46.བོད་ཡིག་གི་པར་བརྐོ་བྱེད་སྲོལ་ནམ་ཙ་དར་བ་རེད།
ལན་དུ། གོང་མ་ཡུང་ལོས་ནན་ཅིང་དུ་བོད་ཡིག་གི་བཀའ་འགྱུར་ཟངས་པར་དེ་ཐོག་མར་པར་བརྐོ་བྱས་
པ་ནས་བཟུང་དར་བ་རེད།
47.བོད་དུ་བོད་ཡིག་གི་པར་བརྐོ་བྱེད་སྲོལ་ནམ་ཙ་དར་བ་རེད།
ལན་དུ། ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་པ་མི་དབང་གྲགས་པ་རྒྱལ་མཚན་གྱིས་ས་སྐྱ་གོང་མ་ལྔའི་གསུང་
འབུམ་ཐོག་མར་པར་བརྐོ་བྱས་པ་ནས་དར་བ་རེད།
48.དགའ་ལྡན་པར་རྙིང་ཟེར་བ་དེ་གང་ལ་ངོས་འཛིན་དགོས། དེ་ལས་དཔར་བའི་དཔེ་ཆ་ལ་ཁྱད་
ཆོས་ཅི་ཞིག་ཡོད།
ལན་དུ། སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་བྱས་ནས་ཙོང་ཁ་པའི་གསུང་འབུམ་ཆ་
ཚང་དཔར་བརྐོས་བྱས་པའི་པར་ཤིང་དེར་ཡོངས་གྲགས་སུ་དགའ་ལྡན་པར་རྙིང་ཞེས་ཟེར། དེའི་ཁྱད་
ཆོས་ནི་པར་ཤིང་གི་མགོར་ཡོད་པའི་ལྷ་སྐུ་རྣམས་མགོ་བོ་ཆེ་ཞིང་། སྐེད་པ་དང་རྐང་ལག་ཕྲ་བ། སྟོད་ཞེང་ཆེ་བ་བཅས་བརྐོས་རིས་དེ་ཙམ་ལེགས་པོ་མེད་རུང་།པར་ཡིག་གི་ཡིག་གཟུགས་ནི་ཟངས་པར་དང་ཁྲོ་པར་ཐོག་བཀོད་པའི་ཡིག་གཟུགས་ནང་ལྟར་ཧ་ལས་དགོས་པའི་ལག་རྩལ་ཡོད་པ་རེད།
49.བོད་ཀྱི་པར་སྐྲུན་ལག་རྩལ་དར་བ་དེས་བོད་ཀྱི་རིག་གནས་འཕེལ་རྒྱས་སུ་འགྲོ་བ་ལ་སྐུལ་འདེད་ཀྱི་ནུས་པ་ཇི་འདྲ་ཞིག་ཐོན་ཡོད།
ལན་དུ། བོད་ཀྱི་རིག་གཞུང་སྔར་ལས་ལྷག་པར་དར་རྒྱས་བྱུང་བ་མ་ཟད། ཡིག་གཟུགས་དང་དག་ཆ།
སྐད་ཡིག་བཅས་སྔར་ལས་ལྷག་པར་གཅིག་གྱུར་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།
50.《དགེ་ལྡན་ལེགས་བཤད་》ཅེས་པའི་མཚན་ཆ་ཚང་ལ་ཅི་ཟེར།
ལན་དུ།《མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་
ཆུན་པོ་》ཞེས་ཟེར།