当前位置: 首页 > 通知公告 > 党员学习材料

党员学习材料

2019年05月11日 12:43:57 访问量:53

 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་གསལ་རྟོགས་མཐར་ཕྱིན་པ་བྱེད་དགོས།

—— མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་

 

 

 

སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་བརྒྱད་པ།

 

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་མི་གང་འདྲ་ཞིག་ཡིན་ནམ། ཁོ་པས་རང་ཉིད་ནི“བོད་མི་དམངས་ཀྱི་མགྲིན་ཚབ་པ”ཡིན་ཞེས་བརྗོད་ཀྱི་ཡོད། དོན་ངོ་མར་འདི་ལྟར་ཡིན་ནམ། ཁོ་པའི་གཏམ་སྤྱོད་ལ་བལྟས་ན། ཁོ་པ་ནི“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་གྱི་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་བཀག་འགོག་བྱེད་མཁན་གྱི་འགོག་རྐྱེན་ཆེ་ཤོས། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་འཚོང་བ་བཅས་རེད།

 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་བོད་རྙིང་པའི་མངའ་བདག་ཆེན་པོ་གསུམ་གྱི་ཁེ་ཕན་གྱི་སྤྱིའི་འཐུས་ཚབ་རེད། ཀུན་གྱིས་ཤེས་གསལ། བོད་རྙིང་པའི་ས་གནས་སྲིད་གཞུང་གི་དབང་སྒྱུར་མཁན་མཐོ་ཤོས་ཡིན་ལ་ཞིང་བྲན་གྱི་བདག་པོ་ཆེ་ཤོས་ཀྱང་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དེ་བཞིན་ཆེས་ཉུང་ཤས་ཡིན་པའི་མངའ་བདག་ཆེན་པོ་གསུམ་གྱིས་བོད་ཀྱི་ཐོན་སྐྱེད་རྒྱུ་ཆ་ཕལ་ཆེ་བ་བཟུང་ལ། རྒྱ་ཆེའི་ཞིང་བྲན་འཆི་གསོན་ཇི་ཡོང་གི་དམིགས་བསལ་དབང་ཆ་ཡང་བཟུང་ཡོད། བོད་རྙིང་པར་སྤྱི་ཚོགས་ཉམས་རྒུད་དུ་སོང་བ་དང་མི་དམངས་འཚོ་ཐབས་བྲལ་ནས་རྒྱ་ཆེའི་ཞིང་བྲན་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས་པའི་འདོར་ཐབས་བྲལ་བའི་འགན་འཁྲི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་ཡོད། ཡོ་རོབ་ཀྱི་དུས་རབས་དཀྱིལ་མ་ལས་ཀྱང་མུན་ནག་དང་།

 

(པར་ངོས་བཞི་པར་གཟིགས)

 

(པར་ངོས་དང་པོར་མཐུད) རྗེས་ལུས། ཀླ་ཀློ། གདུག་རྩུབ་བཅས་ཆེ་བའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་འདྲ་ཞིག་ལ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་འགྱོད་བཤགས་དང་བསམ་ཞིབ་གཏན་ནས་བྱེད་མྱོང་མེད་པར་དེ་ལས་ལྡོག་སྟེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་མི་ཡུལ་གྱི་བདེ་བ་ཅན་ཡིན་ཞེས་ཡིན་མདོག་གིས་བརྗོད་ནས་བོད་རྙིང་པའི་དཀའ་སྡུག་བརྒྱུད་མྱོང་བའི་ཞིང་བྲན་ཁྲི་ཚོ་བརྒྱའི་མྱོང་ཚོར་སྣང་མེད་དུ་གཏོང་གི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་གནས་ཐབས་བྱེད་པ་དང་། མངའ་བདག་ཆེན་པོ་གསུམ་གྱི་དམིགས་བསལ་ཁེ་ཕན་སྲུང་སྐྱོང་བྱེད་པ། དགོན་སྡེའི་མཐོ་རིམ་ལོག་སྤྱོད་ཤོག་ཁག་ཉུང་ཤས་ཀྱི་ཆོས་ལུགས་ཀྱི་དམིགས་བསལ་དབང་ཆ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་གིས་ཡར་ལངས་བཅིངས་འགྲོལ་སྐོམ་པ་ཆུ་འདོད་ལྟར་ཐོབ་རེ་བྱེད་པར་མི་བལྟོས་པ་དང་། དུས་རབས་འཕེལ་རྒྱས་ཀྱི་ཡར་རྒྱས་རླབས་རྒྱུན་སྣང་མེད་དུ་བཏང་བ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལས་ལྡོག་ནས་1959ལོར་མངོན་སུམ་འཛེམ་མེད་ངང་དྲག་པོའི་ངོ་ལོག་ཟིང་འཁྲུག་ཕྱོགས་ཡོངས་ནས་བསླངས་པ་རེད། ཕྱི་རྒྱལ་ལ་ངོ་ལོག་བྲོས་བྱོལ་དུ་སོང་བའི་ལོ་བཅུ་ཕྲག་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་ཉིན་གཅིག་ཀྱང་འཇོག་མྱོང་མེད་པ་དང་། མེས་རྒྱལ་དང་མི་དམངས་ལ་ཕན་པའི་བྱ་བ་གཅིག་ཀྱང་སྒྲུབ་མྱོང་མེད་པར། ཐོག་མཐའ་བར་གསུམ་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་རོ་ལངས་ཕྱོགས་གཏོགས་ཀྱི་གྲལ་རིམ་ཁེ་ཕན་གྱི་འཐུས་ཚབ་བྱས་ཏེ་མེས་རྒྱལ་དང་མི་དམངས་ཀྱི་དགྲ་ལ་ལངས་ནས་ཁ་ཕྲལ་རོ་ལངས་ཀྱི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཐག་རིང་དུ་འགྲོ་བཞིན་ཡོད།

 

“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་ཆེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གཡོ་སྒྱུ་ཆེ་བའི་བྱ་ངན་སྤྱོད་ངན་མང་པོ་བརྩམས་ཡོད། དུས་རབས་གོང་མའི་ལོ་རབས་60པར་ཏཱ་ལའི་རུ་ཚོགས་ཀྱིས་དྲག་པོའི་ངོ་ལོག་ཟིང་འཁྲུག་སློང་མཁན་དང་ངན་པ་ལག་སྦྲེལ་བྱས་ནས“ཆུ་བཞི་སྒང་དྲུག”ཟེར་བའི་བསྟན་སྲུང་དམག་བཙུགས་ཏེ་ནེ་པ་ལའི་མུའུ་སི་ཐང་དུ་ཧམ་སྡོད་ཀྱིས་རང་རྒྱལ་གྱི་མཐའ་མཚམས་ས་ཁུལ་ལ་རྒོལ་དཀྲུག་གི་བྱ་ངན་ལོ་བཅུ་གྲངས་ལྷག་སྤེལ་བ་དང་། དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སུའུ་ལེན་དང་ཡོ་རོབ་ཤར་མར་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐབས་དང་བསྟུན་ནས་ལྷ་སར་ཟིང་ཆ་ཡང་ཡང་བསླངས་ཤིང་། ཏང་སྲིད་ལས་ཁུངས་ལ་རྒོལ་བ་དང་། མི་གསོད་པ། མེ་རྒྱག་པ། ཚོང་ཁང་ལ་འཕྲོག་བཅོམ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ་དང་། དུས་བདེ་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པར་གཏོར་སྐྱོན་ཚབས་ཆེན་བཏང་བ་མ་ཟད། ད་དུང་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ལའང་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། 2008ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལྷ་སར་སླར་ཡང“3·14”ཡི་རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་ཚབས་ཆེན་བསླངས་པ་ལས་བོད་ཀྱི་ལོ་19རིང་བསྟུད་མར་ཞི་མཐུན་བརྟན་ལྷིང་བྱུང་བར་གཏོར་བཤིག་ཚབས་ཆེན་ཕོག་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ད་དུང“བྱམས་སྙིང་རྗེ”ཞེས་པའི་ཆོས་ཀྱི་སྙིང་པོ་ལས་འགལ་ནས་དད་ལྡན་མང་ཚོགས་ལ་རང་སྲེག་བྱ་རྒྱུའི་ངན་སྐུལ་བྱས་ཡོད། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དག་དང་མི་གསོད་གྱོད་གཞི་དག་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལངས་ཕྱོགས་ལས་བྱུང་བ་ཞིག་ཡིན་པ་དང་། གནོད་འཚེ་ཕོག་པ་ཚང་མ་ནི་མེས་རྒྱལ་གྱི་ཆེས་མཐོའི་ཁེ་ཕན་ཡིན་པ། གཏོར་བཤིག་ཕོག་པ་ཚང་མ་ནི་བོད་མི་དམངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཡིན་པ། དེ་དག་ཚང་མ་ལོག་སྤྱོད་མིན་ན་གང་ཡིན་ནམ།

 

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་རྒྱུས་ཐོག་རྩ་བ་ནས་འབྱུང་མྱོང་མེད་པའི“བོད་རང་བཙན”ཟེར་བའི་ལོག་སྤྱོད་ཀྱི་འདོད་ཚུལ་གཏན་ནས་འདོར་མྱོང་མེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་མི་བལྟོས་པར་བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མངོན་སུམ་འཛེམ་མེད་ངང་ཁས་མི་ལེན་པ་དང་། “བོད་རང་བཙན”ཟེར་བ་དང“བོད་ཀྱི་རིག་གནས་རྨེག་མེད་དུ་གཏོང་གི་འདུག”ཟེར་བ་སྨྱོ་ཧམ་ཆེན་པོས་འུད་སྒྲོག་བྱེད་པ། བོད་ལ་ཆོས་དད་རང་མོས་མི་འདུག་ཅེས་མ་ཉེས་ཁག་གཡོགས་བྱེད་པ། “དབུ་མའི་ལམ”ཟེར་བ་དང་། “བོད་ཆེན་པོ”ཟེར་བ། “ཚད་མཐོའི་རང་སྐྱོང”ཟེར་བ་བཅས་ཀྱི་འདོད་ཚུལ་འཛིན་གྱི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རྟག་ཏུ་བཤད་པའི་འཆར་གཞི་དང་ལམ་དག་གི་ངོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལ་ངོ་རྒོལ་དང་ཀྲུང་གོའི་སྲིད་གཞུང་ལ་དབང་བའི་བོད་ཀྱི་བདག་དབང་ཁས་མི་ལེན་རྒྱུའི་རེ་ངན་འཆང་བ་དེ་རེད། རེ་ངན་དེ་དག་འཆང་དོན་ནི“ཚད་མཐོའི་རང་སྐྱོང”ཟེར་བར་བརྟེན་ནས་ངོ་བོ་གྱུར་པའི་རང་བཙན་ཐོབ་ཐབས་བྱས་ཏེ་བོད་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་དབང་སྒྱུར་གནས་བབ་སླར་གསོ་བྱ་རྒྱུའི་ཆེད་དུ་རེད།

 

ཏཱ་ལའི་རུ་ཚོགས་ནི་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁག་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད་རེད། དུས་རབས་20པའི་ལོ་རབས་60པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དེའི་རྗེས་འབྲང་པས་ས་ཁོངས་ཕྱིར“བོད་ཀྱི་ཡུལ་གྱར་སྲིད་གཞུང”ཟེར་བ་བཙུགས་ཁར། རྩ་ཁྲིམས་རྫུས་མ་བཟོས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་སྲིད་གཞུང་གི་འགོ་གཙོར་བསྐོས་པ་རེད། “བོད་ཀྱི་ཡུལ་གྱར་སྲིད་གཞུང”ཟེར་བ་ངོ་བོའི་ཐོག་ནས་བརྗོད་ན་བོད་རྙིང་པའི་མངའ་བདག་ཆེན་པོ་གསུམ་གྱི་ཕྱོགས་གཏོགས་ལྷག་འཕྲོ་རེད་ལ། མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་མཁན་ལོག་སྤྱོད་ཆབ་སྲིད་ཀྱི་ཤོག་ཁག་ཅིག་ཀྱང་རེད། རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་རང་རྒྱལ“ནུབ་ཕྱོགས་ཅན”དང“ཁ་ཕྲལ་ཅན”དུ་བསྒྱུར་རྒྱུའི་ཆབ་སྲིད་ཀྱི་ལྐོག་གཡོ་འགྲུབ་ཆེད། ཏཱ་ལའི་རུ་ཚོགས་དེའི་ལག་ཆ་འཁྲུལ་མེད་དུ་བརྩིས་ཏེ། ཁོ་པར་ཁ་ཕྲལ་བྱེད་སྤྱོད་སྤེལ་བར་གར་སྟེགས་ཤིག་མཁོ་འདོན་བྱས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཕར་རྒྱུག་ཚུར་རྒྱུག་དང་མགོ་འབུལ་ལུས་འབུལ་བྱས་ཏེ་ལག་ཆ་འཁྲུལ་མེད་ཅིག་བྱེད་ཀྱི་ཡོད།

 

“ས་སྲོས་ཕོ་རོག་ཤིང་སྡོང་སྐམ་པོར་འཁོར། ཁྲུང་ཁྲུང་བྲེལ་བས་སྔར་གྱི་ལམ་རྙིང་བཞུད”ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རྒྱབ་འགལ་བྱེད་མཁན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་མདུན་སྐྱོད་གོམ་སྟབས་འགོག་ག་ལ་ཐུབ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལམ་སྟོན་འོག་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བསྐྲུན་པའི་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་གི་སྲ་ཞིང་བརྟན་པའི་ལྕགས་རི་རིང་པོའི་མདུན་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བ

 

 

1

 

编辑:杜龙飞
上一篇:党员学习材料
下一篇:党员学习材料
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心