当前位置: 首页 > 通知公告 > བྱམས་བརྩེ་བཀའ་དྲིན་ཅན་གྱི་ཕ་མ་གཉིས།

བྱམས་བརྩེ་བཀའ་དྲིན་ཅན་གྱི་ཕ་མ་གཉིས།

2019年11月15日 17:03:18 访问量:409

ཕ་མ་ཁྱེད་གཉིས་ནི་ང་རང་སྲིད་པའི་འཇིག་རྟེན་འདིའི་ཐོག་ཡོང་མ་ཐག་ཐེངས་དང་པོར་ང་ལ་ལྟ་སྐྱོང་གནང་མཁནརེད། དེ་བས། ནམ་མཁའི་རྟ་བདུན་དབང་པོ་དང་གཉིས་སུ་མཆིས།

ང་རང་ལ་ཁྱེད་ཟུང་གིས་ཆུང་སྦར་མོ་གང་ནས་གང་དགའ་གང་སྐྱིད་ཀྱིས་བྱམས་སྐྱོང་གནང་གིན་དུ་གསོས་ལ། ཁྱེད་གཉིས་ཀྱིས་དཀའ་ངལ་ཡོད་རྒུ་ཁྱད་དུ་སད་ནས། ཡོང་འབབ་ཕྲན་བུའི་ཆེད་དུ་ལས་ཀ་སྣ་ཚོགས་ལས་ནས་ཁྱིམ་ཚང་འདི་སྐྱོང་ཐབས་བྱས། དེ་བས། ཁོང་གཉིས་ཀྱིས་ང་ལ་ཕལ་ཆེར་གཟའ་འཁོར་གཉིས་རེ་ལ་སྟོད་གོས་གསར་པ་རེ་ཉོ་གི་ཡོད། འོན་ཀྱང་། ཁོང་གཉིས་སོ་སོ་ལ་ཉོ་བ་ནི་ཧ་ཅང་མཐོང་དཀོན།

བཀའ་དྲིན་ཅན་གྱི་ཕ་མ་གཉིས། ཁྱེད་ཅག་སྐུ་ལས་ཁག་སོང་། ཁྱེད་ཉིད་ཀྱི་ཆུ་མོ་ལས་རིང་བའི་ངང་རྒྱུད་དང་། བལ་ལས་འཇམ་པའི་གཤིས་ཀ གངས་རི་ལས་དཀར་བའི་ཐུགས་སེམས་ནི་ངས་སེམས་གཏིང་ལ་ངེས་ཡོད་ལ། ཁྱེད་གཉིས་ཀྱིས་ང་རང་སློབ་གྲྭའི་ཤེས་རིག་གི་སྐྱེད་ཚལ་དུ་བསྐྱལ་བྱུང་། གཤིས་བཟང་ངག་འཇམ་གྱི་བསླབ་བྱ་གནང་ཐེངས་རེ་ལ། སློབ་གྲྭ་རུ་རྒན་ལགས་ལ་གུས་ཞབས་བྱེད་དགོས་པ་མ་ཟད། སློབ་གྲོགས་དབར་ལ་མཐུན་སྒྲིལ་དགོས་པ་དང་། གཤིས་རྒྱུད་དྲང་བའི་སློབ་མར་ཁ་མིག་ཡར་ལྟ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་གནང་གི་ཡོད།  

དྲིན་ཆེན་ཕ་མ་ནི་གུས་པར་འོས་ཤིང་བརྗེད་དུ་མེད་པའི་ལམ་སྟོན་སྒྲོན་མེ་ཡིན་ལ། ཚེ་སྲོག་གི་ལུས་རྟེན་སྦྱིན་མཁན་དང་མ་འོངས་ལམ་སྣེ་རྡོག་པས་སྣོན་རོགས་ཡིན་ལགས་པས། ཕ་མ་ཟུང་གི་བཀའ་དྲིན་ནི་རི་རབ་ལས་ལྕི་ཞིང་གཙང་པོ་ལས་རྒྱུན་རིང་། བདག་གིས་ཤེས་བྱའི་དཔལ་འབར་ལག་ཏུ་ཐོགས་ཏེ་དྲིན་ཆེན་ཕ་མའི་སྐུ་དྲིན་འཇལ་ཐུབ་པ་བྱེད་ཀྱི་ཡིན།

 

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心