ཛ་དྲག་པའི་དུས་རབས་ཉེར་གཅིག་ནང་འཛམ་གླིང་ཁྱོན་དུ་དེང་གི་རིག་གསར་ཚན་རིག་གཞུང་ལུགས་བར་མི་ཆད་པར་དར་འཕེལ་གྱི་རླུངས་ཤུགས་ངར་མོ་དྲག་ཏུ་ལྡང་བས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་དར་སྤེལ། ཆབ་སྲིད་མཛུབ་སྟོན་ལྟ་བ་སོགས་ལ་ཟམ་མི་ཆད་པར་འཕེལ་རྒྱས་ཀྱི་མཐོ་རྦས་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་གཡོ་སྒུལ་ཟབ་མོ་ཞིག་ཐེབས་མུས་སུ་མཆིས།
རིག་གསར་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་མཛུབ་སྟོན་གྱིས་འཛམ་གླིང་ཧྲིལ་པོའི་རིགས་ཁག་གི་མི་རིགས་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་ཆབ་སྲིད་དང་། དཔལ་ཡོན་གཉིས་ལྡན། རིག་གནས་རྒྱུན་འཛིན་ངང་ཚན་རིག་གི་རིག་པའི་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་ཞིང་ཚུལ་མཐུན་གྱིས་སྒོ་ཀུན་ནས་རིག་གནས་བདག་སྐྱོང་དང་། ཆབ་སྲིད་དར་སྤེལ་སྒོས་དུས་རབས་གོང་མ་དང་མི་འདྲ་བར་འཕོ་འགྱུར་གྱི་རྣམ་པ་གསར་པ་ཞིག་མིག་ལམ་དུ་མངོན་བཞིན་ཡོད། འདི་དག་ནི་འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་ཁག་གི་བླ་ན་མ་མཆིས་པའི་སྲིད་འཛིན་མཁན་རྣམས་ཀྱི་ཐུགས་རྗེའི་གཟིགས་སྐྱོང་མཛུབ་སྟོན་འོག་ལས་འབྱུང་བ་སྨོས་ཅི་དགོས། བྱས་པ་ཤེས་ཤིང་དྲིན་གཟོ་བ། སྐྱེས་བུ་དམ་པའི་རང་བཞིན་ཡིན་ཞེས་གསུངས་པ་བཞིན་རང་རང་མེས་པོའི་རྒྱལ་ཁབ་ཀྱི་ཐུགས་རྗེའི་གཟི་བྱིན་གཞར་ཡང་ཉམས་པ་མི་མངའ་བར། རིགས་ཁག་གི་མི་དམངས་ཀུན་གྱི་སེམས་ནང་བརྗེད་ཐབས་མེད་པའི་དྲན་གསོའི་རྡོ་རིང་ཞིག་གཡོ་མེད་དུ་མངོན། དེ་བཞིན་ཕྱི་རབས་པ་ཚོས་བཀའ་དྲིན་སྙིང་བཅངས་ཐོག་རང་རེའི་ཏང་གི་ཡང་དག་མཛད་ཕྱོགས་སྲིད་ཇུས་བརྒྱུད་བསྒྲགས་དང་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ནི་ཀུན་གྱིས་བསྐྱུར་དུ་མི་རུང་བའི་འོས་འགན་ཁོ་ན་ལས་མ་འདས།
མིག་སྔར་རིགས་ཁག་དང་རྒྱལ་ཁབ་ཁག་གིས་ཁྱོན་ཡོངས་ནས་དུས་རབས་འདིའི་ནང་རིག་གནས་བདག་སྐྱོང་དང་། དཔལ་འབྱོར་གོང་སྤེལ། ཚན་རིག་གཞུང་ལུགས་ཀྱིས་འཇིག་རྟེན་གྱི་ལྟ་བས་ཡོངས་སུ་བརྒྱན་ཏེ་མེས་རྒྱལ་གྱི་ཞིང་ས་ཁྱོན་དུ་མཆོང་བསྐྱོད་དང་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན། དུས་ནམ་ཡང་བར་མི་ཆད་པར་དར་འཕེལ་གྱི་སྒོ་མོ་གསར་དུ་འབྱེད་བཞིན་པར་སྣང་། དེས་ན་རང་རེའི་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་རིག་གནས་རྣམས་ཀྱང་བློ་གསལ་དོན་གཉེར་མཁན་ཚོས་བདག་སྐྱོང་ངང་ལྷག་བསམ་རྣམ་དག་གིས་ཏང་གི་འབོད་སྐུལ་དང་ལེན་དང་། གཞར་ཡང་རླས་ཆེན་གུང་ཁྲན་ཏང་གི་རྗེས་སུ་འབྲངས་དགོས་པའི་རྣམ་པར་སྐུལ་འདེད་ཀྱིས་སློབ་མ་ཚོར་རྒྱལ་གཅེས་སློབ་གསོའི་ནང་དོན་འཇགས་ཆེད། དཔལ་ས་སྐྱ་རྫོང་སློབ་གསོ་ཅུད་ཀྱིས་ཀྱང་༼འཕེལ་རྒྱས་མཐོ་རླབས་རབ་མངོན་ཞིང་། ཏང་གི་བཀའ་དྲིན་སྙིང་དབུས་བཅངས༽ཞེས་བརྗོད་བྱར་གླེང་བའི་གཏམ་བཤད་འགྲན་བསྡུར་གྱི་བྱེད་སྒོ་ཞིག་སྤེལ་བ་རེད། འགྲན་སེམས་དང་བློ་རིག་བཀྲ་བའི་སློབ་ཕྲུག་ཀུན་གྱིས་རང་རང་གི་ནུས་རྩལ་ངོམས་ནས། ཐུན་མོང་མ་ཡིན་པའི་རང་རང་གི་ཁྱད་མཚར་གྱི་བློ་གྲོས་དང་། ཕྱག་རྒྱ། སྒྲ་དག་པའི་སྐད་འགྲོས་ཀྱི་ཐོག་ནས་འགྲན་བསྡུར་གྱི་བྱེད་སྒོར་བཞུགས་ཤིང། གཞར་ཡང་རླབས་ཆེན་ཏང་གི་ཐུགས་རྗེའི་གཟི་བྱིན་སེམས་ནང་འཕྲོས་ནས། མ་འོངས་གངས་ལྗོངས་གསར་པ་འཕེལ་རྒྱས་ཀྱི་སྒོ་མོ་འབྱེད་པའི་ཐབས་ལ་ཀུན་ནས་འཇུག་པའི་སྐུལ་སློང་ཟབ་མོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མཆོག་གིས་མི་དམངས་ནི་རྒྱལ་སྲིད་དང་། རྒྱལ་སྲིད་ནི་མི་དམངས་ཡིན་ཞེས་གསུངས་པ་ཇི་བཞིན་རྒྱལ་གཅེས་གཉེར་སྐྱོང་གི་འདུ་ཤེས་བསྐྱེད་བསྲིང་ཐུབ་རྒྱུར་མི་དམན་པའི་ཕན་འབྲས་ཤིག་ཀྱང་ཐོན་ངེས་ཡིན།
ཐེངས་འདིའི་གཏམ་བཤད་འགྲན་བསྡུར་གྱི་བྱེད་སྒོ་གཉེར་སྐྱོང་བྱས་པར་སློབ་ཕྲུག་ཀུན་ནས་གཞར་ཡང་ཏང་གི་བཀའ་དྲིན་སྙིང་བཅངས་གལ་ཆེར་འཛིན་ཏེ། གངས་ལྗོངས་རིག་གནས་ལ་ཀུན་དགའི་བསམ་པས་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་སེམས་ཤུགས་སམ་སྐུལ་འདེད་ཀྱི་ནུས་པ་བསྐྱེད་བསྲིང་ཐུབ་རྒྱུར་བླ་ལྷག་གི་ནུས་པ་ཞིག་ཀྱང་ལྡན་འདུག དེ་བཞིན་ངེད་སློབ་གྲྭའི་སློབ་ཕྲུག་ཀུན་ནས་སླད་མར་རྒྱལ་གཅེས་བསམ་པ་དང་། རིག་གནས་སྦྱོང་སྤྱོད་ཀྱིས་མེས་རྒྱལ་རྒྱུད་འཛིན་ནམ་གཉེར་སྐྱོང་ལ་སྐུལ་ཕྱིར་ཐེངས་འདིའི་འགྲན་བསྡུར་ཁྲོད་ཐོབ་པའི་བྱ་དགར་ཡང་རིམ་པ་དང་པོ་ཐོབ་མཁན་ དང་། རིམ་པ་གཉིས་པ་ཐོབ་མཁན་ རིམ་པ་གསུམ་པ་ཐོབ་མཁན་བཅས་སུ་དབྱེ་ནས་བྱ་དགའི་གཟིགས་གཟོས་གནང་ཞིང་། མུ་མཐུད་དགའ་དད་ཀྱི་བསམ་པའི་འདུ་ཤེས་ལས་ཕྱིན་ཆད་དེ་བས་མེས་རྒྱལ་ལ་དགའ་ཞེན་སྒོས་གངས་ལྗོངས་རིག་གནས་ལ་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་སྐུལ་འདེད་ཀྱི་ནུས་པ་མཐོར་འདེགས་སུ་ཞུ་རྒྱུའི་སེམས་ཤུགས་ཀྱང་ཆེན་པོ་ཞིག་ཐོབ་ངེས་སོ།