当前位置: 首页 > 通知公告 > 师生藏文书法评选比赛

师生藏文书法评选比赛

2021年05月03日 16:50:16 来源:藏文组 访问量:391

    ཕྱི་ལོ༢༠༢༡ལོའི་ཟླ༤ཚེས༣༠ཉིན་གྱི་ཕྱི་དྲོའི་ཚོགས་ཐུན་གསུམ་པར།  རང་སློབ་གྲྭའི་གཞོན་ནུ་ལོ་ཆུང་ལྟེ་གནས་སུ།  དགེ་སློབ་ཡོངས་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་དང་དཔྱད་འདེམས་ཀྱི་བྱེད་སྒོ་ཞིག་སྤེལ་བ་རེད།    ད་ཐེངས་ཡིག་གཟུགས་དཔྱད་འདེམས་ཀྱི་་བྱེད་སྒོ་སྤེལ་ཚུལ་ནི། ནང་དོན་ཆ་ནས་དགེ་སློབ་ཚང་མར་ཚད་བཀག་ཤུགས་ཆེན་མེད་པར་གཙོ་བོ་ཀྲུང་གོ་གུང་ཁྲན་ཏང་དང་རང་རེའི་མེས་རྒྱལ་གྱི་བཀའ་དྲིན་དྲན་པའམ།    ཡང་ན་སྔོན་བྱོན་མཁས་པའི་དབང་པོའི་ཞལ་གདམས་དང་ལེགས་བཤད་རྨ་མེད་པ་བཅས་ལས་གང་རུང་འབྲི་རྒྱུར་བཀོད་སྒྲིག་བྱས་ཡོད་ལ། དགེ་རྒན་ལས་བཟོའི་ཡིག་གཟུགས་བརྩམས་ཆོས་ཀྱི་ཡིག་གཟུགས་ལ་དབུ་ཅན་དང་།  འབྲུ་ཚ།             འཁྱུག་ཡིག  ཚུགས་མ་འཁྱུག  དཔེ་ཚུགས།   ཚུགས་ཐུང་།  ཚུགས་རིང་སོགས་གང་རུང་འབྲི་ན་འཐུས་ཤིང་།  

དཔྱད་གདེམས་པར་རྒན་དོན་གྲུབ་ཚེ་རིང་ལགས་གདན་ཞུ་བྱས་པ་ཡོད་པ་དང་།  སློབ་མའི་ཡིག་གཟུགས་བརྩམས་ཆོས་རྣམས་ལོ་རིམ་ཁག་བགོས་བྱས་ཡོད་དེ་དག་རིམ་པ་བཞིན། ལོ་རིམ་བདུན་པའི་སློབ་མའི་ཡིག་གཟུགས་བརྩམས་ཆོས་རྣམས་ལོ་རིམ་བརྒྱད་པའི་བོད་ཡིག་སློབ་ཁྲིད་རྒན་ལགས་རྣམ་པས་དཔྱད་འདེམས་བྱས་པ་དང་།  ལོ་རིམ་བརྒྱད་པའི་སློབ་མའི་ཡིག་གཟུགས་བརྩམས་ཆོས་རྣམས་ལོ་རིམ་དགུ་པའི་བོད་ཡིག་སློབ་ཁྲིད་རྒན་ལགས་རྣམ་པས་དཔྱད་འདེམས་བྱས་པ།  ལོ་རིམ་དགུ་པའི་སློབ་མའི་ཡིག་གཟུགས་བརྩམས་ཆོས་རྣམས་ལོ་རིམ་བདུན་པའི་བོད་ཡིག་སློབ་ཁྲིད་རྒན་ལགས་རྣམ་པས་དཔྱད་འདེམས་བྱས་པ་བཅས་ཀྱི་བྱ་ཐབས་སྤྱད་ཡོད་ཅིང་།  སློབ་མའི་ཡིག་གཟུགས་བརྩམས་ཆོས་ལ་ཡིག་གཟུགས་ཐད་སློབ་འབྲིང་སློབ་མས་རྒྱུན་གཏན་ནས་སུག་འབྲི་བགྱི་འོས་ཀྱི་ཚུགས་མ་དང་འཁྱུག་མ་ཚུགས་གཉིས་     གཏན་འཁེལ་བྱས་ཡོད། ད་ཐེངས་འགྲན་བསྡུར་དཔྱད་འདེམས་ཀྱི་ལས་དོན་ཁྲོད་བོད་ཡིག་དགེ་རྒན་ཚང་མས་ཧུར་བརྩོན་གྱིས་ཐེ་ཞུགས་དང་ཕྱར་བ་གྲུ་འདེགས་ཀྱིས་དཔྱད་འདེམས་གནང་བ་བརྒྱུད།  དཔྱད་འདེམས་ལས་དོན་ཧྲཔོ་ལུགས་མཐུན་དྲང་བཞག་དང་། བདེ་བླག་ངང་ལེགས་གྲུབ་ཐུབ་པ་བྱུང་ཡོད།

 


编辑:拉巴次仁
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心