当前位置: 首页 > 通知公告 > 党员学习材料

党员学习材料

2019年05月11日 12:44:23 访问量:85

 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན་གསལ་རྟོགས་མཐར་ཕྱིན་པ་བྱེད་དགོས།

—— མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་དགུ་པ།

 

 

 

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“ཚེ་གང་སངས་རྒྱས་ཀྱི་རྗེས་འབྲངས་པ”དང་། “ན་གཞོན་ཚོའི་ཆོས་ཀྱི་སློབ་དཔོན”“དགེ་སློང”བཅས་ཡིན་ཞེས་ཤོད་ཀྱི་ཡོད། དོན་ངོ་མར་འདི་ལྟར་ཡིན་ནམ། མེས་རྒྱལ་ལ་ངོ་ལོག་གིས་བྲོས་བྱོལ་དུ་སོང་བའི་ལོ་བཅུ་ཕྲག་ཁ་ཤས་རིང་གི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་གཏམ་སྤྱོད་ལ་བལྟས་ན། ལས་རྒྱུ་འབྲས་བརྩི་མཁན་ཚང་མས་རྟོགས་དཀའ་བ་ཞིག་མིན་པ་སྟེ། དོན་དངོས་ཐོག་ཁོ་པ་ནི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་འཁྲུལ་མེད་ཅིག་ཡིན་པ་དེ་རེད།

 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན་དེ་བོད་བརྒྱུད་ནང་བསྟན་གྱི་ངེས་འབྱུང་གི་སེམས་དང་མངོན་སུམ་འཛེམ་མེད་ངང་རྒྱབ་འགལ་བྱས་པ་ལས་མཚོན་གྱི་ཡོད། “ཤཱཀྱའི་དགེ་སློང”ཞིག་ཡིན་ན། སངས་རྒྱས་ཆོས་ལུགས་ཀྱི་ཆེད་དུ་རང་ལུས་སྦྱིན་པ་གཏོང་བ་དང་། ནང་བསྟན་རིག་པར་བརྩོན་ཞིབ་བྱེད་པ། འཇིག་རྟེན་པའི་རྩོད་གཞིར་མི་ཞུགས་པ། བདག་གཞན་གཉིས་སྒྲོལ་ཐུབ་པ་བཅས་བྱེད་དགོས་ཀྱི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ངོས་ནས་བརྗོད་ན། ཆོས་ལུགས་དེ་ཐོག་མཐའ་བར་གསུམ་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྲུང་སྐྱོང་དང་སླར་གསོ་བྱེད་པའི་ལག་ཆ་ཞིག་དང་། “བོད་རང་བཙན”གྱི་ཆབ་སྲིད་བྱེད་སྤྱོད་སྤེལ་བའི་ངོ་ཚའི་གོས་ལྟ་བུ་ཞིག་རེད། ཁོ་པས་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་དང་ངན་པ་ལག་སྦྲེལ་གྱིས་1959ལོར་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་དང་། ངོ་ལོག་ཟིང་འཁྲུག་ཕམ་ཉེས་བྱུང་རྗེས་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་པང་དུ་རྦད་དེ་འཛུལ་ཡོད། ཕྱི་རྒྱལ་དུ་ངོ་ལོག་བྲོས་བྱོལ་ཕྱིན་ཚུན། ཁོ་པས་རྟག་ཏུ“བོད་རང་བཙན”ཟེར་བ་ཡོང་རྒྱུའི་རེ་ངན་བཅངས་ཏེ་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཁ་ཕྲལ་སིམ་འཛུལ་གྱི་བྱེད་སྤྱོད་སྤེལ་བ་དང་རྒྱལ་ནང་དུ་ཟིང་ཆ་དང་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་བསླངས་ཡོད། “3·14”སོགས་དོན་རྐྱེན་རབ་དང་རིམ་པ་ནི་བདེན་དཔང་ཁུངས་བཙན་ཞིག་རེད། ཁོ་པས་ད་དུང“ཆོས་ལུགས”དང་། “འགྲོ་བ་མིའི་ཐོབ་ཐང”“མི་རིགས”“རིག་གནས”“ཁོར་ཡུག་སྲུང་སྐྱོང”སོགས་ཀྱི་དར་རྟགས་འཕྱར་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་གཏོར་བཤིག་བཏང་སྟེ“བོད་རང་བཙན”ཟེར་བ་ཡོང་ཐབས་བྱེད་ཀྱི་ཡོད།

 

(པར་ངོས་བཞི་པར་གཟིགས)

 

(པར་ངོས་དང་པོར་མཐུད) ཁོ་པས་ཐ་ན་རང་ཉིད་ནི“རྒྱ་གར་གྱི་བུ་ཕྲུག”ཡིན་ཞེས་ཤོད་པ་ནི་དངོས་གནས་ཕ་སྤུན་རྒྱབ་སྐྱུར་དང་འབྱུང་རྩ་གཏིང་བརྗེད་བྱས་པ་ཞིག་རང་རེད།

 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན་དེ་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་བསྟན་དོན་དང་མངོན་སུམ་འཛེམ་མེད་ངང་རྒྱབ་འགལ་བྱས་པ་ལས་མཚོན་གྱི་ཡོད། “བྱམས་སྙིང་རྗེ་དང་འགྲོ་ཀུན་བཏང་སྙོམས”ནི་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་བསྟན་དོན་དང་ནང་པ་བའི་ཆོས་ལུགས་ཀྱི་རྟོགས་པ་མཐོ་རུ་གཏོང་བའི་ལམ་སྟོན་སྒྲོན་མེ་ལྟ་བུ་རེད། འོན་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ནང་བསྟན་གྱི་བསྟན་དོན་རྒྱབ་ཏུ་བསྐྱུར་ཅིང་། ཁོ་པའི་དབང་སྒྱུར་འོག་གི་བོད་རྙིང་པར་ཞལ་ལྕེའི་ནང་མི་རྣམས་རིགས་གསུམ་དང་རིམ་པ་དགུར་ཕྱེ་བ་དང་། རིགས་དང་རིམ་པ་དམའ་བའི་མིའི་སྟོང་ལ་དྲེད་ཐག་གཅིག་ལས་མི་རི་བས་འགྲོ་ཀུན་འདྲ་མཉམ་གང་དུ་ཡོད་དམ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་དབང་སྒྱུར་འོག་མི་དང་མིའི་དབར་འདྲ་མཉམ་མེད་ལ་ཐ་ན“ལྷའི”དབར་ཡང་འདྲ་མཉམ་མེད། ཁོ་པས་རྒྱལ་ཆེན་ཤུགས་ལྡན་གྱིས་ཁོ་པའི“ཆོས་སྲིད་ཀྱི་བྱ་གཞག་ཆེན་པོ”དང“བདེ་ཐང”ལ་གནོད་ཀྱི་འདུག་ཅེས་བརྗོད་པ་དང་ཆབས་ཅིག་སྲུང་མ་དེ་གསོལ་མི་ཆོག་ཅེས་བརྗོད་ནས་དད་ལྡན་དབར་འགལ་རྐྱེན་བཟོས་ཡོད། དོན་དངོས་ཐོག་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་བསྟན་དོན་མི་སྲུང་བའི་ཁར། ཁོ་པར་ཞི་གནས་ཀྱི་བསམ་པ་དང་འཇིག་རྟེན་ལ་ཞེན་ལོག་གི་བསམ་པ་གཏན་ནས་མེད་པ་དང་། བྱམས་སྙིང་རྗེ་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བར་བྱེད་པའི་བྱང་ཆུབ་སེམས་མེད་པ། འགྲོ་ཀུན་བཏང་སྙོམས་ཀྱི་སངས་རྒྱས་ཀྱི་དགོངས་རྒྱ་དེ་བས་ཀྱང་མེད་པ་ར་འཕྲོད་ཐུབ་ཀྱི་ཡོད། “བོད་རང་བཙན”གྱི་ལྐོག་གཡོ་གཤོམ་ཆེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་དང“ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དམག”བཙུགས་ནས་རང་རྒྱལ་གྱི་མཐའ་མཚམས་ས་ཁུལ་ལ་འཇབ་རྒོལ་བྱས་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་དང་ལོ་རབས་དགུ་བཅུ་པའི་དུས་འགོའི་ལྷ་སའི་ཟིང་ཆ་ནས་ཐོས་པ་ཙམ་གྱིས་སྐྲག་སྣང་སྐྱེ་དགོས་པའི“3·14”དོན་རྐྱེན་བར་གྱི་མི་གསོད་མེ་རྒྱག་གི་བྱ་ངན་སྤྱོད་ངན་ཚང་མའི་ཐོག་ནས་ཁོ་པའི་ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན་འཛམ་གླིང་སྐྱེ་བོ་ཀུན་གྱིས་གསལ་པོར་མཐོང་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་བྱ”ཞེས་པའི་སྙིང་དོན་བརྟན་པོ་མ་སྲུང་བའི་ཁར། སྔར་བྱས་རྒྱབ་བསྐྱུར་དང་ཕྱིན་ཆད་སྤང་བླངས་མི་བྱེད་པར་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་བསྟན་དོན་སྔ་ས་ནས་རྣ་བའི་རྒྱབ་ཏུ་བསྐྱུར་བ་མ་ཟད། ད་དུང་རང་ཉིད་བོད་བརྒྱུད་ནང་བསྟན་གྱི“བསམ་པའི་གཙོ་འཛིན”ཡིན་མདོག་བྱེད་ཀྱི་ཡོད། གཡོ་རྫུས་དེ་རིགས་ནི་མཐོང་ཧ་ཅང་དཀོན་པ་ཞིག་རེད།

 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན་དེ་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་སྡོམ་པ་དང་མངོན་སུམ་འཛེམ་མེད་ངང་རྒྱབ་འགལ་བྱས་པ་ལས་མཚོན་གྱི་ཡོད། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་སྲུང་དགོས་པའི་སྡོམ་པ་ཧ་ཅང་མང་བ་དཔེར་ན། སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ། མི་ཚངས་མི་སྤྱོད་པ། རྫུན་མི་ཤོད་པ་བཅས་ནི་རྩ་བ་བཞི་ཡིན་མོད། འོན་ཀྱང“ཤཱཀྱའི་དགེ་སློང”ཞིག་ཡིན་ཞེས་རྒྱ་བསྒྲགས་བོད་བསྒྲགས་བྱེད་མཁན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བྱ་ངན་སྤྱོད་ངན་སྣ་ཚོགས་སྤེལ་བ་སྡོམ་པ་ལས་ཡང་ཡང་འགལ་ཡོད། བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་ནང་རང་ཤི་རྒྱག་པ་དང་མི་གཞན་རང་ཤི་རྒྱག་ཏུ་འཇུག་པ་ཚང་མ་ནི་སྡིག་པ་ཚབས་ཆེན་གྱི་ཁོངས་སུ་གཏོགས་པ་དང་སྡིག་ཉེས་ཚབས་ཆེན་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཚེ་སྲོག་སྣང་མེད་དུ་བཏང་སྟེ་དད་ལྡན་མང་ཚོགས་ལ་རང་སྲེག་བྱ་རྒྱུའི་ངན་སྐུལ་བྱས་པ་ལས་གཡོ་འོག་ཏུ་ཚུད་མཁན་གྱི་མི་ལུས་རིན་ཆེན་ཤོར་ཡོད། གལ་སྲིད་སངས་རྒྱས་ལ་རྣམ་མཁྱེན་ཡོད་ཚེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཐ་ཤལ་བྱེད་སྤྱོད་དེར་རྒོལ་གཏམ་མི་གཏོང་ག་ལ་སྲིད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་སྣང་མེད་དང་བོད་ལ་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་གྲུབ་འབྲས་ཧ་ཅང་ཆེན་པོ་སྣང་མེད་དུ་བཏང་ནས་འཆལ་གཏམ་རྫོགས་རྒྱུ་མེད་པ་སྤེལ་ཞིང་། རྒྱལ་སྤྱིའི་ཐོག“བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད”དང་།“བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཕོག་འདུག”“བོད་ཀྱི་རིག་གནས་རྨེག་མེད་དུ་གཏོང་གི་འདུག”“བོད་དུ་ཆོས་དད་རང་མོས་མེད”ཅེས་སྨྱོ་ཧམ་ཆེན་པོས་བརྗོད་ནས་རང་གཞན་གཉིས་ཀར་མགོ་སྐོར་གཏོང་གི་ཡོད། དོན་དངོས་ལ་མི་བལྟོས་པར་དཀར་ནག་ཕྱིན་ཅི་སློག་པས་ཤཱཀྱ་མུ་ནེ་མཆོག་ནས་ཀྱང་ཁོ་པ་ནི་རང་ཉིད་ཀྱི་རྗེས་འབྲངས་པ་ཞིག་ཡིན་པ་ཁས་ལེན་མི་སྲིད།

 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན་དེ་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་དང་མངོན་སུམ་འཛེམ་མེད་ངང་རྒྱབ་འགལ་བྱས་པ་ལས་མཚོན་གྱི་ཡོད། ཆོས་ལུགས་ཀྱི་ཆོ་གར་གཞིགས་ན། དུས་འཁོར་དབང་ཆེན་གྱི་བསྙེན་མཚམས་ལ་སྤྱིར་ན་ལོ་གཅིག་ནས་གསུམ་བར་རྒྱུན་མཐུད་དགོས་ཀྱི་ཡོད། ཡིན་ནའང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་དུས་ཚོད་ཐུང་དུ་གཏོང་བ་དང་། ནང་དོན་མདོར་བསྡུས་སུ་གཏོང་བ། མྱུར་སྒྲུབ་ཀྱི་བྱ་ཐབས་སྤྱད་ནས་ནང་བསྟན་བྱེད་སྒོ་དེ་ཁྲལ་སེལ་སླ་བཅོས་ཀྱིས་མཇུག་བསྒྲིལ་ནས་དུས་འཁོར་དབང་ཆེན་ལོ་གཅིག་ནང་ཐེངས་བཞི་ཙམ་སྤེལ་བའི་ཆབ་སྲིད་ཀྱི་ངོམ་སྟོན་བྱེད་སྒོར་བསྒྱུར་ཡོད། ཆིང་རྒྱལ་རབས་ཀྱི་དུས་འགོ་ནས་བཟུང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ཆ་ཚང་བ་ཞིག་རིམ་བཞིན་ཆགས་ཡོད། ད་བར་དུ་ཀྲུང་དབྱང་སྲིད་གཞུང་གི་དོ་དམ་ནུས་ལྡན་འོག་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ཚང་མར་ཀྲུང་དབྱང་སྲིད་གཞུང་གི་ཁས་ལེན་དང་ཆོག་མཆན་ཐོབ་དགོས་ཀྱི་ཡོད། འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་དང་མངོན་སུམ་འཛེམ་མེད་ངང་རྒྱབ་འགལ་བྱས་ཏེ་སྐབས་རེ“སྐྲ་སེར་མིག་སྔོའི་བུད་མེད”ཅིག་ཏུ་ཡང་སྲིད་འབྱོན་རྒྱུ་ཡིན་ཞེས་བརྗོད་པ་དང་། སྐབས་རེ“སྦྲང་ནོར་བུ”ཞིག་ཏུ་ཡང་སྲིད་འབྱོན་རྒྱུ་ཡིན་ཞེས་བརྗོད་པ། ཐ་ན“གསོན་པོར་སྡོད་དུས་ཡང་སྲིད་ངོས་འཛིན”བྱ་རྒྱུ་ཡིན་ཞེས་པ་ལ་སོགས་པའི་ཡ་མཚན་ཆེ་བའི་གཏམ་བརྗོད་སྤེལ་དོན་ནི་ཏཱ་ལའི་ཡང་སྲིད་ངོས་འཛིན་ཐད་ཀྱི་ཀྲུང་དབྱང་སྲིད་གཞུང་གི་གཏན་འབེབས་བྱེད་དབང་ཁས་མི་ལེན་རྒྱུའི་རེ་ངན་འཆང་བ་དེ་རེད། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་འཛེམ་བག་མེད་པར་རྡོག་རོལ་བཏང་བ་དེ་ཐོག་ནས་ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན་དམར་རྗེན་དུ་མངོན་གྱི་ཡོད།

 

“ཐ་ཤལ་ནི་ཐ་ཤལ་བའི་ལམ་ཡིག་དང་ཡ་རབས་ནི་ཡ་རབས་པའི་དྲན་སྐུལ་ཡི་གེ་ཡིན”ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་གཏམ་སྤྱོད་ལས་ཁོ་པར་ཆོས་ལུགས་ཀྱི་དད་སེམས་སྤུ་ཙམ་ཡང་མེད་པ་དང་དད་ལྡན་མང་ཚོགས་ལ་ཆོས་ལུགས་ཀྱི་བརྩེ་དུང་སྤུ་ཙམ་ཡང་མེད་པ་མངོན་གྱི་ཡོད། དོན་དངོས་ཐོག་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དད་ལྡན་མང་ཚོགས་ཤིན་ཏུ་མང་བ། སྡོམ་ཁྲིམས་དམ་པ། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་བོད་བརྒྱུད་ནང་བསྟན་དེ་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ཆབ་སྲིད་ཀྱི་ལག་ཆར་བརྩི་བའི་ཁར། ཆོས་ལུགས་ལ་ཁ་གཡར་ནས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་ཀྲུང་དབྱང་ལ་ཁ་གཏད་གཅོག་པའི་བྱ་བ་རྩོམ་གྱི་ཡོད། མི་ཆོས་བླ་མའི་རྫུན་རྐུབ་རྟོལ་དགོས་ལ་མི་བདེན་རྫུན་སྒྲིག་གི་གདོང་འབག་ཀྱང་བཤུ་དགོས། ང་ཚོས་ངེས་པར་དུ་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་ཞིག་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་གདོང་རིས་ངོ་མ་གསལ་པོར་མཐོང་བ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།

 

ཉི་དོན་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས

 

 

1

 

编辑:杜龙飞
上一篇:党员学习材料
下一篇:党员学习材料
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心