当前位置: 首页 > 通知公告 > བཤེས་གཉེན།

བཤེས་གཉེན།

2019年12月10日 12:30:03 访问量:430

བཤེས་གཉེན་ལགས།

      བཤེས་གཉེན་ལགས།ཁྱེད་ནི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་ཤེས་རིག་གི་བློ་སྒོ་འབྱེད་པའི་སྣེ་ཁྲིད་པ་དང་།ཁྱེད་ནི་མེས་རྒྱལ་གྱི་གསར་སྐྱེས་གཞོན་ནུ་གསོ་སྐྱོང་མཛད་མཁན་གྱི་བྱེད་པོ།ཁྱེད་ནི་མིའི་རིགས་ལ་སྤྲོ་སྐྱིད་ཀྱི་དཔལ་ཡོན་བསྐྲུན་པའི་དེད་དཔོན།ཁྱེད་ནི་མ་རིག་རྨོངས་མུན་ཐམས་ཅད་ཅིག་ཅར་འཇོམས་པར་བྱེད་པའི་ཉི་གཞོན་དེ་ཡིན།
     བཤེས་གཉེན་ལགས།ངས་ཁྱེད་ཀྱི་འགྱུར་མེད་ཀྱི་སྙིང་སྟོབས་དང་ལྷད་མེད་ཀྱི་བརྩོན་སེམས་ལ་བསྔགས་པར་འདོད་དེ།ཁྱེད་ཀྱིས་ང་ཚོ་གཞོན་ནུ་རྣམས་ལ་བློ་གྲོས་ཀྱི་མིག་ཟུང་དང་སྙིང་སྟོབས་ཀྱི་སྤོབས་པ་སྦྱིན།ཁྱེད་ཀྱི་མཛད་འཕྲིན་ནི་ནམ་མཁའི་ནོར་བུ་ཇི་བཞིན་འོད་ཟེར་འབུམ་གྱིས་ཕྱུག་ཅིང་།ཁྱེད་ཀྱི་འགྱུར་མེད་ཀྱི་བརྩོན་སེམས་དང་ཞུམ་མེད་ཀྱི་སྙིང་སྟོབས་ནི་རི་བོ་བཞིན་བརྟན་ཅིང་རྔམ་བརྗིད་ལྡན་པ་ཞིག་རེད།
བཤེས་གཉེན་ལགས།ཁྱེད་ནི་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་ཀྱི་བདག་པོ་ཡིན་པས།གལ་ཏེ།ཁྱེད་རང་མེད་ན་མིའི་རིགས་ཀྱི་སྤྱི་ཚོགས་ལ་འོད་སྟོང་ལྡན་པའི་གཟི་འོད་འབར་མི་སྲིད་ལ།གལ་ཏེ།ཁྱེད་རང་མེད་ན་ང་ཚོ་གསར་སྐྱེས་ཀྱི་གཞོན་ནུ་རྣམས་ལ་ཤེས་རིག་གི་བདུད་རྩི་གསར་པ་སུ་ཞིག་གིས་སྦྱིན།གལ་ཏེ།ཁྱེད་རང་མེད་ན་ང་ཚོའི་མེས་རྒྱལ་འདི་ཡང་རིག་གནས་དང་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་ཇི་ལྟར་བསྒྱུར།དེ་བས།བཤེས་གཉེནལགས།ཁྱེད་ཀྱིས་མིའི་རིགས་ལ་བཞག་པའི་མཛད་རྗེས་ནི་རི་རབ་བཞིན་དཔང་མཐོ་ཞིང་གཟི་བརྗིད་ལྡན་ལ།ཡངས་པའི་རྒྱ་མཚོ་ཇི་བཞིན་དུ་གཏིང་མཐའ་བྲལ་བ་ཞིག་རེད་ཨང་། 
        བཤེས་གཉེན་ལགས།ཁྱེད་ཀྱིས་འཛམ་གླིང་གི་ཡང་རྩེ་འདི་རུ་རང་ཉིད་ཀྱི་ཚེ་སྲོག་ཕྲ་མོ་དེའང་མིའི་རིགས་ཀྱི་ལས་དོན་དང་འཚོ་གནས་ཀྱི་ཆེད་དུ་འཕུལ་ཅིང་།ཁྱེད་ཀྱིས་རང་དོན་བསྐྱུར་ཏེ་གཞན་དོན་དང་དུ་བླངས་པའི་ལས་དོན་འདི་ནི་ཇི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་།
     བཤེས་གཉེན་ལགས།ཁྱེད་ཀྱིས་རང་ལུས་ཡོད་ཚད་ཀྱི་ཟུངས་ཁྲག་དེ་གངས་ལྗོངས་ཀྱི་མ་འོངས་པའི་འཛུགས་སྐྲུན་གྱི་ཆེད་དུ་བཞུར་བ་དེ་དག་མཐོང་དུས།ངས་སེམས་ཁོང་ནས་ནམ་ཡང་ཁྱེད་ལ་བསྟོད་པའི་གླུ་གཞས་སྙན་མོ་ཞིག་ལེན་པར་འདོད་ལ།ཁྱེད་ཀྱིས་ཤེས་རིག་གི་མྱུ་གུ་དེ་གངས་ལྗོངས་ཀྱི་འཛིན་མའི་ཁྱོན་ལ་ཕངས་མེད་དུ་གཏོར་བ་མཐོང་དུས།ང་རང་སྙིང་དབུས་ནས་ཁྱེད་ལ་དགའ་ཞིང་ཁྱེད་རང་ལ་དུངས།བཤེས་གཉེན་ལགས།ཁྱེད་ནི་མིའི་རིགས་ལ་ཤེས་རིག་གི་འོད་སྣང་སྦྱིན་པའི་རྣམ་དཔྱོད་ཀྱི་བདག་པོ་ཡིན་ལ།ཁྱེད་ནི་ང་ཚོའི་མེས་རྒྱལ་དང་མི་རིགས་ཀྱི་མ་འོངས་པའི་གསར་སྐྱེས་གཞོན་རབས་པ་གསོ་སྐྱོང་བྱེད་པའི་གནམ་འདེགས་ཀྱི་ཀ་བའང་ཡིན།ཁྱེད་ཀྱི་བརྩེ་བས་ང་ཚོའི་འཇིག་རྟེན་ལ་བདེ་སྐྱིད་ཀྱི་ལང་ཚོ་སྦྱིན་མྱོང་ལ།ཁྱེད་ཀྱི་དྲོད་སྐྱིད་ཀྱིས་ང་ཚོའི་འཚོ་བ་ལ་འཆམ་མཐུན་དང་ཞི་བདེ་ཡི་ལམ་བུ་གསར་དུ་བཏོད་མྱོང་བས།བཤེས་གཉེན་ལགས།ཁྱེད་ནི་ང་ཚོའི་སེམས་ཁོངས་ན་དུས་ནམ་ཡང་གསལ་ལེར་འཛུམ་པའི་མཁའ་དབྱིངས་ཀྱི་སྐར་མ་འོད་ཆེན་དེ་ཡིན། 
      བཤེས་གཉེན་ལགས།ཁྱེད་ཀྱིས་གསུངས་པའི་ལེགས་བཤད་མཐའ་དག་ནི་ང་ཚོ་གཞོན་ནུ་རྣམས་རྨོངས་གཉིད་ལས་སད་པར་བྱེད་པའི་ཅོང་བརྡ་སྙན་མོ་དེ་རེད།ཁྱེད་ཀྱི་གཞན་ཕན་གྱི་ལྷག་བསམ་དཀར་པོ་དེ་ང་ཚོས་དུས་ནམ་ཡང་བརྗེད་མི་སྲིད་ལ།ཁྱེད་ཀྱི་ཤེས་བྱའི་གྲུ་ཆར་འཇོ་བའི་བློ་གྲོས་དང་རྣམ་དཔྱོད་ལ་འཇིག་རྟེན་གྱི་སྐྱེ་བོ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གི་ཕྲེང་བ་སྙིང་ནས་མི་འབུལ་ག་ལ་སྲིད་དོ། 

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心