当前位置: 首页 > 素质提升月 > 教育成长故事

教育成长故事

2020年06月26日 17:37:07 访问量:256 作者:次旦扎西
    སློབ་གསོ་ལ་མཐོང་ཆེན་ཤུགས་ཆེན་བྱེད་པའི་དུས་དེ་རིང་སློབ་མས་སློབ་མ་སྐྱོང་བ་དང་། སློབ་མས་སློབ་མ་གཅུན་པའི་སློབ་གསོའི་བྱེད་ཐབས་སྣང་ཆེན་བྱས་ན་དགོས་པ་ཆེན་པོ་གདའ་སྟེ། འདིར་གླེང་བར་བྱ་བ་ནི་ངའི་འཛིན་གྲྭའི་འཛིན་གཙོ་ཕུར་བུ་བསོད་ནམས་ཀྱི་འཚར་ལོངས་ཀྱི་བརྒྱུད་རིམ་ཕྲ་མོ་དེ་ཡིན། ཁོའི་ཕ་ཡུལ་ནི་ས་སྐྱ་རྫོང་བཀྲ་ཤིས་སྒང་བཀྲ་ཤིས་སྦུག་གྲོང་ཚོ་ཡིན་པ་དང་། ཁྱིམ་ཚང་གྱི་ཆ་རྐྱེན་ཅུང་ལེགས་ལ་ཁོའི་གཅན་པོ་ཡང་ནང་སའི་སློབ་གྲྭ་ཆེན་མོ་ཞིག་ཏུ་སློབ་གཉེར་བྱེད་བཞིན་ཡོད།

     ངའི་འཛིན་གྲྭར་འཛིན་གཙོ་ལེགས་པོ་ཞིག་འདེམས་པ་ལ་སློབ་གྲྭ་དང་། ཀུན་སྤྱོད་ཁྲུའུ་སོགས་ཀྱི་འཛིནགྲྭའི་ཀྲུའུ་རེན་ཚོགས་འདུའི་ཐོག་ནན་བཤད་ཤུགས་ཆེན་གནང་སོང་ལ། གུས་པའི་ངོས་ནས་ཀྱང་སྔ་འདང་ཕྱི་བསམ་མང་པོ་བྱས་མཐར་སློབ་མ་ཕུར་བུ་བསམ་གྲུབ་འཛིན་གཙོར་བདམས་པ་ཡིན། 
    དང་ཐོག་ཁོ་པར་འགན་འཁྲིའི་འདུ་ཤེས་དེ་ཙམ་ཆེན་པོ་མེད་ཅིང་། སློབ་མ་མང་ཚོགས་ཀྱིས་ཀྱང་དེ་ཙམ་བརྩི་འཇོག་མི་བྱེད། སློབ་མའི་སྒྲིག་འགལ་གྱི་གནས་ཚུལ་རྟག་ཏུ་མཐོང་རྒྱུ་ཡོད། ངས་ཁོ་པ་ཟུར་དུ་བསྐོང་ནས་འཛིན་གཙོ་ཞིག་ལ་ལྡན་དགོས་པའི་ཆ་རྐྱེན་དོན་ཚན་འགའ་བཤད་པ་དང་། འགན་འཁྲིའི་འདུ་ཤེས་ལྡན་དགོས་ལ་། སྤྱི་སྙོམས་དང་དྲང་གཞག ཐབས་ཀྱིས་གཅུན་ཚུལ་སྐོར་གྱི་སློབ་གསོ་ཐེངས་མང་བྱས་ལ། ཁོས་རེ་གཟའ་ཉི་མའི་མཚན་སྦྱོང་དང་། དགོང་ཚོགས་གསུམ་པའི་སྐབས་སུ་འཛིན་ཚོགས་བསྐོང་བའི་གནས་ཚུལ་ལ་ཟུར་ཉན་དང་ལྐོག་ཉན་ཐེངས་མང་བྱས་ཤིང་གནས་ཚུལ་དངོས་ཡོད་ལ་བསྟུན་ནས་སློབ་གསོ་ཐེངས་མང་བྱས་པས་ད་ཆ་སློབ་མའི་སྒྲིག་འགལ་གྱི་གནས་ཚུལ་ཧ་ལམ་མངོན་རྒྱུ་མེད་ལ། འཛིན་གྲྭའི་མཐུན་ལམ་དང་སློབ་སྦྱོང་གི་ཐད་ལའང་འགྱུར་བ་མངོན་གསལ་བྱུང་ཡོད། 
     ད་ཆ་ངའི་འཛིན་གྲྭར་ང་མེད་རུང་ཆོག་འོན་ཀྱང་འཛིན་གཙོ་ཕུར་བུ་བསམ་གྲུབ་མེད་ན་འགྲིག་ཐབས་མེད། 

      བོད་ཡིག་ཚོགས་ཆུང་གི་ཚེགབརྟན་བཀྲ་ཤིས་ནས།

编辑:张竞赛
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心