当前位置: 首页 > 通知公告 > 党员学习材料

党员学习材料

2019年05月11日 12:44:38 访问量:94

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་གསལ་རྟོགས་མཐར་ཕྱིན་པ་བྱེད་དགོས།

—— མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་ སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་བཅུ་པ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

 

 

འགྱུར་མང་བ་དང་འགྱུར་སླ་བ་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་སྔ་བར་ཕྱི་གསུམ་གྱི་ཁྱད་རྟགས་ཤིག་རེད། ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི“འགྱུར་བ”ནི་བལྟོས་བཅས་དང“མི་འགྱུར་བ”ནི་བལྟོས་མེད་ཅིག་ཡིན་པ་དང“འགྱུར་བ”ནི་ཁོ་པའི་བྱེད་ཐབས་དང“མི་འགྱུར་བ”ནི“བོད་རང་བཙན”ཟེར་བའི་ལྐོག་གཡོ་སྒྲུབ་ཐབས་བྱེད་པའི་ཁོ་པའི་ལོག་སྤྱོད་ཀྱི་ངོ་བོ་དེ་ཡིན་པ་མཐོང་བ་བྱེད་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གཡོ་ཇུས་སྣ་ཚོགས་བཤམས་ནས་རང་ཉིད་ཀྱི་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་ལོ་རྒྱུས་ལྟག་ལོག་རྒྱག་རྩིས་བྱས་ནའང་ཕམ་ངེས་ཀྱི་ལས་དབང་ལ་ནམ་ཡང་འགྱུར་ལྡོག་གཏོང་མི་ཐུབ།

 

ཆབ་སྲིད་ཀྱི་བྱེད་ཐབས་ཐད། “དབུ་མའི་ལམ”ཟེར་བར་ཁ་གཡར་ནས“བོད་རང་བཙན”ཟེར་བ་ཡོང་ཐབས་བྱས་ཏེ“བོད་རང་བཙན་”ཟེར་བའི་ལོག་སྤྱོད་ཀྱི་འདོད་ཚུལ་འགེབས་ཐབས་བྱེད་ཀྱི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཁ་ཕྲལ་གྱི་ལམ་བུར་སྐྱོད་འགོ་ཚུགས་པའི་ཉིན་ནས་བཟུང་། “བོད་རང་བཙན”ཟེར་བ་ཡོང་ཐབས་ཀྱི་ལྐོག་ཇུས་ལ་འགྱུར་བ་རྒྱུན་ཆད་མེད་པར་བཏང་ཞིང་། 1959ལོའི་ཟླ་བ་གསུམ་པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རྒྱ་གར་དུ་བྲོས་བྱོལ་སོང་རྗེས། གཏུམ་སྤྱོད་ལ་བརྟེན་ནས“བོད་རང་བཙན”ཟེར་བ་ཡོང་ཐབས་ཀྱི་འདོད་ཚུལ་མངོན་སུམ་འཛེམ་མེད་ངང་བསྟན་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་དུས་མཇུག་ཏུ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཞི་ལྷོད་དུ་སོང་བ་དང་ཆབས་ཅིག་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“དབུ་མའི་ལམ”ཟེར་བ་བཏོན་པ་དང་། 1989ལོར་སུའུ་ལེན་དང་ཡོ་རོབ་ཤར་མར་དུས་འགྱུར་བྱུང་རྗེས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“རྦད་དེ་རང་བཙན”ཟེར་བ་བཏོན་པ། 1994ལོའི་རྗེས་སུ་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག“དབུ་མའི་ལམ”ཟེར་བའི་དར་རྟགས་སླར་ཡང་འཕྱར་ནས“ཚད་མཐོའི་རང་སྐྱོང”ཟེར་བའི་རེ་ངན་བཏོན་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཀྱི་འདོད་ཚུལ་ནི“དབུ་མའི་ལམ”ཟེར་བར་ཁ་གཡར་ཏེ་དོན་དངོས་ཐོག“བོད་རང་བཙན”ཟེར་བའི་ལྐོག་གཡོ་སྒྲུབ་ཐབས་བྱེད་པ་ཞིག་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཉེ་འཁོར་གྱི་མི་དང་དེ་བཞིན་ཁོ་པའི་རྐང་འཛིན་པ་འགའ་ཞིག་གིས“གོམ་སྟབས་དང་པོར་རང་སྐྱོང་གི་མིང་ཐོག་ནས་བོད་ཕྱེད་རང་བཙན་ཡོང་བ་བྱ་རྒྱུ་དང་གོམ་སྟབས་གཉིས་པར་བོད་རང་བཙན་ཡོང་བར་བར་བརྒལ་བྱ་རྒྱུ”ཡིན་ཞེས་དང“བོད་རང་བཙན་དང་བོད་རང་སྐྱོང་ཟེར་བའི་ལྟ་བ་གཉིས་ནི་འགལ་ཟླ་མིན་ཞིང་།

 

(པར་ངོས་བཞི་པར་གཟིགས)

 

(པར་ངོས་དང་པོར་མཐུད) བོད་རང་བཙན་ནི་རྩ་དོན་གྱི་དམིགས་ཡུལ་དང་བོད་རང་སྐྱོང་ནི་དངོས་ཡོད་ཀྱི་དམིགས་ཡུལ་ཡིན”ཟེར་བའི་གཏམ་འཆལ་མངོན་སུམ་འཛེམས་མེད་དུ་སྤེལ་བ་ལས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི“གསང་བའི”མཚང་བརྟོལ་ཡོད། “དབུ་མའི་ལམ”ཟེར་བ་དང“ཚད་མཐོའི་རང་སྐྱོང”ཟེར་བ་གང་ཡིན་རུང་དེའི་དམིགས་ཡུལ་ནི་ཏང་གི་འགོ་ཁྲིད་ཁས་མི་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁས་མི་ལེན་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁས་མི་ལེན་པ་བཅས་ཀྱི་ཐོག་ནས་ཆོས་སྲིད་ཟུང་འབྲེལ་གྱི་ལྐོག་གཡོ་སྒྲུབ་ཆེད་རེད།

 

ཁ་ཕྲལ་གྱི་བྱེད་ཐབས་ཐད། “འཚེ་མེད་ཞི་བ”ཟེར་བར་ཁ་གཡར་ནས་གཏུམ་སྤྱོད་སྤེལ་ཏེ་མི་དམངས་ལ་གནོད་འཚེ་བཏང་བ་དང་མི་དམངས་སྡུག་ལ་སྦྱར་བའི་སྡིག་ཉེས་འགེབས་ཐབས་བྱེད་ཀྱི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“ཆོས་ལུགས་ཀྱི་གཙོ་འཛིན”གྱི་གདོང་འབག་གྱོན་ཏེ“འཚེ་མེད་ཞི་བ”ཟེར་བ་རྟག་ཏུ་ཁ་ལ་འཁྱེར་རུང་། གཏུམ་སྤྱོད་ཀྱི་དོན་རྐྱེན་རབ་དང་རིམ་པ་ལྐོག་ཏུ་བཟོས་ནས་བོད་ཀྱི་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་དང“བོད་རང་བཙན”ཟེར་བའི་ལྐོག་གཡོ་བསྒྲུབ་རྒྱུའི་རེ་ངན་འཆང་གི་ཡོད། 2008ལོར་ཏཱ་ལའི་རུ་ཚོགས་ཀྱིས་ངན་སློང་ཞིབ་ཚགས་བྱས་ནས“3·14”དོན་རྐྱེན་བསླངས་པ་སྟེ། གདུག་རྩུབ་ཆེ་བའི་མི་ངན་གྱིས་ཚོང་ཁང་ལ་སོགས་300ལ་མེ་བརྒྱབ་པ་དང་། ཉེས་མེད་མང་ཚོགས་18མེར་བསྲེགས་པའང་ཡང་ན་བསད་པ། མང་ཚོགས་382ལ་རྨས་སྐྱོན་བཏང་བ་བཅས་ཀྱི་བྱ་ངན་སྤྱོད་ངན་སྤེལ་བ་ལས་འཛམ་གླིང་ཐོག་གི་སྐྱེ་བོ་ཀུན་ཧ་ལས་ཧང་སང་བ་བཟོས། ཡིན་ནའང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“བོད་མིས་དུས་གང་ཞིག་ལ་ལས་གང་ཞིག་བྱེད་པ་ཚང་མར་ངས་བརྩི་འཇོག་བྱེད་པ་ལས། མཚམས་འཇོག་བྱ་རྒྱུའི་རེ་བ་འདོན་མི་སྲིད”ཅེས་བཤད་པ་དེ་ལས་གཏུམ་སྤྱོད་དེ་རིགས་ལ་ཁོ་པས་སྐུལ་ལྕག་དང་ཐ་ན་རྒྱབ་སྐྱོར་ཡང་བྱེད་པ་གསལ་པོ་མཐོང་ཐུབ། 2011ལོའི་ཟླ་བ་བརྒྱད་པར་ཏཱ་ལའི་རུ་ཚོགས་ཀྱིས“གསར་གཏོད་རྣམ་པའི་འཚེ་མེད་ཞི་བ”ཞེས་པའི་ལས་འགུལ་སླར་ཡང་བཏོན་ཞིང་། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ས་ཁོངས་ནང་ཁུལ་གྱི་བོད་རིགས་སེར་སྐྱ་མང་ཚོགས་ལ་རང་སྲེག་བྱ་རྒྱུའི་ངན་སྐུལ་བྱེད་འགོ་བཙུགས་པ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ངོ་མས“སྨོན་ལམ་ཆེན་མོ”འཚོགས་ནས་རང་སྲེག་བྱེད་མཁན་གྱི“གཤིན་པོ་ཡར་འདྲེན”དང་། “འདས་མཆོད”“སྨོན་ལམ”སོགས་ཀྱི་བྱེད་སྒོ་སྤེལ་ཡོད། རང་སྲེག་བྱ་རྒྱུའི་ངན་སྐུལ་བྱས་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རྣམ་འགྱུར་དང་བྱེད་ཐབས་ནི་མི་གཞན་ལ་རང་ཤི་རྒྱག་རྒྱུའི་ངན་སློབ་དང་འཇམ་ཁྲིད་བྱས་པ་ཞིག་རང་རེད། བྱེད་སྤྱོད་དེ་མིའི་རིགས་ཀྱི་རྩ་བའི་སྙིང་རྗེ་དང་ཀུན་སྤྱོད་ལས་འགལ་བ་ཞིག་རེད་ལ། ནང་བསྟན་གྱི་བསྟན་དོན་ལ་རྡོག་རོལ་ཚབས་ཆེན་བཏང་བ་ཞིག་ཀྱང་རེད། དོན་དངོས་ཀྱི་ཐོག་ནས“ཞི་བདེ”དང“འཚེ་མེད་ཞི་བ”ཟེར་བ་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བའི་ངོ་ཚའི་གོས་ཙམ་ཞིག་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཀྱི་ཡོད།

 

གླེང་ཕྱོགས་ཀྱི་བྱེད་ཐབས་ཐད། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་སྨྱན་སྦྱོར་གྱི་རྒྱབ་སྐྱོར་ལ་བརྟེན་ནས་དཀྲོག་གཏམ་བཟོས་པ་དང་མ་ཉེས་ཁག་གཡོགས་བྱས་ནས་མཐོང་ཐོས་རྙོག་བཟོ་དང་དཀར་ནག་ཕྱིན་ཅི་སློག་རྒྱུའི་ལྐོག་གཡོ་བཤམས་ཡོད། དུས་ཡུན་རིང་པོའི་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ལ་བརྟེན་པ་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་སྨྱན་སྦྱོར་བརྒྱུད་འཛེམ་བག་མེད་པར་དཀྲོག་གཏམ་བཤད་ནས་ཁོ་པའི“བོད་རང་བཙན”ཟེར་བའི་ཆབ་སྲིད་ཀྱི་ལྐོག་གཡོ་འགྲུབ་ཆེད་སྦིར་སྒྲ་བཟོ་བ་དང་། ཁོ་པ་ཚོས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་ལོ་རྒྱུས་འཕེལ་རིམ་འཁྱོག་བཤད་བྱས་ཏེ“ལོ་རྒྱུས་ཐོག་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན”ཞེས་དཀྲོག་གཏམ་བཟོ་བ། ཁོ་པ་ཚོས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོ་དང་ཁྱིམ་ཚང་ཆུང་ངུ་གཅིག་ཏུ་འདུས་པའི་ལོ་ངོ་སྟོང་ཕྲག་ནང་ཆགས་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་མི་བལྟོས་པར། དེ་སྔ་ཐོས་མྱོང་རྩ་བ་ནས་མེད་པའི“བོད་ཆེན་པོ”ཟེར་བའི་དཀྲོག་གཏམ་བཟོ་བ། ཁོ་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་སྣང་མེད་དུ་བཏང་ནས“བོད་ལ་འགྲོ་བ་མིའི་ཐོབ་ཐང་མི་འདུག”ཅེས་དཀྲོག་གཏམ་བཟོ་བ། ཁོ་པ་ཚོས་མང་ཚོགས་ཀྱི་རྒྱུན་གཏན་ཆོས་ལུགས་དང་འཚོ་བར་བརྩི་འཇོག་གང་ལེགས་ཐོབ་པ་དང་མང་ཚོགས་ཀྱི་རྒྱུན་གཏན་ཆོས་ལུགས་དང་འཚོ་བའི་དགོས་མཁོ་བསྐངས་པའི་དོན་དངོས་སྣང་མེད་དུ་བཏང་ནས“བོད་ལ་ཆོས་དད་རང་མོས་མེད”ཅེས་དཀྲོག་གཏམ་བཟོ་བ་མ་ཟད། ཁོ་པ་ཚོས་ད་དུང་བོད་ཀྱི་རིག་གནས་འཛུགས་སྐྱོང་དང་། སྣོད་བཅུད་འཛུགས་སྐྱོང་། མི་རིགས་འབྲེལ་བ་སོགས་ལ་འཛེམ་བག་མེད་པར་ཚིག་མཚོན་བཏབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་གཟུགས་མེད་གྲིབ་བཟོ་བྱེད་པ་དང་འཛམ་གླིང་སྐྱེ་བོའི་མདུན་དུ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བོད་རྙིང་པ་ལས་སྡུག་པའི་འཁྲུལ་སྣང་བཟོས་ནས་ལོ་རྒྱུས་ལྟག་ལོག་རྒྱག་རྒྱུའི་ཁོ་པ་ཚོའི་གླེང་ཕྱོགས་ལ་རྒྱབ་སྐྱོར་ཐོབ་རྒྱུའི་ལྐོག་གཡོ་བཅངས་ཡོད།

 

ལྐོག་གཡོའི་བྱེད་ཐབས་ཐད། “ཆོས་ལུགས་ཀྱི་གཙོ་འཛིན”ཟེར་བར་ཁ་གཡར་ཏེ་རོ་ལངས་དང་ལྟག་ལོག་རྒྱག་རྒྱུའི་བྱེད་སྤྱོད་སྤེལ་ནས་ལོག་སྤྱོད་སྲིད་ཚོང་བའི་གདོང་རིས་ངོ་མ་འགེབས་རྒྱུའི་རེ་ངན་བཅངས་ཡོད། ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱི་ངན་སློང་ཞིབ་ཚགས་འོག་བོད་རྙིང་པའི་ཞིང་བྲན་བདག་པོ་ཆེ་ཤོས་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར“ཆོས་ལུགས་ཀྱི་གཙོ་འཛིན”ཟེར་བ་དང་། “ཞི་བདེའི་ཕོ་ཉ”ཟེར་བ། “དགེ་སློང”ཟེར་བ་སོགས་མིང་སྙན་པོ་མང་པོ་ཞིག་བཏགས་ཡོད། བཀྲག་མདངས་འཚེར་བའི་འོད་གུར་འོག་ལོ་མང་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཐོས་བསམ་སྒོམ་གསུམ་ལ་མི་གཞོལ་བ་དང་བློ་ཁ་ཆོས་ལ་མི་ཕྱོགས་པར“ཆོས་ལུགས་ཀྱི་གཙོ་འཛིན”ཟེར་བ་སོགས་ཀྱི་འོད་གུར་ལ་བརྟེན་ནས་ལོག་སྤྱོད་ཀྱི་ཆབ་སྲིད་བྱེད་སྤྱོད་སྤེལ་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“ཆོས་འཆད་པར”ཁ་གཡར་ནས་མངའ་ཁོངས་ཕྱི་ནང་གི་ཁ་ཕྲལ་ཕྱོགས་གཏོགས་དང་ངན་སྦྲེལ་བྱས་ཏེ་གང་སར་འཁྱམ་མྱུལ་གྱིས“བོད་ཀྱི་གནད་དོན”ཟེར་བ་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུའི་རེ་ངན་བཅངས་པ་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་ངན་པ་ལག་སྦྲེལ་བྱས་ནས་ཀྲུང་གོ་བཀག་སྡོམ་བྱེད་པའི་དམིགས་ཡུལ་སྒྲུབ་ཐབས་བྱེད་པ་མ་ཟད། ཀྲུང་གོར་ངོ་རྒོལ་གྱི་མནའ་མཐུན་འཛུགས་རྒྱུའི་རེ་ངན་ཡང་བཅངས་ཡོད། ཁོ་པས་གཞན་གྱི་མདུན་དུ་རང་ཉིད“འགྲོ་བ་མིའི་ཐོབ་ཐང་གི་སྲུང་མ”དང་། “ཤཱཀྱའི་དགེ་སློང”“བོད་མི་དམངས་ཀྱི་མགྲིན་ཚབ་པ”བཅས་སུ་བརྫུས་པ་དང་ལྐོག་ཏུ་འགལ་ཟླ་བཟོ་བ་དང་། བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། རང་སྲེག་བྱ་རྒྱུའི་ངན་སྐུལ་བྱེད་པ། ཟིང་ཆ་སློང་བ། མེས་རྒྱལ་ཁ་ཕྲལ་གཏོང་བ། མི་དམངས་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ལས་ངན་སྣ་ཚོགས་སྤེལ་ཡོད། བཀྲག་མདངས་འཚེར་བའི་འོད་གུར་དེ་དག་ཕུད་ན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ལོག་སྤྱོད་ཀྱི་སྲིད་ཚོང་བ་འཁྲུལ་མེད་ཅིག་རེད།

 

གཏམ་འཆལ་ནི་གཏམ་འཆལ་རང་རེད། ག་ཚོད་བཤད་ཀྱང་བདེན་པར་འགྱུར་ག་ལ་སྲིད། གཏམ་འཆལ་གྱིས་དོན་དངོས་མི་ཤེས་པའི་མི་ཁ་ཤས་ལ་མགོ་སྐོར་གཏོང་ཐུབ་ཀྱང་བདེན་དོན་གྱི་གཟི་འོད་འགེབས་ག་ལ་ཐུབ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་གཏམ་འཆལ་གྱི་མདུན་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བོད་རྙིང་པའི་ཚབ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པས་བྱས་པ་ནི་ལོ་རྒྱུས་ཀྱི་ལྡོག་མེད་དང་། བདེན་དོན་གྱི་རྒྱལ་ཁ། མི་དམངས་ཀྱི་རྒྱལ་ཁ་བཅས་ཡིན་པ་དེ་བས་གསལ་རྟོགས་ཐུབ་ཡོད། ང་ཚོས་བདེན་དོན་ལ་ཡིད་ཆེས་བརྟན་པོ་བྱེད་པ་དང་། བདེན་དོན་གྱི་རྗེས་སུ་འབྲང་བ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དབྱེ་མཚམས་གསལ་པོ་འབྱེད་པ། ཁ་ཕྲལ་ཕྱོགས་གཏོགས་ཀྱི་འགོག་རྐྱེན་མཐའ་དག་སེལ་བ་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཉིད་ལ་དབང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས།

 

(པ་སངས་དང་པ་ཕན་གྱིས་སྒྱུར་ཞུས་བྱས)

 

 

1

 

编辑:杜龙飞
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心