当前位置: 首页 > 素质提升月 > ཆ་རྐྱེན་ཞན་པའི་སློབ་མར་གསབ་ཁྲིད་དང་རོགས་སྐྱོར་བྱས་པ།

ཆ་རྐྱེན་ཞན་པའི་སློབ་མར་གསབ་ཁྲིད་དང་རོགས་སྐྱོར་བྱས་པ།

2020年06月17日 11:55:18 访问量:147 作者:巴桑多拉

ཆ་རྐྱེན་ཞན་པའི་སློབ་མར་གསབ་ཁྲིད་དང་རོགས་སྐྱོར་བྱས་པ།

    ས་སྐྱ་སློབ་འབྲིང་གི་ལོ་རིམ་དགུ་པའི་འཛིན་གྲྭ་བརྒྱད་པའི་སློབ་མ་ཚེ་རིང་ཕུན་ཚོགས་དང་། སློབ་མ་བློ་བཟང་ཡོན་ཏན་གཉིས་དང་ཐོག་མར་ས་སྐྱ་སློབ་འབྲིང་དུ་འབྱོར་མ་ཐག་ནས་སློབ་སྦྱོང་གི་རྨང་གཞི་ཞན་ལ། སློབ་སྦྱོང་ལ་དད་ཞེན་དེ་ཙམ་མི་ཆེ་བས། སློབ་ཁྲིད་སྐབས་སུ་ཡི་གེའི་གཟུགས་ཐོན་པ་ཞིག་འབྲི་ཐུབ་ཀྱང་། ནང་དོན་ཅི་ཡང་མི་རྟོགས་པ་མ་ཟད། དབུ་ཅན་གྱི་ཡི་གེ་གཅམ་བཞག་དབུ་མེད་ཀྱི་ཡི་གེའང་ཇི་བཞིན་ངག་ནས་ཀློག་འདོན་བྱེད་མི་ཤེས་པས་རྒྱུན་སྤྱོད་རང་བཞིན་གྱི་ཤེས་བྱ་དང་ཆེས་ རྨང་གཞིར་གྱུར་བའི་ནང་དོན་ཡང་མི་ཤེས་པའི་ཚད་དུ་སླེབས་འདུག

    སློབ་མ་དེ་གཉིས་ལ་དོ་འཁུར་མ་བྱས་པར་རྒྱུན་གཏན་རང་བཞིན་ཅན་གྱི་སློབ་ཁྲིད་བྱ་ཐབས་སྤྱད་ན་དེ་ལྟའི་རིགས་རྣམས་ཡར་རྒྱས་འགྲོ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སློབ་སྦྱོང་ཉིན་རེ་བཞིན་ཇེ་ཉམས་ཇེ་ཞན་དུ་འགྱུར་འགྲོ་བས། མི་རིང་བའི་དུས་སུ་སྦྱངས་འབྲས་ཐད་རྗེས་ལུས་འཐེབས་པའི་རྐྱེན་གྱིས་    སློབ་སྦྱོང་བྱེད་པའི་སེམས་ཤུགས་ཉམས་ཏེ། ཉིན་མཚན་ཁོར་མོ་ཡུག་ཏུ་སྦྱོང་འདོད་ཀྱི་སེམས་པ་མེད་  པར་གྱུར།

གནས་ཚུལ་དེར་གཞིགས་ཏེ། ད་བར་མི་ལོ་གསུམ་ལ་ཉེ་བའི་ནང་། ཁོ་པ་ཚོའི་འཚོ་བ་དང་སློབ་  སྦྱོང་ཐད་དཔལ་འབྱོར་གྱི་རོགས་རམ་ཅི་ཐུབ་བྱེད་པ་དང་། སློབ་སྦྱོང་ལ་སྒྱིད་ལུགས་པའི་འཇིགས་རུང་གི་གཡང་ཉེན་ལས་སྐྱོབ་ཆེད་དུ་དུས་རྒྱུན་གཏན་ནས་གཏན་འཁེལ་གྱི་དུས་ཚོད་དང་། གཏན་འཁེལ་གྱི་མི་སྣ་བཀོད་སྒྲིག་བྱས་ཏེ་གཟའ་འཁོར་གཅིག་ནང་ཟུར་ཁྲིད་ཐེངས་གྲངས་གསུམ་ལས་མ་ཉུང་བ་བྱས་   པས། དུས་ཚོད་མང་པོ་མ་སོང་བར་སློབ་སྦྱོང་ལ་དད་མོས་ཀྱི་བསམ་པ་སྐོང་འཐེན་ཐུབ་པ་བྱུང་ཡོད་    ཅིང་། སྦྱངས་འབྲས་ཀྱང་ཅུང་ཟད་ལེགས་པའི་ཕྱོགས་སུ་སྐྱོད་པའི་རྣམ་པ་བཟང་པོ་ཞིག་མངོན་ཡོང་གི་འདུག་ཀྱང་། ད་དུང་བྱ་ཐབས་གསར་པ་དང་སློབ་གསོའི་ཐབས་ལམ་གཞན་དག་བཙལ་ནས་གནད་དོན་ཡོངས་སུ་ཐག་གཅོད་ཐུབ་པ་བྱ་རྒྱུའི་འདུན་པ་ཤུགས་ཆེན་བཅང་ཞིང་ཡོད།


ས་སྐྱ་སློབ་འབྲིང་གི་དགེ་རྒན་པ་རྡོར་ནས།

编辑:张竞赛
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心