༡ སྒོར་མོ་རྔ་འདྲའི་གྲོས་ཤིག་བྱེད། ། གྲུ་བཞི་ཤོ་འདྲའི་གྲོས་ཤིག་བྱེད།
བསྟན་དོན། ཚད་ལྡན་གྱི་གྲོས་བྱེད་པའམ་གཙོ་བོ་རྣམས་འདུས་ཏེ་གྲོས་བྱས་པ།
༢༽ བློ་རྩེ་གཉིས་ཀྱིས་འདོད་དོན་འགྲུབ་ལེ་མིན། ཁབ་རྩེ་གཉིས་ཀྱིས་འཚེམ་བུ་ཡོང་ས་མེད།
བསྟན་དོན། བསམ་རྒྱུ་མང་ན་ལས་དོན་མི་འགྲུབ་པ།
༣༽ ནང་དཔའ་བོའི་དཔའ་གྲལ་མ་ཞིག་ན། །ཕྱི་གེ་སར་དམག་ལ་སྐྲག་མི་དགོས།
བསྟན་དོན། ནང་མཐུན་སྒྲིལ་ཡོད་ན་ཕྱི་དགྲ་གང་ལའང་སྐྲག་མི་དགོས་པ།
༤༽ བདེན་རྫུན་བརྟག་ནས་མ་བྱས་ན། ། ཕོ་གསར་ངར་དེ་ཁྱི་ངར་ཡིན།
བསྟན་དོན། ཉམས་མྱོང་མེད་པའི་ང་རྒྱལ་ཆེ་བ་ནི་རང་ཕམ་པའི་གཞི།
༥༽ཧམ་པ་རི་ཙམ་མ་བཤད་ན། ། བདེན་པ་གཡག་ཙམ་ཐོབ་ལེ་མིན།
བསྟན་དོན། ཧམ་པ་བཤད་ནས་བདེན་པ་ཐོབ་རེ་བྱེད་པ།
༦༽ ཕོ་རབ་གཅིག་གི་བློ་རྩེ་ལས། ། ཕོ་འབྲིང་གསུམ་གྱི་གྲོས་བཟང་དགའ།
བསྟན་དོན། བྱ་བ་གང་ལའང་མི་མང་པོའི་བློ་གྲོས་བཏོན་ན་ཐབས་ཤེས་མང་བ།
༧༽ གྲོས་མགོ་ཤེས་རབ་ཅན་གྱིས་རྩོམ། །གྲོས་ཐག་བསོད་ནམས་ཅན་གྱིས་བཅད།
བསྟན་དོན། བྱ་བ་ཞིག་རྩོམ་པར་ཤེས་རབ་དང་ལས་བསོད་འཛོམས་དགོས་པ།
༨ ༽མཐོ་ལ་ཚད་ན་མཐོ་ལ་ཚད། ། འདོམ་ལ་འཇལ་ན་འདོམ་ལ་འཇལ།
བསྟན་དོན། བྱ་བ་བབ་དང་བསྟུན་ནས་བྱེད་པ།
༩༽མདའ་བརྒྱབ་པས་མི་ཆོག་གཞུ་ཆོག་ངོམས། མདུང་བརྒྱབ་པས་མི་ཆོག་བ་དན་ངོམས།
རྡོ་བཏང་བས་མི་ཆོག་ལག་ངར་བསྒྲེངས། མིག་བལྟས་པས་མི་ཆོག་མིག་ལོག་བགྲད།
བསྟན་དོན། གནོད་འཚེ་བྱས་པས་མི་ཚད་འཇིགས་རྔམ་སྟོན་པ།
༡༠༽ ཁ་བཤད་ཆུ་ཡི་ལྦུ་བ། ། ལག་ལེན་གསེར་གྱི་ཐིགས་པ། །
བསྟན་དོན། ཁ་བཤད་མང་ཡང་ལག་ལེན་ཉུང་བ།