当前位置: 首页 > 特色藏文 > 内地交流一年的所思

内地交流一年的所思

2019年03月18日 22:25:42 访问量:120
རྒྱ་ཡུལ་རི་ཀླུང་ནགས་ཀྱི་གསེང་གསེང་ལ་ཉུལ་ཡིན། །
རྒྱ་གྲོང་ཡུལ་གྱི་ཐོགས་ཁང་མཐོན་པོ་ལ་བལྟས་ཡིན། །
རྒྱ་ཡི་མི་བུ་རྒན་དར་གཞོན་གསུམ་ལ་འདྲིས་ཡིན། །
རྒྱ་ཡུལ་སྣོད་བཅུད་དགེ་མཚན་ཅུང་ཟད་ཅིག་གླེང་འདོད། །

རྒྱ་ཡི་རི་ལ་ནགས་ཀླུང་ཚང་ཚིང་དུ་འཁྲིགས་པ། །
རྒྱ་ཡུལ་གཤོངས་སའི་དགེ་མཚན་འཁྲུལ་མེད་དེ་རེད་མོད། །
རྒྱ་ནགས་རང་བྱུང་ཙམ་པོས་གྲུབ་ལེ་རང་མ་རེད། །
རྒྱ་མི་ཕ་ཚ་བུ་རྒྱུད་ནགས་འདེབས་ལ་གཙིགས་གདའ། །

རྒྱ་ཡུལ་ཆུ་ལ་བ་ཚྭའི་བཙོག་སྐྱོན་དེ་ཡོད་ཀྱང་། །
རྒྱ་ཤོག་སྙིགས་རོ་ཛར་ཛོར་རིག་རྒྱུ་རང་མི་འདུག །
རྒྱ་ཐང་ཐལ་བས་འགེངས་པ་རིག་རྒྱུ་དེ་མེད་ལ། །
རྒྱ་སྲང་ཀུན་ལ་འགྱིག་སྙིགས་རིག་རྒྱུ་ཡང་དཀོན་གདའ། །

རྒྱ་ཡུལ་དགོན་ན་ལྷ་སྐུ་འདྲ་འདྲ་མང་བཤམས་གདའ། །
རྒྱ་ཡི་མཆོད་མེ་ཡང་ལཱ་རེ་གཉིས་ལས་མི་འདུག །
རྒྱ་སྤོས་དུ་བའི་དྲི་བསུང་ལྷང་ལྷང་དུ་འཐུལ་ཡང་། །
རྒྱ་ཡུལ་ནམ་མཁའ་སྒྲིབ་པའི་སངས་དུད་དེ་མི་གདའ། །

རྒྱ་ཡི་མི་རྒན་མ་ཎི་འདོན་ལེ་དེ་དཀོན་ཡང་། །
རྒྱ་ལོ་བདུན་ཅུ་བརྒྱད་ཅུས་རྩལ་སྦྱོང་ལ་བརྩོན་གྱིས། །
རྒྱ་རག་དཀར་པོ་རན་པོ་འབྲས་ཚལ་དང་སྡེབས་ནས། །
རྒྱ་ཟས་སྨན་དང་འདྲ་ལེ་རྒན་རབས་ཚོས་སྤྱོད་ཀྱིས། །

རྒྱ་མི་མཚོ་ཟས་བཟའ་བ་སྡུག་པོ་རང་མ་རེད། །
རྒྱ་ཡི་མཚོ་ཉ་གསོད་པའི་ངང་ཚུལ་ལ་གཟིགས་རོགས། །
རྒྱ་མིས་རྩྭ་བཟའ་དུད་འགྲོའི་རང་གཤིས་དེ་མ་རེད། །
རྒྱ་ཟས་དཀར་པོའི་རང་མདངས་དྭངས་མ་རུ་འཁུམས་སོ། །

རྒྱ་ཡི་ཕོ་གཞོན་མོ་གཞོན་ལས་ཀ་ལ་བརྩོན་ལ། །
རྒྱ་གྲོང་ཕྱུག་པོའི་ངང་ཚུལ་ཐལ་དོང་ལ་སྐྱུར་གྱིས། །
རྒྱ་ཡི་སྲང་ཁྲོམ་ལ་སོགས་གནས་གང་ལ་སོང་ཡང་། །
རྒྱ་ཡི་གྲོན་ཆུང་སྲོལ་བཟང་སྤྱི་གཙུག་ན་བཀུར་གྱིས། །

རྒྱ་ཡི་སློབ་མ་ཆེ་འབྲིང་ཆུང་གསུམ་གྱི་སེམས་ཁམས། །
རྒྱ་ཡིག་གཙོར་བྱས་ཤེས་རིག་ཐམས་ཅད་ལ་བརྩོན་གྱིས། །
རྒྱ་ཕྲུག་སློབ་ལོ་མ་ལོན་བུ་བཅོལ་གྱི་སློབ་མའང་། །
རྒྱ་ཡི་མིག་འཁྲུལ་ལ་སོགས་སྲོལ་རྒྱུན་ལ་འབད་ཀྱིས། །

རྒྱ་དཔོན་ཟེར་ལེ་དམངས་ཀྱི་མགོ་གནོན་དེ་མ་རེད། །
རྒྱ་ཁྲིམས་ཤོག་ངོས་ཙམ་པོའི་རི་མོ་ཡང་མ་རེད། །
རྒྱ་བློན་འཕོངས་སྟེགས་གནོན་པའི་སྒྲོབ་ཉམས་ཚོ་མ་རེད། 
རྒྱ་ཡིག་ལ་སོགས་རིག་པ་གང་མཁས་ཚོ་རེད་འདུག །

སློབ་ཁང་ལྷ་ཁང་ནོར་བའི་ལྡེབས་རིས་ཀྱང་མི་གདའ། །
སློབ་དཔོན་བླ་མ་ལྟ་བུའི་རྫིག་རྫིག་ཀྱང་མི་གདའ། །
སློབ་ཁྲིད་གཏམ་བཤད་འདྲ་བའི་སྣང་མེད་ཀྱང་མེད་ལ། །
སློབ་མ་ལྷ་སྐུ་འདྲ་བའི་ཙོག་ཙོག་ཀྱང་མི་འདུག །

གྲོན་དངུལ་གྱང་ལ་སྦྱོར་བའི་སྲོལ་ལུགས་དེ་མི་གདའ། །
སློབ་གྲྭས་ཁེ་པ་གསོ་བའི་བྱ་བ་ཡང་མི་རྩོམ། །
གཟིགས་རྟོགས་དཔོན་པོས་གྱང་ངོས་ཁོ་ན་ལ་མི་ལྟ། །
གཞུང་དོན་དུས་སུ་ལས་བཞུགས་གནས་ཚུལ་ལ་གཙིགས་ཆེ། །

སློབ་གོས་གཙང་ལ་རན་པས་གོས་གཅིག་གྱུར། །
མགོ་སྐྲ་རིང་ཐུང་གཙང་བས་སྐྲ་གཅིག་གྱུར། །
ཁ་ལག་གཙང་ལ་ཞིམ་པ་ཟས་གཅིག་གྱུར། །
ཉལ་ཁང་ཉལ་ཆས་གཙང་ལ་དུས་གཅིག་གྱུར། །

ཁྲ་ཁྲའི་དུས་གོས་ངོམ་པའི་སྲོལ་མི་འདུག །
མང་མང་ཞོར་ཟས་ཉོ་ལ་གོམས་མི་གདའ། །
ཁག་ཁག་རིག་ཚན་ཕྱོགས་ཞེན་བྱེད་མ་ཡིན། །
སྲང་སྲང་སློབ་བྱོལ་བྱ་བའི་ཚུལ་མི་མཐོང་། །

ཁྲིད་གཞིའི་མ་ཟིན་དགེ་དག་ཐུན་མོང་དུ་བགྲོ་ལ། །
ཐུན་རེར་ཟིན་རེ་འབྲི་བ་སྲོལ་ལུགས་སུ་ཆགས་གདའ། །
ཐུན་རེའི་ལས་འགན་དགེ་སློབ་གཉིས་ཀ་ཡིས་གྲུབ་ན། །
དངོས་ཐོག་བདེན་འཚོལ་ཟེར་བ་དེ་ག་ཡིས་ཆོག་གོ །

ཡ་མེད་མཁྱེན་ལྡན་ཡིན་རུང་རང་རློམས་དེ་མི་འདུག །
ཕན་ཚུན་འགྲན་རྩོད་ཡིན་རུང་ཁ་རྩོད་དེ་མི་གདའ། །
རྒྱུགས་འདྲི་ལྐོག་ལ་རྐུ་བའི་སྲོལ་ངན་ཡང་མི་གདའ། །
ཕན་ཚུན་མཛའ་ཞིང་བརྩེ་བས་ཤོག་ཁ་ཡང་མི་འབྱེད། །

གཞུང་དོན་འདུ་སྟོན་མོའི་ཁྲོད་ཀྱི་གསང་གཏམ་ཡང་མ་རེད། །
བསྐོ་འཐེན་དགའ་ཉེ་སྦྲེལ་བའི་འཆིང་ཐག་ཀྱང་མ་རེད། །
དུས་སུ་དབྱུག་པ་གཅིག་གིས་ཕམ་ཁ་ཡང་མི་གཏོད། །
མི་ཆོས་ཁྲིམས་ལ་བསྟུན་པས་ཉིང་བཅུད་ཀུན་བསྡུ་ལགས། །

སློབ་ཁྲིད་ཉན་པ་དུས་ཆད་བྱས་སོ་ཙམ་མ་རེད། །
སྐྱོན་ཆ་མི་གཤིས་གཞོམ་ལ་དམིགས་པ་ཡང་མ་རེད། །
ལེགས་ཉེས་རང་གཞན་འབྲེལ་བའི་གསང་ཐག་གིས་མི་འབྱེད། །
མདོར་ན་སློབ་གསོ་ཟེར་བ་སློབ་མ་ཁོ་ན་ལ་དམིགས་གདའ། །

གྲ་དེབ་སྦྱོང་ཚན་ཞིབ་བཤེར་ཁྲལ་འཆོས་ཙམ་མ་རེད། །
ཁྲིད་ཆས་ཁྲ་ཁྲ་མིག་གི་ལྟད་མོ་ཙམ་མ་རེད། །
དཔྱད་མཁན་ང་ཡིར་འཛིན་པའི་མཐོ་སྣང་ཡང་མེད་ལ། །
སྦྱོར་དངོས་མཇུག་གསུམ་ཚང་མ་སྤྲོ་སྣང་གིས་ཁྱབ་གདའ། །

དུས་ཡུལ་གནས་སྐབས་གང་ལའང་དགེ་རྒན་གྱི་མཚན་སྙན། །
རང་རང་སྒོ་གསུམ་དག་པས་སྲོག་བསྡོས་ཀྱིས་སྲུང་གིས། །
ཁ་ལྐོག་རྒྱབ་མདུན་ཕྱི་ནང་གདོང་རིས་ཀྱང་མི་བརྗེ། །
འདི་དག་མཐུན་ཕྱོགས་སྟོབས་ཀྱི་འབྱུང་རྩ་དེ་ལགས་སོ། །

སྐྱུར་དང་འདྲེས་པའི་རྣམ་ཤེས་སྐྱུར་མོ་དེ་མ་རེད། །
བདག་འཛིན་ཐམས་ཅད་བྱ་བའི་དམིགས་པ་ཡང་མ་རེད། །
གོ་ཐོབ་ཆེད་དུ་ཡོད་ཚད་གཏོང་བ་ཡང་མིན་ན། །
མི་རིགས་སྟོབས་འབྱོར་ལྡན་པའི་རྟགས་མཚན་ཡང་འདི་རེད། །

ནང་དུ་དགེ་རྒན་ཕྱི་རུ་གར་པ་ཡང་མ་རེད། །
ཉིན་མོ་དགེ་རྒན་མཚན་མོ་འཁྱམས་པོ་ཡང་མ་རེད། །
ཞོགས་པ་དགེ་རྒན་དགོང་མོ་སྐུ་མགྲོན་ཡང་མིན་ན། །
དུས་གསུམ་རང་མདངས་མི་འགྱུར་བརྩི་བཀུར་གྱི་གཞི་རེད། །

མིག་ཟུང་གསབ་དངུལ་ལྟ་བའི་འཇུངས་མིག་དེ་མ་རེད། །
རྣ་ཟུང་གང་སྙན་ཉན་པའི་རིས་ཆད་རྣ་མ་རེད། །
སྨྲ་བྱེད་ངོ་ལ་དཔགས་པའི་ཐོགས་བབས་ཁ་མིན་ན། །
བློ་གྲོས་སྙུང་བུའི་རང་བཞིན་རྩེ་མོ་དེ་རྣོ་དགོས། །


编辑:次旦扎西
上一篇:诗词三首
下一篇:不要自欺欺人
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心