ལན། ལྔ་ཡོད་དེ། དྲང་བ་དང་བཀུག་པ། སྨད་པ། སྒྲེང་བ། བསྟོད་པ་བཅས་སོ།
ལན། དབུ་ཁྱུད་ལ་ཡི་གེའི་མགོ་འདྲེན་པའི་བྱེད་ནུས་དང་། ཚེག་ལ་གདངས་མཚམས་གཅོད་པའི་བྱེད་ནུས། ཤད་ལ་ཚིག་མཚམས་གཅོད་པའི་བྱེད་ནུས་ལྡན།
ལན། དབུ་ཁྱུད་ལ་དང་ཀྱོག་དང་། བེརྒ་ཞེས་འབོད་སྲོལ་མི་འདྲ་བ་ཡོད།
ལན། དེ་ལ་དབྱངས་དང་གསལ་བྱེད་གཉིས་ཡོད།
ལན། བོད་ལ་གསལ་བྱེད་ཡི་གེ་སུམ་ཅུ་ཡོད་དེ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་བཅས་སོ།
ལན། གསལ་བྱེད་སུམ་ཅུ་སྡེ་བ་བདུན་དང་ཕྱེད་ཀའམ་སྡེ་བ་ཕྱེད་དང་བརྒྱད་དུ་ཕྱེས་ཡོད། སྡེ་པ་རེར་ཡི་གེ་བཞི་རེ་ཡོད་པ་སྟེ། ཀ་སྡེ(ཀ་ཁ་ག་ང)ཅ་སྡེ(ཅ་ཆ་ཇ་ཉ)ཏ་སྡེ(ཏ་ཐ་ད་ན)པ་སྡེ(པ་ཕ་བ་མ)ཙ་སྡེ(ཙ་ཚ་ཛ་ཝ)ཞ་སྡེ(ཞ་ཟ་འ་ཡ)ར་སྡེ(ར་ལ་ཤ་ས) བཅས་སྡེ་པ་བདུན་དང(ཧ་ཨ)སྡེ་པ་ཕྱེད་ཀ་བཅས།
ལན། དེ་དག་ནི་ཀ་སྡེ་ཅ་སྡེ་ཏ་སྡེ་དང་། པ་སྡེ་ཙ་སྡེ་ཞ་སྡེ་དང་། ར་སྡེ་ཧ་ཨ་སྡེ་བ་ཕྱེད་བཅས་སོ།
ལན། དེ་ནི་བོད་ཡིག་སློབ་པའི་ལས་སླའོ་ཞེས་བོད་ཡིག་ཐོག་མར་སྦྱང་མཁན་རྣམས་ལ་སྤྲོ་སྣང་སྦྱིན་པ་དང་དེ་སློབ་པར་སྐུལ་བའི་ཆེད་དུ་ཡིན།
ལན། མགྲིན་པ། རྐན། སོ། མཆུ། ལྕེ། སྤྱི་བོ། ཁོག་པ། སྣ་བཅས་སོ།
ལན། དེ་ལ་ཨཱ་ལི་དང་ཨ་ཕྲེང་སོགས་ཡོད།
ལན། དེ་ནི་གསལ་བཤད་སུམ་ཅུའོ།
ལན། དེ་དག་ནི་གུག་གུ་དང་འགྲེང་བུ། རྣ་རུའོ།
ལན། ར་མགོ་ཅན་གྱི་ཡི་གེ་བཅུ་གཉིས་ཡོད་དེ།
རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫའོ།
ལན། ལ་མགོ་ཅན་གྱི་ཡི་གེ་བཅུ་ཡོད་དེ། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷའོ།
ལན། ས་མགོ་ཅན་གྱི་ཡི་གེ་བཅུ་གཅིག་ཡོད་དེ། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩའོ།
ལན། གསུམ་ཡོད་དེ། ར་མགོ ལ་མགོ ས་མགོ་བཅས་སོ།
ལན། བཞི་ཡོད་དེ། ཡ་བཏགས་དང་ར་བཏགས། ལ་བཏགས། ཝ་བཏགས་བཅས་སོ།
ལན། དེ་དག་ནི་ཞབས་ཀྱུ་དང་ཡ་བཏགས། ར་བཏགས་སོ།
ལན། ཡ་བཏགས་ཅན་གྱི་ཡི་གེ་བདུན་ཡོད། དེ་དག་ནི་ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་བཅས་སོ།
ལན། ར་བཏགས་ཅན་གྱི་ཡི་གེ་བཅུ་གསུམ་སྟེ། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་ནྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་སོ། (བཅུ་བཞིར་འདྲེན་ན་གོང་གི་བཅུ་གསུམ་སྟེང་ཤྲ་སྣོན་དགོས)
ལན། ལ་བཏགས་ཅན་གྱི་ཡི་གེ་དྲུག་ཡོད། དེ་དག་ནི་ཀླ་གླ་བླ་ཟླ་རླ་སླའོ།
ལན། ཝ་བཏགས་ཅན་གྱི་ཡི་གེ་བཅོ་ལྔ་སྟེ། ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་རྩྭ་གྲྭ་ཕྱྭ་བཅས་སོ།
ལན། ར་མགོ་ཡ་བཏགས་ཅན་གྱི་ཡི་གེ་གསུམ་ནི་རྐྱ་རྒྱ་རྨྱའོ།
ལན། ས་མགོ་ཡ་བཏགས་ཅན་གྱི་ཡི་གེ་ལྔ་སྟེ། སྐྱ་སྒྱ་སྤྱ་སྦྱ་སྨྱའོ།
ལན། ས་མགོ་ར་བཏགས་ཅན་གྱི་ཡི་གེ་དྲུག་ཡོད། སྐྲ་ སྒྲ་ སྣྲ་ སྤྲ་ སྦྲ་ སྨྲ་ བཅས།
ལན། ར་མགོ་ཝ་བཏགས་ཅན་གྱི་ཡི་གེ་གཅིག་ནི་རྩྭའོ།
ལན། འདོགས་ཅན་ཉིས་བརྩེགས་ཅན་གྱི་ཡི་གེ་གསུམ་སྟེ། གྲྭ་ཕྱྭ་དྲྭའོ།
ལན། རྒྱུགས་ཆུང་བའི་ས་མགོ་ར་བཏགས་ཅན་གྱི་ཡི་གེ་གཅིག་ནི་སྣྲའོ།
ལན། རྐང་བ་ཅན་གྱི་ཡི་གེ་དགུ་ནི་ཀ་ག་ཉ་ཏ་ད་ན་ཞ་ཤ་ཧའོ།
ལན། རང་འཇུག་སའི་མིང་གཞི་ཡི་གེའི་སྔོན་དུ་འཇུག་པའི་ཡི་གེ་ལྔ་ལ་ཟེར།
ལན། མིང་གཞི་ཡི་གེའི་རྗེས་སུ་འཇུག་པའི་ཡི་གེ་བཅུ་ལ་ཟེར།
ལན། མིང་གཞི་ཡི་གེའི་རྗེས་སུ་འཇུག་པའི་ཡང་དེའི་རྗེས་སུ་འཇུག་པའི་ཡི་གེ་གཉིས་ལ་ཟེར།
ལན། སྔོན་འཇུག་ཡི་གེ་ལྔ་ནི་རྗེས་འཇུག་ཡི་གེ་བཅུ་ལས་བྱུང་ཞིང་། རྗེས་འཇུག་ཡི་གེ་བཅུ་ནི་གསལ་བྱེད་སུམ་ཅུ་ལས་བྱུང་བ་ཡིན།
ལན། སྔོན་འཇུག་ལྔ་ཡོད། ག་ད་བ་མ་འ་བཅས་སོ།
ལན། རྗེས་འཇུག་བཅུ་ཡོད། ག་ང་ད་ན་བ་མ་འ་ར་ལ་ས་བཅས་སོ།
ལན། ཡང་འཇུག་གཉིས་ཡོད་དེ། ད་ས་གཉིས་སོ།
ལན། གུ་དང་ངུ་། འུ་སོགས་ནི་ཆུང་ངུ་སྟོན་པའི་ཡི་གེ་ཡིན།
ལན། མིང་གཞི་རྐྱང་བ་ཉི་ཤུ་སྟེ།
ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཝ་ཞ་ཟ་ཡ་ཤ་ཧ་ཨའོ།
ལན། ཅ་ཉ་ཏ་ད་ན་ཙ་ཞ་ཟ་ཡ་ཤ་ས་སྟེ་བཅུ་གཅིག་གི་སྔོན་དུ་འཇུག
ལན། མིང་ཚིག་སོགས་བསྒྲུབ་པར་སྔོན་རྗེས་མགོ་འདོགས་དབྱངས་ཡིག་སོགས་འཇུག་པའི་གཞིར་གྱུར་པས་མིང་གཞི་དང་། དེ་གསལ་བྱེད་ཀྱི་ཡི་གེ་ལ་ངོས་འཛིན་པའོ།
ལན། གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་རང་གི་བརྗོད་དོན་གསལ་བར་བྱེད་པའི་ཆ་ནས་བཞག་པའི་ཡི་གེའོ། གསལ་བྱེད་ཀྱི་ཡི་གེ་ལ་ཀ་ནས་ཨ་བར་སུམ་ཅུ་ཐམ་པ་ཡོད།
ལན། བོད་ཡིག་ནི་དབྱངས་གསལ་གཉིས་རྩ་བར་བྱས་ནས་སྔོན་འཇུག་དང་རྗེས་འཇུག ཡང་འཇུག མགོ་ཅན། འདོགས་ཅན་སོགས་གང་ལ་གང་ཐོབ་ཀྱིས་སྦྱར་ནས་སྒྲ་སྦྱོར་བྱེད་པའི་ཡིག་རིགས་ཤིག་ཡིན།
ལན། བོད་སྐད་ནི་བོད་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་པའི་སྐད་ཅིག་ཡིན་ལ། མིའི་བསམ་བློའི་འགྱུར་བ་མཚོན་བྱེད་ཀྱི་རིག་འཕྲུལ་ཁྱད་དུ་འཕགས་པ་ཞིག་ཡིན།
ལན། དེ་ནི་བོད་ཡིག་ཐོག་མར་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་རྣམས་ལ་བོད་ཡིག་སློབ་པ་ནི་ལས་སླ་པོ་རེད་ཅེས་སྐུལ་མ་དང་སྤྲོ་སྣང་འཕེལ་བའི་ཆེད་དུ་བྲིས་པ་ཡིན་ནོ།
ལན། (1)མིང་ནི་དོན་གྱི་ངོ་བོ་ཙམ་སྟོན་པ། བུམ་པ་ལྟ་བུ། (2)ཚིག་ནི་དོན་གྱི་ཁྱད་པར་སྟོན་པ། བུམ་པ་ཆེན་པོ་ལྟ་བུ། (3)བརྗོད་པ་ནི་ངག་ལ་གོ་དགོས་སྟེ། བུམ་པའི་ནང་གི་ཆུ་དེ་གཙང་མ་ཡིན་ལྟ་བུ།
ལན། གནས་དང་བྱེད་པ་དང་རླུང་དང་རྣམ་པར་རྟོག་པའམ་རྣམ་པར་ཤེས་པ་བཞི་ལས་བྱུང་། (1)གནས་ནི་ཡི་གེ་སོ་སོའི་ང་རོ་འབྱུང་སའི་གནས་སོ་སོ་སྟེ། དྲིལ་བུའི་ཁོག་པ་ལྟ་བུ། གནས་བརྒྱད་དེ། ཁོག་པ་དང་མགྲིན་པ། རྐན། ལྕེ། སྣ། སྤྱི་བོ། སོ། མཆུ་བཅས་སོ། (2)བྱེད་པ་ནི་ང་རོ་སྐྱེ་བར་བྱེད་པའི་རྩ་བའི་འགུལ་ཤུགས་ཏེ། དྲིལ་བུའི་ལྕེ་ལྟ་བུ། བྱེད་པ་དྲུག་སྟེ། ཕྲད་པ་དང་ཅུང་ཟད་ཕྲད་པ། བཙུམ་པ། ཕྱེ་བ། དོག་པ། ཡངས་པ་བཅས་སོ། (3)རླུང་ནི་སྐྱོད་པར་བྱེད་པའི་རྒྱུ་སྟེ། དྲིལ་བུ་སྐྱོད་པའི་ལག་པ་ལྟ་བུ། (4)རྣམ་རྟོག་ནི་སྐུལ་བར་བྱེད་པའི་རྩ་བའི་རྒྱུའམ་བརྗོད་འདོད་ཀྱི་བློ་སྟེ། དྲིལ་བུ་འཁྲོལ་བར་བྱེད་པའི་སྐྱེས་བུ་ལྟ་བུ།
ལན། ཡི་གེ་ནི་སྐད་ཀྱི་གདངས་སུ་འགྲོ་བ་དང་། ཡིག་གཟུགས་ནི་སྐད་ཀྱི་གཟུགས་སུ་འགྲོ་བའི་ཁྱད་པར་ཡོད།
༥༡༽ཡི་གེ་མི་འདྲ་བ་བྱུང་བ་དག་བསྡུ་ན་གང་གཉིས་ཡིན།
ལན། འདྲ་གཟུགས་ཀྱི་ཡི་གེ་དང་སྒྲ་སྦྱོར་གྱི་ཡི་གེ་གཉིས་ཡིན་ལ། བོད་ཡིག་ནི་སྒྲ་སྦྱོར་གྱི་ཡི་གེའི་ཁོངས་སུ་རྟོགས།
༥༢༽བོད་ཡིག་ཏུ་སྲོག་གི་ཡི་གེ་ཞེས་པ་གང་ལ་ཟེར་བ་ཡིན།
ལན། སྲོག་གི་ཡི་གེ་ནི་དབྱངས་བཞི་དང་ཚེག་ལ་ཟེར་བ་ཡིན་ཏེ། བོད་ཡིག་ཚེག་གིས་མ་བཅད་ན་ཚེག་ཁྱིམ་མི་འགྲུབ་ཅིང་། ཚེག་ཁྱིམ་མེད་ན་སྔོན་རྗེས་རྣམས་འདྲེས་པར་འགྱུར་བས་བརྗོད་བྱ་སྟོན་པའི་བྱ་བ་བྱེད་མི་ནུས་སོ། དཔེར་ན། སྲོག་དང་ལྡན་ན་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་ལ་མེད་ན་མི་ནུས་པ་བཞིན་ནོ།
༥༣༽ བོད་ཡིག་ཏུ་རྐྱེན་གྱི་ཡི་གེ་ཞེས་པ་གང་ལ་ཟེར་བ་ཡིན།
ལན། རྐྱེན་གྱི་ཡི་གེ་ཞེས་པ་ནི་དབུ་དང་ཤད་གཉིས་ཡིན་ཏེ། (1) ༼ ༄༅།།༽འདི་ལ་དང་ཀྱོག་གམ་དབུ་འམ་བེ་རྒ་དང་དབུ་ཁྱུད་ཀྱང་ཟེར་བ་དང་། གཞུང་ཡིག་གང་དེ་དབུ་ཡིག་གིས་རྐྱེན་བྱས་ཏེ་འདྲེན་པར་བྱེད་པའི་ནུས་པ་ལྡན་ཡོད། (2) ༼ ། ༽འདི་ལ་ཕུར་ཤད་དང་ཕུར་ཤད་ནི་ཚིག་མཚམས་གཅོད་པའི་རྟགས་མངོན་གསལ་ཞིག་ཡིན། ད་དུང་སྦྲུལ་ཤད་དང་རིན་ཆེན་སྤུངས་ཤད་སོགས་ཡོད་ཀྱང་འདིར་རྒྱས་པར་མ་གླེང་། གོང་དུ་ནི་དབུ་ཅན་གྱི་འབྲི་ཚུལ་ལས་བཤད་པ་ཡིན་ཞིང་དབུ་མད་དུའང་འབྲི་སྟངས་མི་གཅིག་པ་ལས་སྦྱོར་ཚུལ་གཅིག་པ་ཡིན་ནོ།
༥༤༽ བོད་ཡིག་ཏུ་ཕ་མ་བུ་ཚའི་ཡི་གེ་ཞེས་པ་གང་ལ་ཟེར་བ་ཡིན།
ལན། གསལ་བྱེད་སུམ་ཅུ་ལས་ཨ་ནི་མ་ཡི་ཡི་གེ་ཡིན་པ་དང་། ཕ་ཡིག་ནི་ཨ་བོར་བའི་གསལ་བྱེད་ལྷག་མ་ཉེར་དགུ་པོ་ལ་ཟེར། བུ་ཡིག་ནི་སྟེང་ན་ཞྭ་ལྟར་མཛེས་པའི་གི་གུ འགྲེང་པོ། ན་རོ་གསུམ་དང་། འོག་ན་གདན་ལྟར་མཛེས་པའི་ཞབས་ཀྱུ། ཡ་བཏགས། ར་བཏགས་བཅས་གསུམ་སྟེ་དྲུག་པོ་རྣམས་ལ་ཟེར།
༥༥༽ གང་འདྲ་ཞིག་ལ་མགོ་ཅན་ཟེར།
ལན། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ཀྱི་མགོར་བརྩེགས་ནས་ཡོད་པ་ན་མགོ་ཅན་ཟེར།
༥༦༽ དབུ་མེད་སྐབས་ར་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གང་དག་ཡིན།
ལན། ར་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གསུམ་ཡོད་དེ། རྔ། རྡ། རྩ། བཅས་སོ།
༥༧༽ དབུ་མེད་སྐབས་ལ་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གང་དག་ཡིན། སྒྲ་འགྱུར་ཆེ་བ་གང་ཡིན།
ལན། ལ་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གསུམ་ཡོད་དེ། ལྔ། ལྟ། ལྡ། བཅས་དང་། སྒྲ་འགྱུར་ཆེ་བ་གཅིག་སྟེ། ལྷ། ཡིན།
༥༨༽ དབུ་མེད་སྐབས་ས་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གང་དག་ཡིན། གཟུགས་ཡོངས་སུ་འགྱུར་བ་གང་ཡོད།
ལན། ས་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གསུམ་ཡོད་དེ། སྟ། སྡ། སྩ། བཅས་དང་། གཟུགས་ཡོངས་སུ་འགྱུར་བ་གཅིག་སྟེ། སྤ། ཡིན།
༥༩༽ སླ་དང་རླ་ཞེས་པ་ལྟ་བུའི་ས་དང་ར་གཉིས་མགོ་ཅན་གྱི་ཁོངས་སུ་གཏོགས་སམ།
ལན། མ་གཏོགས་ཏེ། དེ་གཉིས་ནི་མིང་གཞི་ཡིན་པ་ལས་མགོ་ཅན་མིན།
༦༠༽ གང་འདྲ་ཞིག་ལ་འདོགས་ཅན་ཟེར།
ལན། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ཀྱི་སྨད་ནས་འདོགས་པའི་ཚུལ་གྱིས་འཇུག་པས་ན་འདོགས་ཅན་ཟེར།
༦༡༽མིང་གཞི་ཞེས་པའི་གོ་དོན་གང་ཡིན།
ལན། མིང་དང་ཚིག་སོགས་བསྒྲུབ་པའི་ཆེད་དུ་སྔོན་རྗེས་ཡང་གསུམ་དང་།མགོ་འདོགས་བརྩེགས་གསུམ་དབྱངས་དང་བཅས་པ་འཇུག་པའི་གཞིར་གྱུར་པས་མིང་གཞི་ཞེས་ཟེར་རོ།
༦༢༽ ཡང་འཇུག་ད་དང་ས་གཉིས་རྗེས་འཇུག་གི་རྗེས་སུ་ཡང་བསྐྱར་འཇུག་ཚུལ་ཇི་ལྟར་ཡིན།
ལན། ཡང་འཇུག་ད་ཡིག་ནི་རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་སྦྱོར་དགོས་པ་དཔེར་ན།བསྐྲུནད།བསྒྱུརད། འཇལད་ལྟ་བུ་དང་།ཡང་འཇུག་ས་ནི་རྗེས་འཇུག་ག་ང་བ་མ་བཞིའི་རྗེས་སུ་སྦྱོར་དགོས་པ་དཔེར་ན། ནགས། གངས།ཞབས།སེམས་ལྟ་བུའོ།
༦༣༽ མིང་གཞི་རྐྱང་པའམ་མི་འཇུག་པའི་ཡི་གེ་ག་ཚོད་ཡོད། དེ་དག་ལ་མི་འཇུག་པའམ་མིང་གཞི་རྐྱང་པ་ཞེས་བརྗོད་དོན་ཅི་ཡིན།
ལན། མིང་གཞི་རྐྱང་པའི་ཡི་གེ་ནི་རྗེས་འཇུག་བཅུ་ཕུད་པའི་ལྷག་མ་ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་བཅས་ཉི་ཤུ་ཐམ་པ་ཡིན།དེ་རྣམས་སྔོན་རྗེས་གཉིས་སུ་མི་འཇུག་པས་ན་མིང་གཞི་རྐྱང་པའི་ཡི་གེ་ཞེས་བརྗོད།
༦༤༽ བོད་ཡིག་གི་ཡིག་གཟུགས་ལ་རྩ་བའི་དབྱེ་བ་ག་ཚོད་ཡོད།
ལན། བོད་ཡིག་གི་ཡིག་གཟུགས་ལ་རྩ་བའི་དབྱེ་བ་གཉིས་ཡོད་པ་སྟེ།དབུ་ཅན་དང་དབུ་མེད་གཉིས་ཡོད།
༦༥༽ དབུ་མེད་ཀྱི་ཡིག་གཟུགས་ལ་དབྱེ་བ་གང་དག་ཡོད།
ལན། དབུ་མེད་ཀྱི་ཡིག་གཟུགས་ལ་ཚུགས་ཐུང་དང་། དཔེ་ཚུགས། འབྲུ་ཚ། འཁྱུག་ཡིག་སོགས་ཡོད།
༦༦༽ དབུ་མེད་ཀྱི་ཡི་གེ་འབྲི་སྐབས་ཞབས་ཀྱུ་དང་མིང་གཞི་སྦྲེལ་ལུགས་ཐད་དོ་སྣང་བྱེད་དགོས་པ་གང་ཡོད་དམ།
ལན། (1)ཀ་ཁ་ག་ཐ་ད་པ་དང་།མ་ལ་ས་བཅས་ཐད་ཀར་སྦྲེལ། (2)ཇ་ཉ་ཏ་ན་ཛ་ཞ་ར།ཧ་བཅས་སྦྲེལ་ཅིང་གུག་ཆ་ལྡན། (3)ཅ་ཆ་ང་ཙ་ཚ་ཝ་འ། ཨ་བཅས་ཐད་ཀར་སྦྲེལ་མི་རུང་། (4)ཤ་ལ་ཞབས་ཀྱུ་འབྲི་དུས་སུ།གཟུགས་ཀྱི་འགྱུར་བ་མངོན་གསལ་ཆེ།
༦༧༽ བོད་ཀྱི་རིག་གནས་ལ་གང་དག་ཡོད་དམ།
ལན།བོད་ཀྱི་རིག་གནས་ལ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་ཁྱོན་བཅུ་ཡོད།རིག་གནས་ཆེ་བ་ལྔ་ནི། སྒྲ་རིག་པ་དང་། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་རིག་པ་བཅས་ལྔ་ཡོད།རིག་གནས་ཆུང་བ་ལྔ་ནི། སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར།སྐར་རྩིས་བཅས་ལྔ་ཡོད།
༦༨༽ བོད་ཀྱི་རིག་གནས་ཀྱི་ངག་རྒྱུན་ལ་བཤད་སྲོལ་ཇི་འདྲ་ཡོད།
ལན། སྒྲ་ཤེས་ན་དོན་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས།སྙན་ངག་ཤེས་ན་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས།ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། སྐར་རྩིས་ཤེས་ན་བླང་དོར་ལ་མི་རྨོངས་ཞེས་བཤད་སྲོལ་ཡོད་པ་རེད།
༦༩༽ཡི་གེ་སོ་སོའི་བྱེད་པ་གང་ཡིན་ཞེ་ན།
ལན། མགྲིན་མཆུ་ལས་སྐྱེས་རང་གནས་བྱེད་པ་ཅན། རྐན་བྱུང་ལྕེ་རྩེའི་དབུས་ཀྱི་བྱེད་པ་ཅན། སོ་བྱུང་ལྕེ་རྩེ་ར་ཡིག་ལྕེ་རྩེ་དང་།ཉེ་བའི་བྱེད་པ་ཅན་ཉིད་ཡིན་པར་འདོད།
༧༠༽ཕྱི་ཡི་རྩོལ་བ་ལ་དབྱེ་བ་གང་དག་ཡོད།
ལན། སྒྲ་ལྡན་དང་སྒྲ་མེད་གཉིས། སྲོག་ཆེན་དང་སྲོག་ཆུང་གཉིས་བཅས་བཞི་ཡོད།
༧༡༽ཡི་གེ་གང་དག་སྒྲ་ལྡན་དང་གང་དག་སྒྲ་མེད་ཡིན།
ལན། ཡི་གེ་རྣམས་རང་རང་གི་སྐྱེ་གནས་ནས་བྱུང་བའི་སྒྲ་ཕྱིར་ཐོན་པའི་རྩོལ་བ་ཆེ་ཆུང་གི་དབང་གིས་ག་ང་ཇ་ཉ་ད་ན་བ་མ་ཛ་ཛ་འ་ཡ་ར་ལ་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྒྲ་ལྡན་དང་།ཀ་ཁ་ཅ་ཆ་ཏ་ཐ་་པ་ཕ་ཙ་ཚ་ཞ་ཤ་ས་རྣམས་སྒྲ་མེད་དོ།
༧༢༽སྲོག་ཆེན་དང་སྲོག་ཆུང་གི་ཡི་གེའི་དབྱེ་བ་ཅི་ལྟར་ཡིན།
ལན། ཡི་གེ་རྣམས་ཀློག་སྐབས་ཁའི་ནང་ནས་ཕྱི་རོལ་ཏུ་དབུགས་ཐོན་ཆེ་ཆུང་གི་འདོན་ཚུལ་ལས་ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་ཨ་དང་ཨི་ཨུ་ཨེ་ཨོ་རྣམས་སྲོག་ཆེན་དང་ལྷག་མ་བཅུ་དགུ་སྲོག་ཆུང་ངོ་།
༧༣༽ནང་གི་རྩོལ་བ་ལ་དབྱེ་བ་ཅི་འདྲ་ཡོད་ཅེ་ན།
ལན། ཕྱེ་བའི་རྩོལ་བ་དང་། བཙུམ་པའི་རྩོལ་བ། ཕྲད་པའི་རྩོལ་བ། ཅུང་ཟད་ཕྲད་པའི་རྩོལ་བ་བཅས་བཞི་ཡིན།
༧༤ ༽བོད་ཀྱི་ཡི་གེའི་གྲངས་ཀྱི་དབྱེ་བསྡུ་སྐབས་ཀྱི་དབྱེ་བ་དགུ་པོ་གང་དག་ཡིན།
ལན། བློ་གསལ་མགུལ་རྒྱན་ལས། དབྱེ་ན་དབྱངས་གསལ་སྔོན་རྗེས་མིང་གཞི་དང་། བརྩེགས་འདོགས་འཕུལ་དང་རྣམ་གྲངས་རྣམ་པ་དགུ།
༧༥༽སུམ་ཅུ་པའི་རྩ་བ་ལས་ཡི་གེ་ཨཱ་ལི་ཀཱ་ལི་གཉིས་ཞེས་པའི་དོན་ཅི་ཡིན།
ལན། དབྱངས་གསལ་གཉིས་སུ་དབྱེ་བ་ཙམ་གྱི་སྒོ་ནས་ཡི་གེ་མཐའ་དག་བསྡུས་པའི་ཕྱིར་ཨཱ་ལི་སྟེ་ཨི་སོགས་བཞི་དང་ཀཱ་ལི་སྟེ་གསལ་བྱེད་ཀ་སོགས་སུམ་ཅུ་ཐམ་པ་ལ་ཨ་ཕྲེང་དང་ཀ་ཕྲེང་གཉིསསུ་དབྱེའོ།
༧༦༽ཡི་གེའི་ངོ་བོའམ་ཡི་གེ་ཞེས་པའི་དོན་ཅི་ཡིན།
ལན། མིང་དང་། ཚིག་དང་།བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཞིག་སྟེ།སྐད་ཀྱི་སྒྲ་གདངས་གཞི་རྩ་མཚོན་བྱེད་ཀྱི་བརྡའམ་རི་མོ་དེ་ལ་ཡི་གེ་ཞེས་སོ།།
༧༧༽ཡི་གེའི་ངེས་ཚིག་གང་ཡིན།
ལན། ངེས་ཚིག་ཨཀླ་ར་སྟེ་མི་འགྱུར་གསལ་ཞེས་ལེགས་སྦྱར་གྱི་སྐད་དུ་ཨཀྵ་ར་སྟེ་འགྱུར་བ་མེད་པའམ་མི་འགྱུར་བ་སྟེ། ཡུལ་སོ་སོའི་སྐད་འགྱུར་ཀྱང་དབྱངས་གསལ་གྱི་རང་བཞིན་འགྱུར་བ་མེད་པའམ།ཨའམ་ཀ་ལྟ་བུའི་གཟུགས་གཅིག་རྣམ་གྲངས་གཞན་དུ་མི་འགྱུར་བའོ།།
༧༨༽ཡི་གེ་འཇུག་པའི་གནས་བརྒྱད་ཅེས་པ་དེ་གང་དག་ཡིན།
ལན། སྒྲ་དང་། སྐད་དང་། མིང་དང་། མཚན་མ་དང་། བརྡའ་དང་། ཐ་སྙད་དང་། ཚིག་དང་།དོན་རྣམས་སོ།།
༧༩༽ལེགས་སྦྱར་གྱི་ཡི་གེ་ལ་གསལ་བྱེད་དུ་ཡོད་རེ་རེ་ནས་ཕྲིས།
ལན། གསལ་བྱེད་སོ་བཞི་ཡོད་དེ། ཀ་ཁ་ག་ལྷ་ང་།ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྞ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ།
༨༠༽ལེགས་སྦྱར་གྱི་ཡི་གེ་ལས་བོད་ལ་མི་མཁོ་བའི་ལོག་པའི་ཡི་གེ་ལྔ་གང་དག་ཡིན།
ལན། ཊ་ཋ་ཌ་ཎ་ཥ་བཅས་ལྔའོ།
༨༡༽ལེགས་སྦྱར་གྱི་ཡི་གེ་ལ་མེད་ཀྱང་བོད་ལ་ངེས་པར་མཁོ་བའི་ཡི་གེ་དྲུག་གང་གང་ཡིན།
ལན། སྟོད་དུ་ཅ་ཆ་ཇ་གསུམ་དང་སྨད་དུ་ཞ་ཟ་འ་གསུམ་བཅས་གསར་དུ་བརྣན་པའི་ཡི་གེ་དྲུག་གོ།
༨༢༽བོད་ཀྱི་གསལ་བྱེད་མཐའ་མ་ཨ་ཡིག་རྒྱ་གར་གྱི་ཡི་གེ་ལས་དབྱངས་གསལ་གང་ཡིན།
ལན། རྒྱ་གར་གྱི་དབྱངས་ཡིག་ཁུངས་སུ་བཞག་ཡོད་ཀྱང་བོད་ཀྱི་གསལ་བྱེད་གྲལ་བཞག་ཡོད།
༨༣༽ལེགས་སྦྱར་གྱི་ཡི་གེར་དབྱངས་དུ་ཡོད་རེ་རེ་ནས་ཕྲིས།
ལན། དབྱངས་བཅུ་དྲུག་ཡོད་དེ།ཨ་ཨཱ།ཨི་ཨཱ།ཨུ་ཨཱུ།རྀ་རཱྀ།ལྀ་ལཱྀ།ཨེ་ཨེེ།ཨོ་ཨོོ། ཨཾ་ཨཿ །
༨༤༽ ལེགས་སྦྱར་གྱི་ཡི་གེ་ལས་དབྱངས་ལ་སྒྲ་གདངས་བརྗོད་པའི་སྒོ་ནས་དབྱེ་ན་དུ་ཡོད།
ལན། ཨ་ཨི་ཨུ་རྀ་ལྀ་བཅས་སྒྲ་གདངས་ཐུང་ངུ་དང་། ཨཱ་ཨཱི་ཨཱུ་རཱྀ་་ལཱྀ་ཨེ་ཨོ་ཨཾ་ཨཿ་བཅས་སྒྲ་གདངས་རིང་པོ་དང་། ཨེེ་ཨོོ་སྒྲ་གདངས་ཤིན་ཏུ་རིང་པོའོ།
༨༥༽ལེགས་སྦྱར་གྱི་དབྱངས་ཡིག་ལས་བོད་ཀྱི་སྐད་ལ་མི་མཁོ་བའི་ཡི་གེ་དག་གང་ཡིན།
ལན། ཨ་ཨཱ་ཨཱི་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེེ་ཨོོ་ཨཾ་ཨཿ །
༨༦༽བོད་ཀྱི་དབྱངས་གསལ་གཉིས་ལ་སྐྱེ་གནས་ཕྱེ་ཚུལ་ཇི་ལྟར་ཡིན་ཕྲིས།
ལན། ཀ་ཁ་ག་ང་འ་ཧ་ཨ་རྣམས་ཀྱི་སྐྱེ་གནས་མགྲིན་པ། ཅ་ཆ་ཇ་ཉ་ཙ་ཚ་ཛ་ཞ་ཡ་ཤ་ཨ་ཨི་ཨོ་རྣམས་ཀྱི་སྐྱེ་གནས་རྐན། ཏ་ཐ་ད་ན་ཟ་ལ་ས་རྣམས་ཀྱི་སྐྱེ་གནས་སོ། པ་ཕ་བ་མ་ཝ་ཨུ་ཨོ་རྣམས་ཀྱི་སྐྱེ་གནས་མཆུ།
ར་ནི་སྤྱི་བོ་སྟེ་ལྕེ་རྩེའི་ཉེ་འདབས་སོ།
༨༧༽ བརྩེགས་མའི་ཡི་གེ་ལ་དབྱེ་ན་དུ་ཡོད་ཕྲིས།
ལན། ཉིས་བརྩེགས་ཅན་དང་སུམ་བརྩེགས་ཅན་ཞེས་དབྱེ་བ་གཉིས་སོ།
༨༨༽ཉིས་བརྩེགས་ཅན་ནམ་མགོ་ཅན་གྱི་ཡི་གེ་ལ་དབྱེ་ན་དུ་ཡོད།
ལན། གསུམ་ཡོད་དེ།ར་མགོ་དང་།ལ་མགོ་དང་།ས་མགོའོ།
༨༩༽ཅི་ཞིག་ལ་སུམ་བརྩེགས་ཅན་གྱི་ཡི་གེ་ཟེར།
ལན། མིང་གཞིའི་ཡི་གེ་ལ་མགོ་འདོགས་གཉིས་ཀ་ཡོད་པ་སྟེ་མིང་གཞི་དང་།མགོ་ཅན།འདོགས་ཅན་བཅས་སུམ་བརྩེགས་ཡིན་པས་སོ།
༩༠༽རྗེས་འཇུག་གི་ཡི་གེ་རྣམས་མིང་གཞིའི་ཡི་གེ་ཀུན་གྱི་རྗེས་སུ་འཇུག་པས་ཨེ་ཁྱབ།
ལན། ཁྱབ་བོ།།
༩༡༽ཡང་འཇུག་ཡི་གེ་དུ་ཡོད་དང་འཇུག་ཚུལ་ཇི་ལྟར་ཡིན།
ལན། ཡང་འཇུག་ད་དང་ས་གཉིས་ལས་ད་ནི་ན་ར་ལ་གསུམ་གྱི་རྗེས་སུ་འཇུག་པ་དང་ས་ནི་ག་ང་བ་མ་བཞིའི་རྗེས་སུ་འཇུག་གོ།
༩༢༽སྔོན་འཇུག་ག་ཡིག་མིང་གཞི་གང་དག་གི་སྔོན་དུ་འཇུག་ཕྲིས།
ལན། ཅ་ཉ་ཏ་ད་ན་ཙ་ཞ་ཟ་ཤ་ས་སྟེ་བཅུ་གཅིག་སྔོན་དུ་འཇུག་གོ།
༩༣༽སྔོན་འཇུག་ད་ཡིག་མིང་གཞི་གང་དག་གི་སྔོན་དུ་འཇུག་ཕྲིས།
ལན། ཀ་ག་ང་པ་བ་མ་སྟེ་དྲུག་གི་སྔོན་དུ་འཇུག་པའོ།།
༩༤༽ སྔོན་འཇུག་བ་ཡིག་མིང་གཞི་གང་དག་གི་སྔོན་དུ་འཇུག་ཕྲིས།
ལན། ཀ་ག་ང་ཅ་ཇ་ཉ་ཏ་ད་ན་ཙ་ཛ་ཞ་ཟ་ར་ཤ་ས་སྟེ་བཅུ་དྲུག་གི་སྔོན་དུ་འཇུག་པའོ།།
༩༥༽སྔོན་འཇུག་མ་ཡིག་མིང་གཞི་གང་དག་གི་སྔོན་དུ་འཇུག་ཕྲིས།
ཁ་ག་ང་ཆ་ཇ་ཉ་ཐ་ད་ན་ཚ་ཛ་སྟེ་བཅུ་གཅིག་གི་སྔོན་དུའཇུག་པའོ།།
༩༦༽སྔོན་འཇུག་འ་ཡིག་མིང་གཞི་གང་དག་གི་སྔོན་དུ་འཇུག་ཕྲིས།
ལན། ཁ་ག་ཆ་ཇ་ཐ་ད་ཕ་བ་ཚ་ཛ་སྟེ་བཅུའི་སྔོན་དུ་འཇུག་པའོ།
༩༧༽སྔོན་འཇུག་རྣམས་མིང་གཞི་ཡི་གེ་ཀུན་ཀྱི་སྔོན་དུ་ཁྱད་མེད་འཇུག་གམ་མི་འཇུག།
ལན། མི་འཇུག་སྟེ། སྔོན་འཇུག་རྣམས་རང་རང་གི་འཇུག་ཡུལ་དུ་གྱུར་བའི་མིང་གཞི་རྣམས་ཀྱི་སྔོན་དུའོ།།
༩༨༽ སྔོན་འཇུག་སྐབས་རང་གི་སྡེ་ལ་རང་མི་འཇུག་ཅེས་པའི་དོན་ཅི་ཡིན།
ལན། སྔོན་འཇུག་ལྔ་པོ་རང་གི་སྡེ་བའི་ཡི་གེ་རྣམས་ཀྱི་སྔོན་དུ་མི་འཇུག་པ་དཔེར་ན་སྔོན་འཇུག་ག་ཡིག་རང་སྡེ་ཀ་ཁ་ག་ང་བཞིའི་སྔོན་དུ་མགོ་འདོགས་རྐྱང་བརྩེགས་གང་ལའང་མི་འཇུག་གོ།
༩༩༽སྔོན་འཇུག་ལྔ་པོ་བརྩེགས་ཡིག་གི་སྔོན་དུ་ཆ་སྙོམས་འཇུག་གམ་མི་འཇུག།
ལན། བརྩེགས་ཡིག་རྣམས་ཀྱི་སྔོན་དུ་སྔོན་འཇུག་བ་ཡིག་ཁོ་ན་འཇུག་པའོ།།
༡༠༠༽སྔོན་འཇུག་དང་འཕུལ་ཡིག་ཅེས་པའི་ཐ་སྙད་ལ་ཁྱད་པར་ཡོད་དམ།
ལན། ཁྱད་མེད་དེ། དོན་གཅིག་མིང་གི་རྣམ་གྲངས་སོ།།
༡༠༡༽ཅི་ཞིག་ལ་མིང་ཚིག་བརྗོད་པ་གསུམ་ཟེར།
ལན། དོན་གྱི་ངོ་བོ་ཙམ་སྟོན་པ་ལ་མིང་དང་། དོན་གྱི་ཁྱད་པར་ཙམ་སྟོན་པ་ལ་ཚིག མིང་དང་ཚིག་གི་ཕྲེང་བའམ་ངག་གི་རྒྱུན་ཞིག་ལ་བརྗོད་པའོ།།
༡༠༢༽མིང་ལ་རྩ་བའི་དབྱེ་ན་དུ་ཡོད།
ལན། མིང་ལ་རྩ་བའི་དབྱེ་ན་གཉིས་ཡོད་དེ།དངོས་མིང་དང་། བཏགས་མིང་གཉིས་སོ།།
༡༠༣༽མིང་ལ་ཡན་ལག་གི་སྒོ་ནས་དབྱེ་ན་དུ་ཡོད་ཕྲིས།
དངོས་མིང་ལ་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་དང་།བཏགས་མིང་ལའང་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་སོ།
༡༠༤༽བོད་ཀྱི་ཡི་གེ་ལས་རྐྱེན་གྱི་ཡི་གེ་གསུམ་གང་ཡིན་ཕྲིས།
ལན། ལེགས་སྦྱར་གྱི་ཡི་གེར་ཨ་ག་མ་དང་།བོད་ཀྱི་ཡི་གེ་ལ་མགོ་ཏིག་ཤད་གསུམ་མོ།།
༡༠༥༽བོད་ཀྱི་ཡི་གེར་བརྗོད་དུ་རུང་བའི་ཡིག་འབྲུ་ག་ཚོད་ཡོད་ཕྲིས།
ལན། བློ་གསལ་འགུལ་རྒྱན་ལས།མདོར་ན་ལུས་ཀྱི་ཡི་གེ་ཉིས་བརྒྱ་བརྒྱད། །དབྱེ་ན་བརྗོད་རུང་ཚད་ཀྱི་ཡི་གེའི་གྲངས།།ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ་ལས།།བོད་སྐད་སྟོང་ཕྲག་བརྒྱད་དུ་འདུ་བར་གསུངས།ཞེས་སོ།་ན་བརྗོད་རུང་ཚད་ཀྱི་ཡི་གེའི་གྲངས།། ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ་ལས།།བོད་སྐད་སྟོང་ཕྲག་བརྒྱད་དུ་འདུ་བར་གསུངས།ཞེས་སོ།
༡༠༥༽རྗེ་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་འདི་ཇི་ལྟར་ཐོབ་པ་ཡིན།
ལན། དེ་ཡང་《སྐུ་མཁར་ཆེན་པོ་ཡུམ་བུ་བླ་མཁར་གྱི་དཀར་ཆག་འབྲིང་བ》ལས་“སྤོ་བོའི་ཡུལ་ན་བྱ་མོ་བཙུན་བྱ་བའི་མངལ་ན་ཐེའུ་བྲང་དགུ་སྐྱེས་པའི་ཆུང་མཐའ་ཨོ་བེ་ར་བྱ་བ། བཞིན་གྱི་དཀྱིལ་འཁོར་ལེགས་པ། ཕྱག་སོར་དྲ་བས་འབྲེལ་བ།ཤིན་ཏུ་མཐུ་ཆེ་བས་ཡུལ་དེའི་མི་ཀུན་གྱི་སྤྱུགས་བོད་དུ་ཕྱིན་པའི་ཚེ། བོད་རྣམས་རྗེ་བོ་འཚོལ་བ་དང་བྱང་ལམ་གཡའ་ལེ་གོང་དུ་འཕྲད་ནས།ཁྱེད་སུ་ཡིན། གང་ལ་འོངས། ཞེས་བྲིས་པ་ན། ང་སྤོ་བོའི་ཡུལ་ནས་འོངས།ང་བོད་ལ་འགྲོ་བྱས་པས་འོ་ན་ཁྱོད་ལ་ནུས་པ་ཅི་ཡོད་ཟེར། དེ་ན་རེ།ང་ནུས་པ་ཆེ་བས་ཡུལ་གྱི་མིས་སྤྱུགས་ཟེར།ཁྱེད་ཀྱི་བོད་ཀྱི་རྒྱལ་པོ་བྱེད་ཨེ་ནུས་དྲིས་པས་དེས་ཁྱོད་རྣམས་ཀྱི་གཉའ་བར་ཁྲི་ལ་བཏེགས་ཤིགམཐུ་སྟོབས་ལ་གདོན་མི་ཟ་བྱས་པས་དེར་བོད་འབངས་རྣམས་ཀྱི་གཉའ་བར་བཏེགས་ནས་ཁུར་བས་མཚན་ཡང་གཉའ་ཁྲི་བཙན་པོ་ཞེས་ཐོབ།
༡༠༦༽བར་གྱི་སྟེང་གཉིས་སུ་དང་སུ་ཡིན།
ལན། གྲི་གུམ་བཙན་པོ་དང་བྱ་ཁྲི་བཙན་པོ།
༡༠༦༽བོད་ལ་ཁྲབ་ཀྱི་ཐོག་མ་རྒྱལ་པོ་སུའི་སྐུ་དུས་སུ་དར།
ལན། གྲི་གུམ་བཙན་པོའི་སྐུ་དུས་སུ་སྨར་ཁམས་ནས་དར།
༡༠༧༽བྱ་ཁྲི་བཙན་པོའི་མཚན་གཞན་ལ་གང་འབོད།
ལན། པུ་དེ་གུང་རྒྱལ་དུ་འབོད།
༡༠༨༽ པུར་རྒྱལ་རྒྱལ་རབས་ཐོགས་གི་ལེགས་དྲུག་དང་ལྡེ་བརྒྱད་ཀྱི་དུས་སུ་གང་གི་སྲོལ་དར།
ལན། ཞིང་འབྲོག་ལས་དར་ཁྱབ་ཆེས་ཆེར་ཕྱིན་སྟེ་ཞིང་ལ་དོར་དང་འབྲོག་ལ་ཐུལ་རྩི་སྲོལ་དར།
༡༠༩༽བཙན་པོ་སུའི་དུས་སུ་སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས།
ལན། ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་དར་འོན་ཀྱང་དེ་དུས་བོད་ཡོངས་ལ་དར་ཁྱབ་མེད་པ་དེ་ནི་བོན་གྱི་སྟོབས་ཤུགས་སྔར་བཞིན་གནས་པས་སོ།
༡༡༠༽བཙན་པོ་སུའི་སྐུ་དུས་སུ་བོད་དུ་བླ་སྨན་ཞེས་པ་དེ་བྱུང་བ་ཡིན་ནམ།
ལན། བོད་རྗེ་ལྷ་ཐོ་ཐོ་རིའི་སྐབས་ནས་བྱུང་དེ་ཡང་རྗེ་འདིའི་བླ་སྨན་“དུང་གི་ཐོར་ཅོག་ཅན་”གྱི་མཛད།
༡༡༡༽ རྒྱལ་པོ་སུའི་སྐུ་དུས་སུ་བོད་ལ་ཇ་དང་དཀར་ཡོལ་དར།
ལན། འདུས་སྲོང་མང་པོ་རྗེའི་སྐུ་དུས་སུ་རྒྱ་ནས་བོད་ལ་དར་བར་བཤད།
༡༡༢༽བཙན་པོ་སུའི་སྐུ་དུས་སུ་གཡུ་ཐོག་རྙིང་མ་ཡོན་གཏན་མགོན་པོས་བོད་ཀྱི་གསོ་རིག་པའི་གཞུང་ལུགས་གསར་དུ་གཏོད།
ལན། རྒྱལ་ཐོག་སོ་བརྒྱད་པ་རྗེ་ཁྲི་སྲོང་ལྡེའུ་བཙན་སྐབས།
༡༡༣༽མུ་ཏིག་བཙན་པོའི་མཚན་གཞན་ལ་གང་འབོད་དམ།
ལན། 1.སད་ན་ལེགས་མཇིང་ཡོན།2.ཁྲི་ལྡེ་སྲོང་བཙན།
༡༡༤༽ མུ་ཏིག་བཙན་པོའམ་སད་ན་ལེགས་འཇིང་ཡོན་གྱི་སྲས་དེ་དག་མཚན་ལ་གང་ཞུ།
ལན། ལྷ་སྲས་གཙང་མ་ཁྲི་དར་མ་འུ་དུམ་བཙན། ཁྲི་གཙུག་ལྡ་ེ་བཙན་རལ་པ་ཅན་ ལྷ་རྗེ། ལྷུན་གྲུབ་བཅས་ལྔའོ།
༡༡༥༽བོད་ལ་ཆོས་སྲིད་བཟུང་འབྲེལ་གྱི་མཛད་འཕྲིན་སྐྱོང་མཁན་ནི་སུ་ཡིན།
ལན། ས་སྐྱ་འགྲོ་མཁོན་ཆོས་རྒྱལ་འཕགས་པ་ཡིན།
༡༡༦༽བོད་རྗེ་ཁྲི་རལ་གྱི་སྐབས་སུ་བོད་རྒྱ་གཉིས་ཀྱི་འབྲེལ་བ་སྔར་ལྟར་བརྟན་པོ་ཡོང་ཆེད་མཛའ་མཐུན་གྱི་རྡོ་རིང་བཙུགས་འོ་ན་རྡོ་རིང་གི་མིང་ལ་ཅི་འབོད་དམ།
ལན། 1.རྒྱ་བོད་མཐུན་སྒྲིལ་རྡོ་རིང་། 2ཚ་ཤང་མནའ་འབྲེེལ་རྡོ་་རིང་། 3དབེན་ཤང་མཐུན་སྒྲིལ་རྡོ་རིང་།
༡༡༧༽རྒྱལ་པོ་སུའི་སྐུ་དུས་སུ་དགོན་སྡེ་ཁག་ལ་དངོས་སུ་མཆོད་གཞིས་གནང་བའི་སྲོལ་དར།
ལན། རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་དར་།དེས་རྐྱེན་པས་སྐུ་དྲག་ཁག་གི་ཁེ་ཕན་ལ་གྱོང་གུན་ཕོག་སྟབས་སྲིད་དབང་འཕྲོག་ལེན་གྱི་འཐབ་རྩོད་ཆེ་རུ་ཕྱིན།
༡༡༨༽གླང་དར་མ་སུས་དཀྲོངས་པ་ཡིན།
ལན། ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་རྒྱབ་ནས་དཀྲོངས་།
༡༡༩༽རྒྱལ་བ་རིམ་བྱོན་གྱི་མཚན་སྟབས་བདེའི་ངང་ནས་ངེས།
ལན། དགེ་དགེ་བསོད་ཡོན་བློ་ཚངས་བསྐལ།འཇམ་ལུང་ཚུལ་མཁས་འཕྲིན་ཐུབ་བསྟན།དེ་ཡང་རིམ་བཞིན་དུ་དགེ་འདུན་གྲུབ། དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ།ཡོན་ཏན་རྒྱ་མཚོ། བློ་བཟང་རྒྱ་མཚོ། ཚངས་དབྱངས་རྒྱ་མཚོ།བསྐལ་བཟང་རྒྱ་མཚོ། འཇམ་དཔལ་རྒྱ་མཚོ། ལུང་རྟོག་རྒྱ་མཚོ། ཚུལ་ཁྲིམས་རྒྱ་མཚོ། མཁས་གྲུབ་རྒྱ་མཚོ།འཕྲིན་ལས་རྒྱ་མཚོ། ཐུབ་བརྟན་རྒྱ་མཚོ། བསྟན་འཛིན་རྒྱ་མཚོ།
༡༢༠༽སྲོང་བཙན་སྐབས་གཏན་འཁེལ་བྱས་པའི་ལྷ་ཆོས་དགེ་བ་བཅུ་ནི་གང་དག་ཡིན།
ལན། ༡སྲོག་མི་གཅོད་པ།༢ མ་བྱིན་མི་ལེན་པ། ༣འདོད་པས་ལོག་པར་མི་གཡེམ་པ། ༤རྫུན་དུ་མི་སྨྲ་བ།༥ཕྲ་མ་སྤོང་བ། ཚིག་རྩུབ་མི་སྨྲ་བ། ༧ངག་ཀྱལ་་སྤོང་བ། ༨བརྣབ་སེམས་སྤང་བ། ༩གནོད་སེམས་སྤང་བ། ༡༠ལོག་བལྟ་སྤང་བའོ།
༡༢༡༽རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་སད་མི་བདུུན་ནི།
ལན། བོད་ཀྱི་རབ་བྱུང་གི་ཐོག་མ་སད་མི་མི་བདུན་དུ་གྲགས་པ་འདི་དག་ནི་པ་གོར་བཻ་རོ་ཙ་ན། མཆིམས་ཤཱཀྱ་བྲ་བྷ། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག འཁོན་དཀོན་མཆོག་དབང་པོ། གཙང་ལེགས་གྲུབ། སྦ་གསལ་སྣང་བཅས་སོ།།
༡༢༢༽རྒྱལ་བ་ཡབ་སྲས་གསུམ་ནི།
ལན། རྗེ་བདག་ཉིད་ཆེན་པོ་(རྗེ་ཙོང་ཁ་པ་)ཐུགས་སྲས་རྒྱལ་ཚབ་དར་མ་རིན་ཆེན།མཁས་གྲུབ་དགེ་ལེགས་དཔལ་བཟང་།
༡༡༣༽ བཀྲ་ཤིས་རྟགས་བརྒྱད།
ལན། རིན་ཆེན་གདུགས་དང་གསེར་ཉ་དང་།གཏེར་ཆེན་བུམ་པ་པདྨ་བཟང་།དུང་དཀར་གཡས་འ༵ཁྱིལ་དཔལ་བེའུ་དང་།ཆོས་ཀྱི་འཁོར་ལོ་རྒྱལ་མཚན་བཟང་།
༡༢༤༽བོད་ཀྱི་རི་ཆེན་བཞི། ལན། ཧས་པོ་རི། ལྕགས་པོ་རི། ཆུ་བོ་རི། གོང་པོ་རི་བཅས་སོ།
༡༢༥ བོད་ཀྱི་མཚོ་ཆེན་བཞི། ལན། ཡར་འབྲོག་གཡུ་མཚོ། མ་ཕམ་གཡུ་མཚོ། བྱང་གནམ་མཚོ། མཚོ་ཁྲི་ཤོར་རྒྱལ་མོ་བཅས་སོ།
༡༦༦༽བོད་ཀྱི་པར་ཁང་བཞི་ནི། ལན། སྡེ་དགེ་པར་ཁང་། ཞོལ་པར་ཁང་། སྣར་ཐང་པར་ཁང་། ཅོ་ནེ་པར་ཁང་བཅས་སོ།
༡༢༧༽ འདོད་ཡོན་ལྔ། ལན། གཟུགས། སྒྲ། དྲི། རོ། རེག་བྱ་བཅས་སོ།
༡༢༨༽དབང་པོ་ལྔ་ནི། ལན། མིག སྣ། རྣ། ལྕེ། ལུས་བཅས་སོ།
༡༢༩༽ རོ་དྲུག ལན། མངར་བ། སྐྱུར་བ། ཁ་བ། བསྐ་བ། ཚ་བ། ལན་ཚ་བ།བཅས་སོ།
༡༣༠༽མཁན་སློབ་ཆོས་གསུམ། ལན། མཁན་ཆེན་ཞི་བ་འཚོ།(བོ་དྷི་ས་ཏྭ) སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་སོ།
༡༣༡༽ཆོས་རྒྱལ་མེས་དབོན་རྣམ་གསུམ། ལན། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།མངའ་བདག་ཁྲི་རལ་པ་ཅན་བཅས་གསུམ་མོ།
༡༣༢༽ ས་སྐྱ་གོང་མ་རྣམ་ལྔ། ལན། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བཅས་ལྔའོ།
༡༣༣༽ ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་ལྔ་ནི། ལན། མོང་བཟའ་ཁྲི་ལྕམ། མི་ཉག་བཟའ་རུ་ཡོང་།ཞང་ཞུང་བཟའ་ལི་ཐིག་སྨན། བལ་བཟའ་ཁྲི་བཙུན། རྒྱ་བཟའ་ཀོང་ཇོ་བཅས་སོ།
༡༣༥༽ དབུ་མེད་ཡིག་གཟུགས་ཀྱི་དབྱེ་བ། ལན། ཟློས་ཧྲལ། ཚུགས་རིང་། ཚུགས་ཐུང་། ཚུགས་ཆུང་ངམ་འཁྱུག་མ་ཚུགས། འཁྱུག་ཡིག་བཅས་དྲུག་གོ
༡༣༦༽ ཕྱི་ནང་གཉིས། ལན། ནང་པ་སངས་རྒྱས་པ་དང་ཕྱི་རོལ་མུ་སྟེགས་པའོ།
༡༣༨༽ད་མ་གསུམ། ལན། མངོན་སུམ།རྗེས་དཔག ལུང་གི་ཚན་མ་གསུམ།ཕྱི་རབས་ཚད་མ་འཇམ་མགོན་ས་པཎ་གྱིས་ཚད་མ་གཉིས་སུ་བསྡུས་གནང་སྟེ།ལུང་ཚད་མ་རྗེས་དཔག་ཚད་མའི་ཁོངས་སུ་བསྡུས་ནས་ཚད་མར་མངོན་སུམ་དང་རྗེས་དཔག་གཉིས་སུ་དབྱེ་ཡོད་དོ།
༡༣༩༽རྒྱལ་སྲིད་སྣ་བདུན། ལན། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ།གླང་པོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་བཅས་སོ།
༡༤༠༽ སྒྲའི་སྐྱེ་གནས་བརྒྱད། ལན། བྱེད་པ་དང་། བསྡུ་བ། བསྒྱུར་བ། དྲང་བ། འཇུག་པ། རྣམ་པར་དབྱེ་བ། ཕྱོགས། དངོས་པོ་བཅས་སོ།
༡༤༡༽ མིང་ལ་དབྱེ་ན། ལན། དངོས་མིང་དང་། བཏགས་མིང་།
༡༤༢༽དངོས་མིང་ལ་དབྱེ་ན། ལན། འདྲ་བ་དང་འབྲེལ་བ་མ་བྱས་པའི་མིང་གཉིས།
༡༤༢༽བཏགས་མིང་ལ་དབྱེ་ན། འདྲ་འབྲེལ་གང་རུང་བྱས་པའི་མིང་གཉིས་སོ།
༡༤༤༽ རྒྱན་དྲུག་མཆོག་གཉིས། ལན། རྒྱན་དྲུག་སྟེ། སློབ་དཔོན་ཀླུ་གྲུབ། སློབ་དཔོན་འཕགས་པ་ལྷ། སློབ་དཔོན་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་།སློབ་དཔོན་ཆོས་གྲགས། མཆོག་གཉིས་ནི། སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་བཅས་སོ།
༡༤༥༽ ཚེ་རིང་རྣམ་དྲུག ལན། བྲག་ཚེ་རིང་། ཆུ་ཚེ་རིང་། ཤིང་ཚེ་རིང་། མི་ཚེ་རིང་། བྱ་ཚེ་རིང་། རི་དྭགས་ཚེ་རིང་།བཅས་སོ།
༡༤༦༽ བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡིག་མཁན་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱུན་གང་དང་གང་ཡིན། ལན། སྦལ་ནག་ན་ཁར་བགྲད་འདྲ། སོ་ཕག་གཤིབས་འདྲ། སེང་གེ་གནམ་ལ་མཆོང་འདྲ། སྦུར་ནག་བགྲད་འདྲ། ནས་ནག་ཕྱིང་དཀར་གྱི་སྟེང་དུ་བཀྲམ་པ་འདྲ། མུ་ཏིག་སྟར་ལ་བརྒྱུས་འདྲ། བྱ་ཕོ་འཇོལ་བ་འདྲ་བ། ཉ་མོ་ཆུ་ནང་ནས་ཐོན་པ་འདྲ་བ་བཅས་སོ།
༡༤༧༽ རྙིང་མ་བ།
ལན། རྙིང་མའི་གྲུབ་མཐའ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གལ་ཆེའི་གྲུབ་མཐའི་གྲས་ཤིག་ཡིན།རྙིང་མ་ཞེས་པའི་ཚིག་དེའི་གོ་དོན་ནི་སྔ་མོའམ་རྙིང་མ་ཞེས་པར་གོ་དགོས།མིང་དེ་ལྟར་འདོགས་དོན་ནི་གཙོ་བོ་དེས་བསྟན་པ་སྔ་དར་དུས་སུ་བརྒྱུད་སྤེལ་བྱས་པའི་གསང་སྔགས་བསམ་བློ་དང་འབྲེལ་ཡོད་ཆོ་ག་རྒྱུད་འཛིན་བྱས་པས་ཡིན་པ་དང་།ད་དུང་ཞྭ་དམར་བ་ཞེས་སུ་འབོད་ཀྱི་ཡོད།
༡༤༨༽ བཀའ་གདམས་པ།
ལན། བཀའ་གདམས་པའི་གྲུབ་མཐའ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནང་འབྱུང་སྔ་བའི་གྲུབ་མཐའི་གྲས་ཤིག་ཡིན་པ་དང་།དེ་ནི་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་རང་གིས་ཉམས་སུ་བླང་བྱའི་གདམས་ངག་ཏུ་ཁས་ལེན་པ་ཞིག་ཡིན།
༡༤༩༽ ས་སྐྱ་བ།
ལན། ས་སྐྱ་བའི་ལུགས་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་གཙོ་བོ་ཞིག་ཡིན།གྲུབ་མཐའ་དེའི་སྲོལ་གཏོད་པ་པོ་འཁོན་དཀོན་མཆོག་རྒྱལ་པོ་ནི་རབ་བྱུང་དང་པོའི་ཤིང་ཁྱི་1034ལོར་ཡབ་འཁོན་ཤཱཀྱ་བློ་གྲོས་ཀྱི་སྲས་སུ་སྐུ་འཁྲུངས།གཞོན་ནུའི་དུས་སུ་ཡབ་དང་གཅེན་ལས་གསང་སྔགས་སྔ་འགྱུར་གྱི་ཆོས་མང་དུ་གསན།ཕྱིས་སུ་འབྲོག་མིའི་དྲུང་དུ་ཕེབས་ཏེ་གསང་སྔགས་གསར་མ་དང་།ལས་འབྲས་མན་ངག་དང་བཅས་པ་ཆ་ཚང་བར་གསན་ནས་བ་མ་ལྔའི་གཙོ་བོའི་གྲས་སུ་གྱུར།འཁོན་གྱི་གདུང་རྒྱུད་ནི་སྔོན་དུས་ལོ་རྒྱུས་ཡུན་རིང་ལྡན་པའི་རྙིང་མ་བའི་ཁྱིམ་རྒྱུད་གཅིག་ཡིན་པ་དང་།བོད་བརྒྱུད་ནང་བསྟན་ཆགས་གྲུབ་དང་འཕེལ་རྒྱས་ལ་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད།
༡༥༠༽ བཀའ་བརྒྱུད་པ།
ལན། བཀའ་བརྒྱུད་པ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་གཙོ་བོ་ཞིག་ཡིན།བོད་ཡིག་ནང་བཀའ་བརྒྱུད་ཞེས་པའི་ བཀའ་ཞེས་པ་ནི་སྟོན་པའི་གསུང་ལ་གོ་བ་དང་།བརྒྱུད་ནི་རྒྱུད་འཛིན་ནམ་རྒྱུད་པ་ཡིན།
༡༥༡༽ ཇོ་ནང་པ།
ལན། ཇོ་ནང་པའི་གྲུབ་མཐའ་ནི།རྩ་བ་ཡུ་མོ་མི་བསྐྱོད་རྡོ་རྗེ་སྟེ།དང་པོ་རྣལ་འབྱོར་བ།ཕྱིས་སུ་རབ་ཏུ་བྱུང་ནས་མཚན་དད་པ་རྒྱལ་པོ ཞེས་པ་ལས་བརྒྱུད།ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་བཏབ།ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་དེར་བཞུགས་ནས་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས།མདོ་སྔགས་ཀྱི་གཞུང་བཤད་གནང་ཞིང་གྲུབ་མཐའ་དེ་རྒྱ་ ཆེར་སྤེལ། དེ་ནས་བཟུང་བརྒྱུད་འཛིན་པ་རྣམས་ལ་ཇོ་ནང་པ་ཞེས་གྲགས།ཇོ་ནང་པའི་གྲུབ་མཐའ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའི་གྲས་གཅིག་ཏེ།གྲུབ་མཐའ་མང་པོའི་ཁྲོད་དུ་རང་ཉིད་ཀྱི་ཁེར་རྐྱང་གི་གྲུབ་མཐའི་ལྟ་བ་ཡོད།
༡༥༢༽ དགེ་ལུགས་པ།
ལན། དགེ་ལུགས་པའི་གྲུབ་མཐའ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་གྲུབ་མཐའ་མང་པོའི་ཁྲོད་ལས་ཆེས་མཐའ་མར་བྱུང་བའི་གཙོ་བོའི་གྲུབ་མཐའ་ཞིག་ཡིན་ཞིང་།དེའི་སྲོལ་གཏོད་མཁན་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས (1357-1419 )ལོ་ཙོང་ཁ་པ་ནི་བོད་རིགས་ལོ་རྒྱུས་སྟེང་གི་གྲགས་ཅན་མི་སྣ་ཞིག་ཡིན།ཁོང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགེ་ལུགས་པའི་གྲུབ་མཐའི་སྲོལ་གཏོད་མཁན་ཞིག་ཡིན་པ་མ་ཟད།ཆོས་ལུགས་མཁས་ཅན།མཚན་ཉིད་རིག་པ་མཁས་ཅན།བསམ་བློ་མཁས་ཅན།ཆོས་ལུགས་སྒྱུར་བཅོས་པ་མཁས་ཅན་ཞིག་བཅས་ཡིན།
༡༥༣༽ ཞི་བྱེད་པ།
ལན། དེ་ཡང་ཞི་བྱེད་པའི་གྲུབ་མཐའ་ནི་རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་སངས་རྒྱས་(སྤྱི་ལོ་༡༡༡༧)ནས་དར་བ་ཡིན་ཞིང་།ཤེར་ཕྱིན་ཉམས་ལེན་གྱིས་སྲིད་ཞིའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་ལ་གདམས་པ་འདིའི་སྙིང་པོ་ཡང་ཤེར་ཕྱིན་གྱི་ཉམས་ལེན་ཡིན་པའི་ཆ་ནས་དང་།སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ལ་བརྟེན་ནས་ཞི་བྱེད་པའི་གྲུབ་མཐའ་ཞེས་མིང་དུ་བཏགས།ཞི་བྱེད་པའི་གྲུབ་མཐའ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའི་གྲས་གཅིག་ཡིན།
༡༥༤༽ གཅོད་ལུགས་པ།
ལན། གཅོད་ལུགས་པའི་གྲུབ་མཐའ་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའི་གྲས་གཅིག་ཡིན།
༡༥༥༽ བུ་ལུགས་པ།
ལན། བུ་ལུགས་པའི་གྲུབ་མཐའི་མིང་གཞན་ལ་ཞ་ལུ་པ་ཡང་གསོལ་བ་དེ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའི་གྲས་གཅིག་ཡིན།