当前位置: 首页 > 通知公告 > སློབ་གྲྭའི་འཚོ་བ།

སློབ་གྲྭའི་འཚོ་བ།

2019年12月10日 12:29:38 访问量:101

མཛེས་སྡུག་ལྡན་པའི་སློབ་གྲྭའི་འཚོ་བ།

མཛེས་སྡུག་ཡིད་དབང་འཕྲོག་པ་ནི་རང་གཞན་སྐྱེ་བོ་ཚང་མའི་ཕུགས་བསམ་ཡིན་ལ་ཆེས་ཕུན་སུམ་ཚོགས་པའི་དམིགས་ཡུལ་ཞིག་ཀྱང་ཡིན།      དེས་ན་བདག་གི་ཕུན་སུམ་ཚོགས་པའི་དམིགས་ཡུལ་དེ་འགྲུབ་ཕྱིར་འབད་བརྩོན་བྱེད་དང་བྱ་མུས་ཡིན་ལ།    དེ་བས་མཛེས་སྡུག་གི་ཕུགས་བསམ་དེ་བསྒྲུབ་རྒྱུའི་སྤོབས་པ་དང་རེ་བས་ཁེངས་བཞིན་ཡོད།    དེ་ནི་བདག་ལ་སློབ་སྦྱོང་གི་བརྒྱུད་རིམ་ནང་བདེ་ཞིང་ཡངས་ལ་མཛེས་སྡུག་ཡིད་དབང་འཕྲོག་པའི་སློབ་གྲྭའི་འཚོ་བ་དེ་ཡོད་པས་ཡིན།    དེ་ཡང་ང་རང་སློབ་སྦྱོང་བྱེད་པའི་ལམ་བུ་ནི་བགྲོད་ཀའ་བའི་ཀྱག་ཀྱོག་གི་ལམ་ཕྲན་ཞིག་མ་ཡིན་ལ།      མཐོ་ཞིང་གཟར་བའི་གཡང་གཟར་གྱི་ལམ་བུ་ཞིག་ཀྱང་མི་ཡིན་པར་དེ་ལས་ལྡོག་སྟེ་ངའི་སེམས་ནང་བདེ་ཞིང་ཡངས་ལ་མཛེས་ཤིང་ལྟ་ན་སྡུག་པའི་མདུན་ལམ་ཉག་ཅིག་དེ་ཡིན་པར་སྙམ།   བདག་དེ་ལྟ་བུའི་སྤོབས་སེམས་དང་ཡིད་ཆེས་ཀྱིས་ཁེངས་བཞིན་པ་ནི།   རྨོངས་མུན་འཇོམས་པའི་ལྷག་བསམ་དཀར་བའི་དགེ་བའི་བཤེས་གཉེན་གྱི་ལམ་སྟོན་བཟང་པོ་དང་།     མཛེས་ཤིང་ཡིད་དུ་འོང་བའི་དཀར་ཆ་འདོད་པའི་སྟར་སྒྲིག་གི་སློབ་ཁང་།       ཕུགས་བསམ་གཅིག་པའི་རྐང་དྲུག་བུང་བ་ལྟ་བུའི་མཐའ་ཡས་ཀྱི་སློབ་གྲོགས།  དེ་བཞིན་ཡང་དག་སྲིད་ཇུས་བཟང་པོའི་དྲིན་གྱིས་དྲོ་ཞིང་འཇམ་པའི་ཉལ་གོས་སོགས་འཚོ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པོ་དེ་དག་མ་ལུས་འཛོམས་པས་ཡིན།    

དེ་ཡང་འདས་ལ་ཟིན་པའི་ལོ་ཡི་བགྲང་བྱ་དྲུག་ལྷག་ཙམ་གྱི་སློབ་གྲྭའི་འཚོ་བས་ང་ལ་མ་འོངས་འཚོ་བའི་གསོན་ཤུགས་འབྱིན་ལ།   མ་འོངས་བདེ་སྐྱིད་ཀྱི་ཡིད་ཆེས་དང་།    སྤོབས་སེམས།   དེ་བཞིན་སེམས་ཤུགས་དང་།   རེ་བའི་བདུད་བརྩི་ཞིག་སྦྱིན་པར་བྱས་།     དེ་དག་ཐམས་ཅད་ནི་མཛེས་སྡུག་ལྡན་པའི་སློབ་གྲྭའི་འཚོ་བས་བདག་ལ་སྦྱིན་པའི་ཡོད་ཚད་ཀྱི་རྩ་བ་ཡང་ཡིན་ནོ།    
      མ་གཞི་འུ་ཅག་དབེན་གནས་ཞིང་གྲོང་གི་སློབ་གྲྭར་གྲོང་ཁྱེར་དང་འདྲ་བའི་ཆེས་སྔོན་ཐོན་གྱི་དངོས་པོའི་ཆ་རྐྱེན་དེ་ཙམ་མེད་ན་ཡང་ནང་བསམ་པའི་འཚོ་བཅུད་ཕུན་སུམ་ཚོགས་པོ་ཞིག་ནི་ཅིས་ནས་ཀྱང་མེད་པ་མ་ཡིན།   དེ་ནི་ང་ཚོ་སློབ་མ་ཚོར་བཏོན་པའི་བཏང་སྙོམས་ཀྱི་སློབ་གྲྭའི་སྒྲིག་སྲོལ་ཡོད་ལ།   མིའི་རིགས་ཀུན་ལ་མཁོ་བའི་དྭངས་གཙང་གི་མཁའ་རླུང་གཙང་མ་དང་།     རེ་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་ཡ་རབས་ཀྱི་སློབས་གྲོགས་ཡོད་ལ།   དེ་བས་གུས་མོ་ང་རང་ལ་མཚོན་ན་ཡིད་ཆེས་དང་།   སྤོབས་པ་སྦྱིན་མཁན་ནི་དབྱར་དགུན་སྟོན་དཔྱིད་དབྱེར་མེད་དུ་སྔོ་ཐིང་ངེར་གནས་པའི་ཕ་ཡུལ་དབེན་གནས་རྭ་སྒྲེང་ཤུག་པའི་སྟར་ཕྲེང་དེ་དག་གིས་དག་ལ་མ་འགྱུར་རྟག་བརྟན་གྱི་ཤེས་བྱའི་ཁ་ཕྱོགས་གསལ་སྟོན་བྱེད་པ་འདྲ་ལ།ཉིན་མཚན་ཀུན་ཏུ་ངལ་མེད་དལ་གྱིས་རྒྱུག་པའི་རྭ་སྒྲེང་གཙང་པོ་དེས་བདག་ལ་སློབ་སྦྱོང་གི་གསོན་ཤུགས་གསར་པ་ཞིག་དུས་རྟག་ཏུ་སྦྱིན་པ་མ་ཟད།  ཤེས་བྱའི་རྒྱ་མཚོ་ཆེན་པོར་བརྩོན་འགྲུས་ཀྱི་རྐྱལ་རྩལ་སྦྱོང་བའི་སྐུལ་མ་བྱེད་པ་དང་གཉིས་སུ་མ་མཆིས།     དེ་བཞིན་མཁྱེན་རྒྱ་ཡངས་པའི་བརྩེ་ལྡན་དགེ་བའི་བཤེས་གཉེན་གྱི་བྱམས་བརྩེའི་བཀའ་སློབ་སོགས་ཀྱིས་བདག་གི་མ་འོངས་འཚོ་བའི་བདེ་སྐྱིད་ཀྱི་འབྱུང་རྩ་སྟེ།   སློབ་གྲྭའི་འཚོ་བ་ནི་མཛེས་སྡུག་ལྡན་ལ་དྲོ་སྐྱིད་ཀྱིས་ཁེངས་བཞིན་ཡོད་པ་ཀུན་ནས་གསལ་སྟོན་བྱེད།    
      ཨེ་མ།  སློབ་གྲྭའི་འཚོ་བ་ནི་དེ་འདྲའི་དགའ་སྐྱིད་ལྡན་པ་ཞིག་དང་ང་ཚོ་འཚར་ལོངས་ཀྱི་གནས་དམ་པ་ལགས་པས་དེ་ན་ང་ཚོ་མ་འོངས་ཀྱི་བདག་པོ་ལོ་ཆུང་གི་སློབ་བུ་ཚོས་སློབ་གྲྭའི་འཚོ་བ་ལ་དགའ་བ་ཆེན་པོས་འཇུག་རྒྱུ་དང་།  ང་ཚོས་ལག་ནང་དུ་ཡོད་ངེས་པའི་ད་ལྟའི་གོ་སྐབས་བཟང་པོ་ཆུད་ཟོས་སུ་མི་གཏོང་བར་བརྩོན་འགྲུས་ཀྱི་རྟ་ཕོ་ལ་ལྕིབས་ནས་ཤེས་བྱའི་ཐང་ཆེན་ཡངས་པོ་ཕ་མཐར་བཅད་རྒྱུ་མ་ཟད་མཛེས་སྡུག་འོད་སྟོང་འབར་བའི་སློབ་གྲྭའི་འཚོ་བ་དེ་དེ་བས་ཀྱང་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་ཐུབ་ཆེད་སྒོ་གསུམ་ཀུན་སྤྱོད་རྣམ་དག་གི་སློབ་མ་བཟང་པོ་ཞིག་བྱ་རྒྱུ་ཡིན། 

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心