当前位置: 首页 > 特色藏文 > 诗词三首

诗词三首

2019年03月18日 22:19:53 访问量:183
         སྒྲ་རྒྱན་རང་གདམས་ཀེ་ཏ་ཀ།
སྨྲ་བ་དག་དིག་སྨྲ་ལྕེ་ལྷག་ལྷོག་གིས་མ་གཡོ། །
སེམས་ཉིད་ཚམ་ཚོམ་སེམས་ཀྱིས་དམ་དུམ་དུ་མ་ཆོད། །
རང་སེམས་གྱ་གྱུ་རང་གཞན་ཞར་ཞོར་ལ་མ་དཀྲུགས། །
འཆི་ལམ་ཀྱག་ཀྱོག་འཆི་བདག་ཧལ་ཧོལ་དུ་མ་བརྗེད། །

རྔན་པའི་མངར་རྡེལ་ཙག་ཙིག་དམིགས་འབེན་རང་ཨེ་རེད། །
ཁ་གཡང་ཚིག་སྙན་ཟོལ་ཟོག་སྒུལ་ཤུགས་སུ་མ་སོམས། །
རང་གཞན་ཕན་གནོད་ཁ་ཁོག་རྒྱབ་འགལ་ལ་སོང་ན། །
ཁ་སྙན་ཚིག་སྙན་ཉག་ཉོག་སྙིང་ཁོང་ལ་གཟན་ཡ། །

རིགས་བཟང་རིགས་ངན་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་ཟུང་། །
དོན་མེད་དོན་ལྡན་འབྱེད་པའི་ཤེས་རབ་ཀྱི་བདག་པོ། །
རང་ཕན་གཞན་ཕན་སྒྲུབ་པའི་དཔག་བསམ་གྱི་ལྗོན་པ། །
རོང་སྨྱོན་འབྲོག་སྨྱོན་ཡིད་ཀྱི་སྨོན་ས་རུ་ངེས་སོ། །

ཞར་ཞོར་འཁྲི་སྒྲུབ་དམ་དུམ་རང་སྒྲུབ་ལ་མ་གཞོལ། །
ཟོལ་ཟོག་སྨྲ་བ་ཤབ་ཤུབ་རང་རྒྱལ་དུ་མ་དམིགས། །
འལ་འོལ་ཆེ་འགྱངས་ཙག་ཙིག་རང་ཚེ་འདི་མ་འཛད། །
ཡམ་ཡོམ་གོམ་བགྲོད་རྟབ་རྟོབ་རང་རིགས་ལ་མ་གཟན། །

རང་བདེའི་ཞབས་ཟུང་གཞན་བདེའི་མགོ་གནོན་པོ། །
ངལ་བའི་མཚམས་འབྱེད་བདེ་བའི་དང་བླངས་པ། །
བརྩོན་པའི་བཀག་རྡོ་འབྲས་བུའི་བདག་གི་བ། །
དུས་འདིའི་བྲིན་པོ་དུས་འདིའི་རིམས་ནད་ལགས། །





编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心