ་ཁབ་གཞན་དང་འདྲ་བར་སྟོབས་འབྱོར་མངའ་ཐང་ལྡན་པ་དང་ཡུལ་ལྗོངས་ལྟ་ན་སྡུག་པའི་ཁོར་ཡུག་ཅིག་གྲུབ་པར་འབད་པ་བྱེད་དགོས།

༢༠༢༢ལོའི་སློབ་ཐོན་འཛིན་གྲྭ་༡༢བསྟན་འཛིན་ནོར་བུ་ནས།

编辑:罗淼淼
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心