当前位置: 首页 > 通知公告 > 党员学习材料

党员学习材料

2019年05月11日 12:42:53 访问量:97

མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བརྟན་པོ་འཛུགས་དགོས།

—— མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་ལྔ་པ། 

 

 

 

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

 

མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་ནི་ཆོས་ལུགས་དང་ཆོས་ལུགས་གནད་དོན་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་སྤྱིའི་ལྟ་ཚུལ་དང་རྩ་བའི་ལྟ་བ་ཞིག་རེད། མར་ཁེ་སི་དང་ཨེན་ཀེ་སིས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ལ་བརྟེན་ནས་ཆོས་ལུགས་ཀྱི་སྣང་ཚུལ་དང་ཆོས་ལུགས་ཀྱི་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བཏོད་ཡོད། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བས“ཆོས་ལུགས་ནི་གཉའ་གནོན་ཕོག་པའི་སྐྱེ་བོའི་སྨྲེ་སྔགས་དང་། ཡ་ང་སྙིང་རྗེ་མེད་པའི་འཇིག་རྟེན་གྱི་སེམས་ཁམས་ཡིན་པ། ཆོས་ལུགས་ནི་མི་དམངས་ཀྱི་ཉལ་ཐ་ལྟ་བུ་ཡིན་པ”བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད། ཆོས་ལུགས་ཀྱི་ངོ་བོའི་ཐོག་ནས་བལྟས་ཚེ་དེ་ནི་ལྷ་ཡོད་སྨྲ་བའི་དད་པ་ཞིག་དང་། སེམས་གཙོ་རིང་ལུགས་ཀྱི་འཇིག་རྟེན་གྱི་ལྟ་བ་ཞིག་རེད། སྤྱི་ཚོགས་ཀྱི་ལོ་རྒྱུས་སྣང་ཚུལ་གཞན་དག་གང་རུང་དང་འདྲ་བར། ཆོས་ལུགས་ལའང་དེ་དར་བ་དང་། འཕེལ་རྒྱས། མེད་པར་འགྱུར་བ་བཅས་ཀྱི་ཆོས་ཉིད་ལྡན་ཡོད། ཆོས་ལུགས་གནས་སྟངས་ལ་དེའི་གཏིང་ཟབ་པའི་རང་བྱུང་དང་། སྤྱི་ཚོགས། སེམས་ཁམས། ངོས་འཛིན་བཅས་ཀྱི་འབྱུང་གཞི་ཡོད་ལ། ཆོས་ལུགས་གནས་སྟངས་ཀྱི་འབྱུང་གཞི་མེད་པར་གྱུར་བ་དང་བསྟུན་ནས་ཆོས་ལུགས་ཀྱང་རང་བཞིན་ངང་མེད་པར་འགྱུར་རྒྱུ་ཡིན་མོད། འོན་ཀྱང་དེ་ནི་ཧ་ཅང་རིང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་རེད། ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར“ཉིས་བརྩེགས་ཀྱི་རང་བཞིན”ལྡན་ཡོད་པ་སྟེ། དགེ་མཚན་ལྡན་པའི་ནུས་པ་ལྡན་ཡོད་ལ། ཕན་མེད་ཀྱི་ནུས་པའང་ལྡན་ཡོད་པ་དེ་རེད། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ནང་ཡུན་རིང་གནས་རྒྱུ་ཡིན་པས། སྲིད་འཛིན་གྱི་བཀའ་རྒྱ་དང་བཙན་ཐབས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཆོས་ལུགས་བཀག་འགོག་བྱེད་མི་རུང་བར། ཆོས་སྲིད་ལོགས་དབྱེ་དང་ཆོས་དད་རང་མོས་ཡོང་བར་བྱེད་དགོས་པ་དང་འབྲེལ། མི་དམངས་མང་ཚོགས་ལ་དངོས་གཙོ་སྨྲ་བ་དང་ལྷ་མེད་སྨྲ་བའི་སློབ་གསོ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།

 

མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བས་ཆོས་ལུགས་དར་བའི་འབྱུང་གཞི་དང་། ངོ་བོ། འཕེལ་རྒྱས། མེད་པར་གྱུར་པ་བཅས་ཀྱི་ཆོས་ཉིད་དང་དེ་བཞིན་སྤྱི་ཚོགས་ཀྱི་ནུས་པ་དང་། འབྱོར་མེད་གྲལ་རིམ་སྲིད་ཏང་གིས་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་སོགས་ཀྱི་གཞི་རྩའི་གནད་དོན་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་བཤད་བྱས་ཏེ་རང་རེའི་ཏང་གིས་ཆོས་ལུགས་ཀྱི་གནད་དོན་ལ་ངོས་འཛིན་ཡང་དག་བྱེད་པ་དང་ཐག་གཅོད་ཡང་དག་བྱེད་ཆེད་བསམ་བློའི་མཚོན་ཆ་རྣོ་པོ་ཞིག་མཁོ་འདོན་བྱས་ཡོད།

 

གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བར་བརྟེན་ནས་རང་རྒྱལ་གྱི་ཆོས་ལུགས་ལས་དོན་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་པས་བརྒྱུད་རིམ་ལྡན་པའི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་གྲུབ་ཡོད།

 

(པར་ངོས་བཞི་པར་གཟིགས)

 

(པར་ངོས་དང་པོར་མཐུད) ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ཡོད་ལ། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་ཀྲུང་གོ་ཅན་གྱི་གནས་ཚད་གསར་པ་གསར་འབྱེད་བྱས་ནས་ང་ཚོས་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་བྱས་པ་དང་སྒུལ་ཤུགས་གསར་པ་བསྣན་ཡོད་པས། འདི་ནི་དུས་རབས་གསར་པར་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་པའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་ཞིག་རེད།

 

དུས་ཡུན་རིང་པོའི་ལག་ལེན་ནང་གསོག་འཇོག་བྱས་པའི་ཏང་གི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་དུས་རབས་གསར་པར་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་འཛུགས་དགོས་པ་སྟེ། གཅིག་ནས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། ཆོས་ལུགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བར་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཆོས་ལུགས་ལས་དོན་ལ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། དེ་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་འདྲེས་པའི་འབྲེལ་བ། སྤྱི་ཚོགས་ཞི་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་བྱེད་རྒྱུ་དང་འབྲེལ་བ་ཡོད། དེར་བརྟེན། ང་ཚོས་ངེས་པར་དུ་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་འབྲེལ་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས། གཉིས་ནས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལ་བརྟེན་ནས་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་དང་སློབ་གསོ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་དགོས། ཆབ་སྲིད་ཐད་རང་རྟོགས་ངང་ཏང་གི་འགོ་ཁྲིད་ཁས་ལེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་ཞུ་བ། རིག་གནས་ཐད་རང་རྟོགས་ངང་ཀྲུང་ཧྭའི་རིག་གནས་དང་མཉམ་འདྲེས་ཡོང་བ་བྱེད་པ། སྤྱི་ཚོགས་ཐད་རང་རྟོགས་ངང་འཕེལ་རྒྱས་ཡར་ཐོན་དང་འཚམ་པར་བྱེད་པ་བཅས་བྱས་ནས་ཆོས་ལ་དད་པ་བྱེད་མཁན་དང་དད་པ་མི་བྱེད་མཁན་གྱི་མང་ཚོགས་ཀྱིས་མི་ཡུལ་གྱི་མཛེས་སྡུག་ལྡན་པའི་འཚོ་བ་ཐུན་མོང་ཐོག་གཏོད་ཐུབ་པ་བྱེད་དགོས། ཆོས་ལུགས་ཀྱི་བསམ་བློ་འཛུགས་སྐྱོང་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་འཚམ་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྱི་དོན་དངོས་དང་མཐུན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་ཆོས་ལུགས་ཀྱི་བསམ་བློ་གྲུབ་པར་བྱེད་དགོས། ཆོས་ལུགས་ཀྱི་ལམ་ལུགས་དང་། རྩ་འཛུགས། དཔུང་ཁག་བཅས་འཛུགས་སྐྱོང་བྱས་ནས“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་དགོས། གསུམ་ནས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་པ་དང་། སྤྱི་དམངས་ཡོངས་ཀྱི་ཆོས་ལ་དད་པ་བྱེད་པའི་རང་མོས་དང་དད་པ་མི་བྱེད་པའི་རང་མོས་ལ་བརྩི་འཇོག་བྱེད་དགོས། བཞི་ནས་ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་བཞིན་ཤུགས་སྣོན་རྒྱག་དགོས་པ་དང་། དེའི་ལྟེ་བའི་དོན་སྙིང་ནི་ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག སིམ་འཛུལ་འགོག་པ། ཉེས་གསོག་ལ་རྡུང་རྡེག་བཅས་ཀྱིས་ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློ་འགོག་པ་དང་ཆོས་ལུགས་ཀྱི་ཐལ་སྐྱོད་རིང་ལུགས་སྔོན་འགོག་བྱེད་རྒྱུ་དེ་ཡིན། “ཁྲིད་སྟོན”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་འདུ་ཤེས་ལག་བསྟར་ནན་ཏན་བྱས་ཏེ་བབ་བསྟུན་སྣེ་ཁྲིད་དང་ཡུལ་བབ་དང་བསྟུན་ནས“ཁྲིད་སྟོན”ལ་ཁ་ཕྱོགས་ཡོད་པ་དང་། “ཁྲིད་སྟོན”ནུས་ལྡན་ཐུབ་པ། “ཁྲིད་སྟོན”ལ་ཕན་འབྲས་ཐོན་པ་བཅས་བྱས་ཏེ་ཆོས་ལུགས་ལས་དོན་གྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས། རང་རེའི་ཏང་གི་ཆོས་ལུགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བའི་གཞི་རྩའི་རྩ་བའི་རིག་པ་མཐའ་འཁྱོངས་བྱས་ཡོད་ལ། རང་རྒྱལ་གྱི་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ཀྱང་མཚོན་ཡོད། དེ་ཉིད་ཀྲུང་གོའི་དོན་དངོས་དང་མཐུན་ལ་རྦད་དེ་ཡང་དག་པ་ཞིག་ཡིན་པས་ངེས་པར་དུ་ལག་ལེན་བསྟར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

 

ཆོས་ལུགས་ཞི་མཐུན་ཡོང་བ་བྱེད་རྒྱུ་ནི་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཡིན་ལ། བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་གཙོ་གནད་དང་འགག་རྩ་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ཁོང་དུ་ཡང་དག་ཆུད་པ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་བཅས་བྱས་པས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་ཀྱི་ལོ་རྒྱུས་ཀྱི་རྣམ་པ་ཡག་ཤོས་ཤིག་གཏོད་ཐུབ་པ་བྱུང་ཡོད།

 

ཡིན་ནའང་སྡོང་པོ་ལྷིང་ངེར་སྡོད་བསམས་ཀྱང་། རླུང་གིས་དེད་ནས་སྡོད་མི་འཇུག་ཅེས་པ་ལྟར། ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་དེའི“བོད་རང་བཙན”གྱི་ཆབ་སྲིད་ཀྱི་ལྐོག་གཡོ་གཤོམ་རྒྱུ་དང་། དེ་སྔའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་ཤོར་མི་འདོད་པར་བརྟེན། ཏང་གི་འགོ་ཁྲིད་འོག་བོད་ལ“ཆོས་དད་རང་མོས་ཀྱི་དབང་ཆ་མི་འདུག”ཅེས་དམའ་འབེབས་གཏོང་བ་དང་། ཏང་གི་ཆོས་ལུགས་སྲིད་ཇུས་ལ་ཚིག་མཚོན་འདེབས་པ། དད་ལྡན་མང་ཚོགས་དང་ཏང་དང་སྲིད་གཞུང་དབར་ཁ་གཏད་དུ་ལངས་རྒྱུའི་རེ་ངན་འཆང་གི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“དུས་འཁོར་དབང་ཆེན”རང་དགར་འཚོགས་ནས་ཁ་ཕྲལ་རིང་ལུགས་ཀྱི་བྱེད་སྤྱོད་འཛེམ་བག་མེད་པར་སྤེལ་བ་དང་། “བཀའ་ཆོས”འཚོག་རིམ་བཞིན་ཀྲུང་དབྱང་སྲིད་གཞུང་ལ་ཚུར་རྒོལ་དང་། དཀྲོག་གཏམ་འགྲེམས་པ། མི་རིགས་ཀྱི་འཁོན་འགྲས་ངན་སྐུལ་བཅས་བྱེད་པའི་ཆབ་སྲིད་ཀྱི་འདུ་ཚོགས་ཤིག་ཏུ་གྱུར་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཁུངས་ལུང་གཏན་ནས་མེད་པ་ཞིག་ཡིན་ཞིང་། ཁོ་པས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་དང་ཚབས་ཆེན་འགལ་ནས་ཡང་སྲིད་ཀྱི་གནད་དོན་ཐད་བཤད་ཚུལ་ཡ་མཚན་ཅན་སྣ་ཚོགས་སྤེལ་བ་མ་ཟད། ཐ་ན“གསོན་པོར་སྡོད་དུས་ཡང་སྲིད་ངོས་འཛིན”བྱས་ཏེ་ཀྲུང་དབྱང་སྲིད་གཞུང་གི་དབང་གྲགས་ཁས་མི་ལེན་པའི་རེ་ངན་འཆང་གི་ཡོད། ད་དུང་ཁོ་པས་ཆོས་ལུགས་ཀྱི་སྲིད་དབང་སྒེར་གཅོད་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཁྲོད་ཡོངས་ཁྱབ་ངང་གུས་བཀུར་དང་དད་བཀུར་བྱེད་པའི་སྲུང་མ་རྒྱལ་ཆེན་ཤུགས་ལྡན་བསྟེན་རྒྱུ་བཀག་འགོག་བྱས་ཏེ་ཆོས་ལུགས་ཀྱི་གྲུབ་མཐའི་དབར་འགལ་ཟླ་བཟོ་གི་ཡོད། ལོ་རྒྱུས་ཡུན་རིང་ལྡན་པ་དང་། གཟི་བརྗིད་སྲོལ་རྒྱུན་ལྡན་པ། ཆོས་ཀྱི་བསྟན་དོན་གཏིང་ཟབ་པ་བཅས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ངོས་ནས་བརྗོད་ན་ཁོ་པས“བོད་རང་བཙན”ཡོང་རེ་བྱེད་པའི་རང་དགར་སྤྱོད་ཆོག་པའི་ལག་ཆ་ཞིག་ཡིན་པ་དོན་དངོས་ཁུངས་བཙན་མང་དག་ཅིག་ལས་ར་འཕྲོད་བྱུང་ཡོད། ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་ཀྱི་ཕྱི་གོས་གྱོན་ནས་བོད་ཕུང་ཆོས་གནོད་དང་། མེས་རྒྱལ་ལ་ངོ་རྒོལ། མི་དམངས་ལ་ངོ་རྒོལ། ཆོས་ལུགས་ལ་ངོ་རྒོལ་བཅས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཐོག མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་རང་རྟོགས་ངང་སྲུང་སྐྱོང་བྱེད་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

 

མཐུན་སྒྲིལ་ནི་སྟོབས་ཤུགས་དང་ཞི་མཐུན་ནི་འཐབ་ནུས་ཤིག་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “མོས་སེམས་ལྔ”ཆེ་རུ་གཏོང་བ། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བརྟན་པོ་འཛུགས་པ། ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆོས་ལུགས་ཀྱི་ཕན་མེད་ནུས་པ་ཚོད་འཛིན་གང་ཐུབ་བྱེད་པ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་པ། སེམས་ནུས་གཅིག་སྒྲིལ་དང་བློ་སེམས་གཅིག་མཐུན་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

 

(པ་ཚེ་དང་མཚམས་གཅོད་ཀྱིས་བསྒྱུར། པ་ཚེ་དང་དཀོན་སྒྲོལ་གྱིས་ཞུས)

 

 

1

 

编辑:杜龙飞
上一篇:党员学习材料
下一篇:党员学习材料
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心