当前位置: 首页 > 通知公告 > སྤྲིན།

སྤྲིན།

2019年12月10日 12:33:57 访问量:149

7.སྤྲིན།

རྡོ་གྲུབ་བསྟནཔའི་ཉི་མ།

 དེ་རྒྱ་མཚོ་ཀླུ་ཡི་འདུ་བྱེད་ཀྱིས། རྒྱུ་སྤུན་མེད་པའི་ཐགས་སུ་བཏགས། འཐག་དང་དྲུབ་པ་མཉམ་དུ་བྱུང་། དྲུབ་ཟིན་ཙམ་ནས་ཚལ་བརྒྱར་རལ། རལ་སྙམ་ཙ་ན་ཡུག་གཅིག་འགྲོ།

 

 སྤྲིན་གྱི་ངོ་བོ་དང་རང་བཞིན་ཇི་ལྟར་ཡིན་ནམ།

ལན་དུ། རབ་དཀར་དྲི་མེད་གཙང་ལ་མཛེས་ཞེས་བྲིས་ཡོད།

 

 འཚོ་བའི་རླུང་གིས་མ་གཡོས་པའི་། ། རྩོམ་གྱི་མཚོ་མོའི་རླབས་ཕྲེང་ནི། །

བརྒྱ་ལམ་ཙམ་ན་མཆིས་སྲིད་ཀྱང་། ལྦུ་བ་བཞིན་དུ་ག་ལ་རྟག །

ཞེས་པའི་བསྟན་དོན་ཅི་ཡིན་པ་དང་དཔེ་དང་དཔེ་ཅན་ཇི་འདྲ་ཡིན་པ་ཤོད།

ལན་དུ། རྩོམ་རིག་གསར་རྩོམ་བྱེད་དུས་དོན་དངོས་འཚོ་བ་གཞིར་མ་བྱས་ན། འཚོ་བའི་བདེན་སྣང་གི་རང་བཞིན་མེད་པས་དོན་གྱི་སྙིང་པོ་མེད་ཅེས་རྩོམ་རིག་གི་བརྗོད་བྱའི་འབྱུང་ཁུངས་ནི་འཚོ་བ་ཡིན་པ་བསྟན་པའོ། འདིར་འཚོ་བ་ནི་རླུང་གི་གཟུགས་སུ་བཀོད་པ་དང་། རྩོམ་ནི་རླབས་ཕྲེང་གི་གཟུགས་སུ་བཀོད་པ་དང་། དོན་སྙིང་མེད་པ་དེ་ལྦུ་བའི་གཟུགས་སུ་བཀོད་པའོ།

 བེམ་པོའི་ལུས་ལ་སྲོག་ཞུགས་ཚེ། ། རྣམ་པར་ཤེས་པའི་མཚན་ཉིད་ལྡན། །

རྗོད་བྱེད་ཚིག་ལ་དོན་སྟོངས་ཚེ། ། སྲོག་མེད་རྩོམ་གྱི་བེམ་པོ་ཉིད། །

ཅེས་པའི་བསྟན་དོན་ཅི་ཞིག་ཡིན་པ་བཤོད།

ལན་དུ། བེམ་པོར་སྲོག་དང་ལྡན་པར་གྱུར་ཚེ། རྣམ་པའི་ཤེས་པའི་གང་ཟག་མཚན་ཉིད་ལྡན་པར་གྱུར་པ་བཞིན་དུ་རྩོམ་གྱི་རྗོད་བྱེད་ཚིག་ལ་བརྗོད་བྱའི་དོན་གྱིས་སྟོང་ཚེ། ཚེ་སྲོག་དང་བྲལ་བའི་བེམ་པོར་གྱུར་པ་དང་མཚུངས་ཞེས་རྩོམ་ཡིག་ལ་བརྗོད་བྱའི་དོན་སྙིང་ལྡན་དགོས་པ་བསྟན།

 བསྟོད་པ་བཀླགས་པའི་འཆར་སྣང་ཞེས་པའི་སློབ་ཚན་དེའི་ནང་དུ་གནད་དོན་གང་དག་ལ་སུན་འབྱིན་དང་དགག་སྒྲུབ་བྱས་ཡོད་པ་བཤོད།

ལན་དུ། སློབ་ཚན་དེར་གཙོ་བོ་བརྩམས་ཆོས་དང་རྩོམ་པ་པོ། བརྩམས་ཆོས་དང་བསྟོད་རྩོམ། བརྩམས་ཆོས་དང་བརྗོད་བྱ། བརྩམས་ཆོས་དང་རྩོམ་སྒྲིག་པ། བརྩམས་ཆོས་དང་རྩོམ་རིག་འཕེལ་རྒྱས། རྩོམ་རིག་བརྩམས་ཆོས་ཀྱི་རིན་ཐང་གི་ཚད་གཞི་བཅས་ཀྱི་ཐད་ནས་དགག་སྒྲུབ་མཛད་ཡོད།

 རྩོམ་རིག་ལ་བརྗོད་བྱ་དང་རྩོམ་སྟངས་སྣ་ཚོགས་ཡོད་མོད། འོན་ཀྱང་བསྟོད་པ་ཁོ་ནའི་ལམས་ནས་གསར་རྩོམ་བྱས་ན་སྐྱོན་ཅི་ཞིག་ཡོད་དམ།

ལན་དུ།བསྟོད་རྩོམ་ཁོ་ནའི་ཕྱོགས་སུ་ཚེ། རྩོམ་ལ་དོན་གྱིས་སྟོང་ཞིང་བརྗོད་བྱ་སྣ་རྐྱང་དུ་གྱུར་པ་དང་། འཚོ་བ་དངོས་ཚུར་སྣང་བྱེད་དཀའ་བས། སྒྱུ་རྩལ་གྱི་འགུགས་ཤུགས་ཉམས་འགྲོ་ལ། རྩོམ་རིགས་འཕེལ་རྒྱས་ཀྱི་གེགས་སུའང་འགྲོ་ངེས་ཡིན།

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心