当前位置: 首页 > 党建动态 > 党员学习材料

党员学习材料

2019年05月11日 12:39:29 访问量:950

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་བརྟན་པོ་འཛུགས་དགོས།

—— མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ། 

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

 

 

མི་རིགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དང་མི་རིགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་ཐད་ཀར་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དང་མི་རིགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་དང་འབྲེལ་བའི་དོན་ཆེན་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བའི་དོན་ཆེན། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་དང་འབྲེལ་བའི་དོན་ཆེན་བཅས་ཡིན”ཞེས་བསྟན་གནང་ཡོད། མི་རིགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཁ་ལོ་སྒྱུར་ཆས་དང་ཕྱོགས་སྟོན་འཁོར་ལོ་ཞིག་དགོས། ང་ཚོའི་ཁ་ལོ་སྒྱུར་ཆས་དང་ཕྱོགས་སྟོན་འཁོར་ལོ་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་དེ་ཡིན།

 

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་དེས་མི་རིགས་ཀྱི་ཁྱད་ཆོས་དང་། ཆགས་གྲུབ། འཕེལ་རྒྱས། འཇིག་སྟོངས་བཅས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་གསལ་པོར་བསྟན་ཡོད། དེའི་གཞི་རྩའི་ལྟ་ཚུལ་ནི་མི་རིགས་གཉའ་གནོན་ལ་ངོ་རྒོལ་དང་མི་རིགས་འདྲ་མཉམ་མཐའ་འཁྱོངས་བྱེད་དགོས་པ་དང་། མི་རིགས་མཐོང་ཆུང་ལ་ངོ་རྒོལ་དང་མི་རིགས་ཀྱི་ཁྱད་པར་ལ་བརྩི་འཇོག་བྱེད་དགོས་པ། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་དང་མི་རིགས་མཐུན་སྒྲིལ་དར་སྤེལ་གཏོང་དགོས་པ་བཅས་དང་མི་རིགས་ཀྱི་གནད་དོན་དེ་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་སྤྱིའི་གནད་དོན་གྱི་གྲུབ་ཆ་ཞིག་ཏུ་བརྩིས་ཏེ་ཐག་གཅོད་བྱས་ནས་མཐར་གུང་ཁྲན་རིང་ལུགས་སྤྱི་ཚོགས་ཀྱི་མི་རིགས་མཉམ་འདྲེས་ཡོང་བ་བྱེད་དགོས་པ་དེ་རེད།

 

(པར་ངོས་གཉིས་པར་གཟིགས)

 

(པར་ངོས་དང་པོར་མཐུད)

 

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བས་ང་ཚོར་རང་རྒྱལ་གྱི་མི་རིགས་འབྲེལ་བ་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་གཙོ་བོ་ཤེས་རྟོགས་ཡང་དག་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ངོས་འཛིན་ཆགས་པར་རྩ་བའི་ལངས་ཕྱོགས་དང་ཐབས་ལམ་མཁོ་འདོན་བྱས་ཡོད། མི་སེམས་གཅིག་སྒྲིལ་ཐུབ་མིན་གྱི་གཞི་རྩ་དེ་རིན་ཐང་ལྟ་བ་གཅིག་མཐུན་ཡིན་མིན་དང་ངོས་འཛིན་གཅིག་གྱུར་ཡོང་མིན་ལ་ཐུག་ཡོད། ཀྲུང་ཧྭ་མི་རིགས་ནི་སྣ་མང་གཞི་གཅིག་གི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱུང་བའི་ལོ་རྒྱུས་ཤིག་ཡིན། ལོ་ངོ་སྟོང་ཕྲག་རིང་རང་རྒྱལ་གྱི་མི་རིགས་ཁག་གིས་དུས་ཡུན་རིང་པོའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལག་ལེན་ཁྲོད། མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་དང་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ས་ཆ་ཐུན་མོང་ཐོག་གསར་སྤེལ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་ལོ་རྒྱུས་དང་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་གསར་གཏོད་བྱས་པ་བརྒྱུད། མཐར་གཅིག་ལ་གཅིག་འབྲེལ་དང་། ཕན་ཚུན་མཉམ་འདྲེས། སྣ་མང་མཉམ་འདྲེས་བཅས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཆགས་ཡོད། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན་པ་བསྟན་ཡོད། མི་རིགས་ཁག་གིས་རང་ཉིད་ཀྱི་ལས་དབང་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་གཅིག་ཏུ་དམ་པོར་སྦྲེལ་ན་གཞི་ནས་མདུན་ལམ་དང་རེ་བ་ཡོད།

 

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བས་ང་ཚོར་མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་ཤུགས་སྣོན་དང་། མི་རིགས་ཁག་སེའུ་འབྲུའི་འབྲུ་གུ་བཞིན་རྡོག་རྩ་གཅིག་སྒྲིལ་ལ་སྐུལ་འདེད། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཅས་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་བརྟག་ཐབས་སྨྲ་བ་མཁོ་འདོན་བྱས་ཡོད། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་རླབས་ཆེན་གྱི་འཕེལ་རིམ་ཁྲོད་ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དང་རང་རྒྱལ་གྱི་མི་རིགས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་བྱས་ཤིང་། རང་རྒྱལ་གྱི་གནས་ཚུལ་དང་འཚམ་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་མ་ལག་རབ་དང་རིམ་པ་བཏོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་སྐོར་གྱི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བ། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་པའི་ལམ་བུའི་ཚན་རིག་དང་མཐུན་པའི་ཆོད་གཏམ་ཁ་གསལ་བཏོན་གནང་བ་བཅས་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་རྒྱུན་འཛིན་འཕེལ་རྒྱས་བཏང་བ་དང་ལག་ལེན་ཧུར་ཐག་བསྟར་བ་ཞིག་རེད།

 

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་འཛུགས་པར་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་པའི་ལམ་བུ་མཐའ་འཁྱོངས་བྱེད་དགོས། བོད་ཀྱི་མི་རིགས་ཁག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། “རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཕན་ཚུན་ཁ་འབྲལ་ཐབས་མེད་པ”བཅས་ནི་ལོ་ངོ་སྟོང་ཕྲག་རིང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་གི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་ཡར་ཐོན་བྱས་པའི་ལོ་རྒྱུས་ཀྱི་མཚོན་ཚུལ་དངོས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩི་དགོས་ཞེས་གསལ་སྟོན་གནང་བ། དུས་རབས་གསར་པར་རང་ལྗོངས་ཀྱི་མི་རིགས་ཀྱི་བྱ་གཞག་ཟམ་མི་ཆད་པར་གསར་གཏོད་དང་འཕེལ་རྒྱས་ཡོང་རྒྱུར་སྣེ་ཁྲིད་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ནི་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་ཀྱི་གྲས་ཤིག་ཡིན། མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ལ། ཏང་གི་མི་སེམས་འགུག་ཤུགས་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས། རླབས་ཆེན་མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་བཅས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་ཆེ་རུ་ཕྱིན་ཡོད། ལག་ལེན་དངོས་ཀྱི་ཉམས་མྱོང་ལས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་པའི་ལམ་བུ་ནི་ལོ་རྒྱུས་ལ་བརྩི་འཇོག་བྱས་པ་དང་། རྒྱལ་བབ་དང་འཚམ་པ། མི་སེམས་དང་བསྟུན་པ་བཅས་ཀྱི་ཡང་དག་པའི་གདམ་ག་ཞིག་ཡིན་པ་དང་། དེར་ཁྱད་འཕགས་རང་བཞིན་ཤིན་ཏུ་ཆེན་པོ་དང་གསོན་ཤུགས་ཧ་ཅང་ཆེན་པོ་ལྡན་པ་ར་འཕྲོད་ཐུབ་ཡོད།

 

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་འཛུགས་པར། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། “གནའ་རབས་དཔྱད་གཞིར་འཛིན། དེང་དུས་ཞིབ་པར་དཔྱད། མི་ཆོས་ལེགས་པར་རྟོགས”མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་མི་རིགས་སྲིད་ཇུས་ཀྱི་འབྱུང་ཁུངས་དང་རང་རེའི་ཏང་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན། དེའི་ཐོག་ནས་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཐུན་མོང་དར་རྒྱས་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་འདི་མཚོན་གྱི་ཡོད། མཐུན་སྒྲིལ་གཅིག་གྱུར་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་ཡིན། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་འཛུགས་པ་དང་མཐའ་འཁྱོངས་བྱེད་པར་ངེས་པར་དུ་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་གྱིས་གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་བྱས་ནས་མི་རིགས་འདྲ་མཉམ་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་བྱེད་དགོས།

 

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་འཛུགས་པར། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་རྒྱུས་ཀྱི་འཁོར་ལོ་ཕྱིར་ཤིག་རྒྱག་རྒྱུའི་སྟོང་བསམ་བཅངས་པའི་ལོག་སྤྱོད་ཀྱི་ངོ་བོ་གསལ་པོ་རྟོགས་དགོས། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས་གཅིག་དར་ན་ཀུན་དར་རྒྱུ་དང་གཅིག་ཉམས་ན་ཀུན་ཉམས་རྒྱུ་ཡིན། འོན་ཀྱང་ཕྱི་རྒྱལ་དུ་ངོ་ལོག་བྲོས་བྱོལ་དུ་སོང་བའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“བོད་རང་བཙན”ཟེར་བའི་ཁོ་པའི་ལོག་སྤྱོད་ཀྱི་ཆབ་སྲིད་ལྐོག་གཡོ་འགྲུབ་ཆེད། རྒྱལ་ཁབ་དང་བོད་ཀྱི་མི་དམངས་ལ་བྱ་བ་བཟང་པོ་ཏིལ་འབྲུ་ཙམ་ཡང་སྒྲུབ་མྱོང་མེད་པར་དེ་ལས་ལྡོག་སྟེ་འཛེམ་བག་མེད་པར་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ཚིག་མཚོན་འདེབས་ཀྱི་ཡོད། ཁོ་པས“བོད་མི་རིགས་ཀྱི་མགྲིན་ཚབ་པ”ཡིན་ཁུལ་གྱིས་ཁ་ནས་ཁུངས་མེད་ལུང་མེད་ཤོད་པ་དང་གཏམ་འཆལ་ཡང་ཡང་སྤེལ་ཏེ“ཀྲུང་གོས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་ཀྱི་འདུག”ཅེས་ཚིག་མཚོན་བཏབ་ནས་འཛེམ་བག་མེད་པར་ཆབ་སྲིད་ཐོག་ནས་མགོ་སྐོར་བསླུ་བྲིད་བྱེད་པ་དང་ཁ་ཕྲལ་གཏོང་རྒྱུའི་ངན་སྐུལ་བྱེད་ཀྱི་ཡོད། ཁོ་པས་མཚོ་བོད་ས་མཐོའི་ཐོག་བགྲང་བྱ་སྟོང་ཕྲག་ཁ་ཤས་རིང་མི་རིགས་མང་པོ་མཉམ་དུ་འཚོ་གནས་བྱས་པའི་དོན་དངོས་དང་ས་མཐོའི་མི་རིགས་ཁག་གིས་མཉམ་དུ་བཏོད་པའི་ལོ་རྒྱུས་དང་རིག་གནས་སྣང་མེད་དུ་བཏང་ནས་ལོ་རྒྱུས་ཐོག་རྩ་བ་ནས་འབྱུང་མྱོང་མེད་པ་དང་མི་རིགས་གཞན་དག་ཕྱིར་འབུད་བྱེད་པའི“བོད་ཆེན་པོ”ཟེར་བ་འཛུགས་རྩིས་བྱེད་པ་དང་། རྐང་བཙུགས་ནས་མི་རིགས་དབར་འགལ་ཟླ་དང་མི་རིགས་དབར་འཁོན་འཛིན་བཟོ་ཡི་ཡོད། ཁོ་པས་རྩ་ཁྲིམས་དང་ཀྲུང་གོའི་ཆབ་སྲིད་ལམ་ལུགས་དང་རྒྱབ་འགལ་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་འདྲ་མཉམ་དབང་ཆ་སྣང་མེད་དུ་བཏང་སྟེ“རང་སྐྱོང”རྫུས་མ་དང་། “རང་བཙན”ངོ་མ། “ཚད་མཐོའི་རང་སྐྱོང”བཅས་ཀྱི་ཆབ་སྲིད་ཀྱི་འདོད་ཚུལ་གང་སར་གླེང་སྟེ་མི་རིགས་ཁ་ཕྲལ་གཏོང་བ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྩ་བ་ནས་ཁས་མི་ལེན་པའི་རེ་ངན་འཆང་གི་ཡོད། ལོ་རྒྱུས་ནི་ལོ་རྒྱུས་རང་དང་དོན་དངོས་ནི་དོན་དངོས་རང་ཡིན། ལོ་བཅུ་ཕྲག་རིང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། སྒོ་བསྡམས་ནས་སྒོ་འབྱེད་བཅས་བར་དུ་བསྐྱོད་པའི་ལོ་རྒྱུས་ཀྱི་དོན་དངོས་ནི་སུ་ཞིག་གིས་ཀྱང་སུབ་བཅོས་བྱེད་ཐབས་བྲལ་བ་ཞིག་རེད།

 

“བདེན་དོན་ནི་ལག་ལེན་གྲངས་མེད་ཁྲོད་དུ་གྲུབ་པ་ཞིག་རེད”ང་ཚོས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱས་ཏེ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཆང་བའི་མི་རིགས་ཁག་གི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་རིགས་ཁག་གི་སེམས་པ་གཅིག་སྒྲིལ་དང་བློ་ཁ་གཅིག་གཏད་ཡོང་བར་བྱས་ཏེ། སེའུ་འབྲུའི་འབྲུ་གུ་བཞིན་ཕན་ཚུན་དམ་པོར་སྦྲེལ་ནས་སྤུན་ཟླ་ཕན་ཚུན་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱེད་དགོས།

 

(སྤེན་ཚེ་དང་ལྷ་དབང་གིས་བསྒྱུར། སྤེན་ཚེས་ཞུས)

 

 

1

 

编辑:杜龙飞
上一篇:党员学习材料
下一篇:学习材料
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心