当前位置: 首页 > 通知公告 > 党员学习材料

党员学习材料

2019年05月11日 12:43:22 访问量:68

མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་བརྟན་པོ་འཛུགས་དགོས།

—— མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་དྲུག་པ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས། 

 

 

ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་ནི་གུང་ཁྲན་ཏང་མིའི་ཆགས་ས་བརྟེན་ས་དང་། ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་ནི་གུང་ཁྲན་ཏང་མིས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཆ་རྐྱེན་ཡིན། འཇིག་རྟེན་ལྟ་བ་ཡང་དག་པ་ཞིག་མེད་ན་གུང་ཁྲན་ཏང་ཡོན་གྱི་ངོ་བོའི་ཁྱད་ཆོས་མེད་པར་འགྱུར་སྲིད་པ་དང་། བརྟག་ཐབས་སྨྲ་བ་ཡང་དག་པ་ཞིག་མེད་ན་བྱ་གཞག་ལ་ཉམས་ཉེས་དང་ཕམ་ཉེས་ཡོང་གི་ཡོད། མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་ནི་གུང་ཁྲན་ཏང་མིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡིན།

 

མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་ནི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཡིན། རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱིས་འཇིག་རྟེན་ནི་དངོས་པོ་ཡིན་པ་དང་། དངོས་པོ་ནི་འགུལ་སྐྱོད་བྱེད་ཀྱི་ཡོད་པ། འགུལ་སྐྱོད་ལ་ཆོས་ཉིད་ལྡན་པ། བྱ་དངོས་ནང་ཁུལ་གྱི་འགལ་བ་ནི་འཕེལ་རྒྱས་དང་འགྱུར་ལྡོག་གི་རྩ་བའི་རྒྱུ་རྐྱེན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དངོས་པོས་འདུ་ཤེས་ཐག་གཅོད་པ་དང་། འདུ་ཤེས་ཀྱིས་དངོས་པོར་ལྡོག་ནུས་ལྡན་པས། ལག་ལེན་དང་། ཤེས་རྟོགས། བསྐྱར་དུ་ལག་ལེན། བསྐྱར་དུ་ཤེས་རྟོགས་བཅས་བྱས་རྗེས་མིའི་རིགས་ཀྱིས་ཆོས་ཉིད་ལ་ངོས་འཛིན་ཐུབ་ཀྱི་ཡོད་པ་མ་ཟད། ཆོས་ཉིད་སྤྱད་ནས་རང་ངོས་ལ་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད། ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱིས་སྤྱི་ཚོགས་གནས་པ་དེས་སྤྱི་ཚོགས་ཀྱི་འདུ་ཤེས་ཐག་གཅོད་པ་དང་། ཐོན་སྐྱེད་ནུས་ཤུགས་ཀྱིས་ཐོན་སྐྱེད་འབྲེལ་བ་ཐག་གཅོད་པ། དཔལ་འབྱོར་རྨང་གཞིས་སྟེང་གི་བཀོད་པ་ཐག་གཅོད་པ་བཅས་བྱེད་ཀྱི་ཡོད་པ་དང་། སྤྱི་ཚོགས་འཕེལ་རྒྱས་ནི་རང་བྱུང་ཁམས་ལས་འདས་པ་དང་སྤྱི་ཚོགས་ལས་འདས་པའི་སྟོབས་ཤུགས་ཤིག་གིས་སྐུལ་འདེད་བཏང་བ་ཞིག་མིན་པར། སྤྱི་ཚོགས་ནང་ཁུལ་གྱི་འགལ་བ་འགུལ་སྐྱོད་བྱས་པའི་འབྲས་བུ་དང་། ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བ་དང་། དཔལ་འབྱོར་རྨང་གཞི་དང་སྟེང་གི་བཀོད་པའི་དབར་གྱི་འགལ་བ་འགུལ་སྐྱོད་བྱས་པའི་འབྲས་བུ་ཞིག་ཡིན་པ། མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་བྱེད་པོ་ཡིན་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད། མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བས་རང་བྱུང་ཁམས་དང་། མིའི་རིགས་ཀྱི་སྤྱི་ཚོགས། བསམ་བློ་འཕེལ་རྒྱས་བཅས་ཀྱི་ཡོངས་ཁྱབ་ཀྱི་ཆོས་ཉིད་གསལ་སྟོན་བྱས་པ་དང་།

 

(པར་ངོས་བཞི་པར་གཟིགས)

 

(པར་ངོས་དང་པོར་མཐུད) དེ་ནི་འབྱོར་མེད་གྲལ་རིམ་སྲིད་ཏང་གིས་འཇིག་རྟེན་ལ་ངོས་འཛིན་དང་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་བསམ་བློའི་གོ་མཚོན་སྟོབས་ཆེན་ཞིག་རེད།

 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་གི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་རེད། རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་ནས་བལྟས་ཚེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་མཐའ་འཁྱོངས་བྱས་པ་མ་ཟད། རྩ་བའི་རིགས་པ་འདི་དག་སྤྱད་ནས་དེང་སྐབས་ཀྱི་ཀྲུང་གོར་འཕྲད་པའི་གནད་དོན་ལ་ངོས་འཛིན་དང་ཐག་གཅོད་བྱས་པ་དང་། འགལ་བ་གཙོ་བོ་དམ་འཛིན་དང་། སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་གྱི་རྩ་བའི་སྒུལ་ཤུགས་དམ་འཛིན། ལོ་རྒྱུས་འཕེལ་རྒྱས་ཀྱི་བྱེད་པོ་དམ་འཛིན་བཅས་བྱས་ཡོད། ཏང་སྐྱོང་བ་དང་། རྒྱལ་ཁབ་སྐྱོང་བ། དམག་དཔུང་སྐྱོང་བ་བཅས་དང་། ནང་སྲིད་དང་། ཕྱི་འབྲེལ། རྒྱལ་སྲུང་། དཔལ་འབྱོར། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ལས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འོད་ཟེར་ལྷམ་མེར་མ་འཕྲོས་པ་མེད་ཅིང་། དེ་དག་ནི་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་སྤྱད་པའི་དཔེ་མཚོན་རེད། ལག་ལེན་གྱི་གཏན་ཚིགས་ནས་བལྟས་ཚེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་དང་ཀྲུང་གོའི་ལག་ལེན་ཟུང་འབྲེལ་དང་དུས་བསྟུན་འཕེལ་རྒྱས་བཏང་བའི་ལྡོག་མེད་ཀྱི་འབྲས་བུ་ཡིན་པ་ལས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིའི་བདེན་དོན་རང་བཞིན་དང་། སྒོ་དབྱེའི་རང་བཞིན། གསོན་ཤུགས་ཆེན་པོ་བཅས་གང་ལེགས་མངོན་ཡོད། མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་བརྟན་པོ་འཛུགས་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

 

མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་བརྟན་པོ་འཛུགས་པར་སློབ་སྦྱོང་ནི་རྨང་གཞི་རེད། དང་ཐོག་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་སློབ་སྦྱོང་བྱེད་དགོས་པ་དང་། དེ་ཆ་ལག་ཚང་བའི་སྒོ་ནས་སློབ་སྦྱོང་བྱེད་པ་ལས་སློབ་སྦྱོང་ཐར་ཐོར་མི་བྱེད་པ་དང་། དངོས་ཡོད་ཀྱི་སྒོ་ནས་སློབ་སྦྱོང་བྱེད་པ་ལས་སློབ་སྦྱོང་སྟོང་པ་མི་བྱེད་པར་བསམ་བློའི་གོ་མཚོན་འདི་ཁོང་དུ་ཏན་ཏིག་ཆུད་པར་བྱེད་དགོས་ལ་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བའང་ཁོང་དུ་ཆུད་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱེད་པརཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བདེབ་དང་པོ་དང་གཉིས་པ་དབང་གྲགས་ལྡན་པའི་ཀློག་དེབ་ལ་བརྩི་བ་དང་། ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བབཀླགས་ནས་ཤེས་པ་དང་སློབ་སྦྱོང་ནན་ཏན་བྱེད་པའི་བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་དེ་སྔ་མའོ་ཀྲུའུ་ཞིའི་གསུང་རྩོམ་སློབ་སྦྱོང་བྱས་པ་བཞིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་བྱེད་པར་དངོས་ཐོག་བདེན་འཚོལ་གྱིས་བྱ་བ་ཐམས་ཅད་དོན་དངོས་དང་ཟུང་འབྲེལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་གཞི་རྩའི་རྩ་བའི་རིགས་པ་དེ་ཉིད་ཞིབ་ཕྲའི་ལག་ལེན་དང་ཟུང་འབྲེལ་དང་། མཐའ་སྐྱོང་བོད་བརྟན་གྱི་དོན་དངོས་དང་ཟུང་འབྲེལ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཟུང་འབྲེལ། བསམ་བློའི་དོན་དངོས་དང་ཟུང་འབྲེལ། ཕྲག་གི་འགན་འཁྲི་དང་འོས་འགན་དང་ཟུང་འབྲེལ་བཅས་བྱས་ཏེ་དོན་དངོས་ཀྱི་གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏན་ཏིག་བྱེད་པ། སེམས་གཏིང་ནས་བྱེད་པ་བཅས་ཀྱིས་ལྷག་བསམ་རྣམ་དག་དང་། དད་སེམས། འགན་འཁུར་ཕོད་པ། འཇོན་ཐང་། འགན་འཁྲི། ཧུར་སེམས། སྤྱོད་གཙང་བཅས་ཤེས་པ་བྱེད་དགོས།

 

མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་བརྟན་པོ་འཛུགས་པར་ངེས་པར་དུ་ཚན་རིག་དང་མཐུན་པའི་བདེན་དོན་འདི་ཡག་པོ་སྤྱོད་དགོས། ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་དངོས་གཙོ་སྨྲ་བ་ཞིག་བྱེད་པ་ལས་ལྷ་ཡོད་སྨྲ་བར་དད་མོས་བྱེད་མི་རུང་བ་དང་ཆོས་དད་བྱེད་མི་རུང་བ་ཏང་གི་ངོ་བོ་དང་ཏང་གི་སྒྲིག་ཁྲིམས་ཀྱིས་ཐག་གཅོད་བྱས་པ་ཞིག་རེད། བསམ་བློའི་ཐོག་ནས་རང་རྟོགས་ངང་དངོས་གཙོ་རིང་ལུགས་དང་སེམས་གཙོ་རིང་ལུགས། ལྷ་མེད་སྨྲ་བ་དང་ལྷ་ཡོད་སྨྲ་བ། ཚན་རིག་དང་རྨོངས་དད་བཅས་དབར་གྱི་དབྱེ་མཚམས་གསལ་པོ་ཕྱེ་སྟེ་དར་ཆ་གསལ་སྟོན་ངང་སེམས་གཙོ་རིང་ལུགས་དང་ལྷ་ཡོད་སྨྲ་བར་དགག་པ་རྒྱག་དགོས། གུང་ཁྲན་ཏང་ཡོན་ཚང་མས་རང་རྟོགས་ངང་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བའི་བསམ་བློའི་གོ་མཚོན་རྣོན་པོ་འདི་སྤྱད་དེ་དོན་དངོས་གསལ་བཤད་དང་། ཡིན་མིན་གསལ་འབྱེད། རྩ་དོན་སྟངས་འཛིན་བཅས་བྱས་ནས་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་དང་བོད་རང་བཙན་གྱི་ལྐོག་གཡོ་གཤོམ་མཁན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་དམར་རྗེན་དུ་བཏོན་ནས་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་དང་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།

 

མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་བརྟན་པོ་འཛུགས་པར་ངེས་པར་དུ་ཚན་རིག་དང་མཐུན་པའི་བདེན་དོན་འདི་དམངས་དཀྱུས་ཅན་དུ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཡོངས་སུ་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་དྲིལ་བསྒྲགས་དང་ཁྱབ་གདལ་ཧུར་ཐག་བཏང་སྟེ་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་གཏོང་བ་ནི་དཀའ་ཚེགས་ཆེ་ལ་ཞིབ་ཚགས་པ་དང་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་ལས་དོན་ཞིག་ཡིན་པས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་ཡོད་ཀྱི་བསམ་བློ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དམིགས་སའི་རང་བཞིན་ཤུགས་ཆེར་ཧུར་ཐག་གཏོང་བ་དང་སྔོན་ཐོན་རང་བཞིན་གྱི་བླང་བྱ་དང་རྒྱ་ཁྱབ་རང་བཞིན་གྱི་བླང་བྱ་ཟུང་འབྲེལ་བྱས་ཏེ་གནས་ལུགས་ལ་བརྟེན་ནས་མི་ལ་གོ་བསྐོན་སློབ་གསོ་གཏོང་བ་དང་བརྩེ་སེམས་ལ་བརྟེན་ནས་མི་ལ་གཡོ་འགུལ་ཐེབས་པར་བྱས་ཐོག་མང་ཚོགས་ཀྱི་མཐོང་འདོད་ཉན་སྤྲོའི་བྱེད་ཐབས་སྤྱད་དེ་དངོས་གཙོ་རིང་ལུགས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་དགོས། མི་དམངས་མང་ཚོགས་རང་ངོས་ཀྱི་བབ་ཆགས་པའི་དངོས་གཙོ་རིང་ལུགས་ཤེས་རྟོགས་དང་ཁས་ལེན་བྱེད་མཁས་པོ་དགོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐད་ཆ་ཤོད་པ་དང་། དོན་དངོས་དང་བསྟུན་ནས་སྐད་ཆ་ཤོད་པ། ལོ་རྒྱུས་ལ་བརྟེན་ནས་སྐད་ཆ་ཤོད་པ། མང་ཚོགས་གམ་གྱི་གཏམ་རྒྱུད་ལ་བརྟེན་ནས་སྐད་ཆ་ཤོད་པ་བཅས་བྱས་ཏེ་མང་ཚོགས་ཀྱིས་རྨོངས་དད་སེལ་བ་དང་ཚན་རིག་ལ་གོང་བཀུར་བྱེད་པར་ཁྲིད་སྟོན་བྱེད་དགོས། དཔེ་མཚོན་ཤེས་རྟོགས་དང་། དཔེ་མཚོན་སྐྱེད་སྲིང་། དཔེ་མཚོན་དྲིལ་བསྒྲགས་བཅས་བྱེད་མཁས་པོ་བྱས་ཏེ་ཚན་རིག་གོང་བཀུར་གྱི་དཔེ་མཚོན་དང་། དཀའ་སྤྱད་ཕྱུག་འགྱུར་གྱི་དཔེ་མཚོན། གོམས་སྲོལ་བསྒྱུར་བའི་དཔེ་མཚོན་བཅས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་དང་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུངནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བའི་དྲིལ་བསྒྲགས་མིག་སྔར་སྤེལ་བཞིན་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དངོས་གཙོ་རིང་ལུགས་ཀྱི་བསམ་བློ་མང་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བར་མཉམ་འདྲེས་ཡོང་བར་བྱེད་དགོས།

 

“ཐོག་མ་ཉིད་ནས་འཇིག་རྟེན་སྐྱབས་མགོན་ཟེར་བ་མེད་ལ་གོང་མ་དང་ལྷར་ཡང་བརྟེན་གྱི་མེད། མིའི་རིགས་ཀྱི་བདེ་སྐྱིད་སྐྲུན་དགོས་ན། ཚང་མ་ང་ཚོ་རང་ལ་བརྟེན་དགོས”ཚན་རིག་དང་མཐུན་པའི་བདེན་དོན་གྱིས་མང་ཚོགས་ཀྱི་བསམ་བློར་དྲག་ཆས་སྤྲས་ཚེ་འཇིག་རྟེན་སྒྱུར་བཀོད་བྱེད་པའི་དངོས་པོའི་སྟོབས་ཤུགས་ཆེན་པོར་གྱུར་སྲིད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་བརྟན་པོ་བཙུགས་ཏེ་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་སྨྲ་བ་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་བཏང་ཚེ་བདེན་དོན་གྱི་གཟི་བྱིན་མདུན་སྐྱོད་ལམ་བུར་ཇི་ཙམ་འཕྲོ་བ་དེ་ཙམ་གྱིས་གསལ་དུ་འགྲོ་སྲིད་པ་དང་། ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་ཞིག་རྩོམ་ཐུབ་ངེས་རེད།

 

(བསོད་ནམས་བདེ་སྐྱིད་དང་བསྟན་བློས་སྒྱུར་ཞུས་བྱས)

 

 

1

 

编辑:杜龙飞
上一篇:党员学习材料
下一篇:党员学习材料
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心