当前位置: 首页 > 通知公告 > གལ་ཏེ་དེ་རིང་ནི་ངའི་ཚེ་སྲོག་ཁྲོད་ཀྱི་ཆེས་མཇུག་མཐའི་ཉི་མ་དེ་ཡིན་ན།

གལ་ཏེ་དེ་རིང་ནི་ངའི་ཚེ་སྲོག་ཁྲོད་ཀྱི་ཆེས་མཇུག་མཐའི་ཉི་མ་དེ་ཡིན་ན།

2020年07月09日 12:11:27 访问量:152

                གལ་ཏེ་དེ་རིང་ནི་ངའི་ཚེ་སྲོག་ཁྲོད་ཀྱི་ཆེས་མཇུག་མཐའི་ཉི་མ་དེ་ཡིན་ན།

གལ་ཏེ་དེ་རིང་ནི་ངའི་ཚེ་སྲོག་ཁྲོད་ཀྱི་ཆེས་མཇུག་མཐའི་ཉི་མ་དེ་ཡིན་ན།ངས་ག་འདྲ་བྱས་ཏེ་ཆེས་མཇུག་མཐའི་རྩ་ཆེ་བའི་ཉི་མ་འདི་བེད་སྤྱོད་བྱེད་ཨང་།དང་ཐོག་ངས་ཉི་མ་འདི་དམ་འཛིན་ཡག་པོ་ཞིག་བྱས་ཏེ།སྐར་མ་དང་སྐར་ཆ་གཅིག་གི་དུས་ཚོད་ཀྱང་འཕྲོ་བརླག་ཏུ་མི་གཏོང་།ངས་ཁར་རྩང་གི་ཕམ་ཁའི་དོན་དུ་སྨྲེ་སྔགས་འདོན་མི་སྲིད་དེ།འདས་པའི་དུས་ཚོད་ནང་ལམ་འགྲོ་མ་བརྒྱུགས་པ་ཤིན་ཏུ་མང་བས།དེའི་ཆེད་དུ་དེ་རིང་གི་ཉི་མ་ཡང་ཆུད་ཟོས་གཏོང་དགོས་དོན་མེད། དུས་ཚོད་ལ་ཕྱིར་ལོག་ཡོད་དམ། ཉི་ནུབ་ལ་བསྐྱར་འཆར་ཡོད་དམ། ངས་ཁར་རྩང་གི་ནོར་འཁྲུལ་ཕྱིར་བཅོས་བྱེད་ཐུབ་བམ། ངས་འདས་པའི་རྨ་ཤུལ་རྗེས་མེད་བཟོ་ཐུབ་བམ།ང་ཁར་རྩང་དང་བསྡུར་ན་གཞོན་ཉམས་དོད་དམ།བཤད་པའི་ཚིག་ངན་

དང་།བརྒྱབས་པའི་ཁུ་ཚུར།མྱངས་པའི་ན་ཟུག་ཚང་མ་ཕྱིར་ལྡོག་ཐུབ་བམ།ཐུབ་གི་མ་རེད། འདས་ཟིན་པ་ནི་ནམ་ཡང་འདས་ཟིན་པ་ཡིན།ངས་དེར་བསམ་བློ་གཏོང་གི་མིན།གལ་ཏེ་དེ་རིང་ནི་ངའི་ཚེ་སྲོག་ཁྲོད་ཀྱི་ཆེས་མཇུག་མཐའི་ཉི་མ་དེ་ཡིན་ན། ཚེ་སྲོག་ནི་ཐེངས་གཅིག་ལས་མེད་ཅིང་། མི་ཚེ་ཡང་དུས་ཚོད་ཀྱི་ངོ་བོར་གྲུབ་པ་ཞིག་ཡིན། ངས་གལ་ཏེ་དེ་རིང་གི་ཉི་མ་འདི་རང་གར་འཛད་དུ་བཅུག་པ་ཡིན་ན།མི་ཚེའི་ནང་གི་ཆེས་མཐའ་མཇུག་གི་ཤོག་ལྷེ་ཞིག་ནག་བསུབ་བཏང་བ་དང་ཀུན་ནས་མཚུངས་ཨང་།དེས་ན་ངས་དེ་རིང་གི་སྐར་མ་དང་སྐར་ཆ་གཅིག་གི་དུས་ཚོད་ཀྱང་གཅེས་སུ་འཛིན་ངེས་ཏེ།རྒྱུ་མཚན།འདི་ཉིད་ཡོལ་ཚར་བའི་རྗེས་སུ་གཏན་དུ་ཕྱིར་ལྡོག་ཐབས་མེད་པས་སོ།།ངས་དེ་རིང་གི་དུས་ཚོད་

དངུལ་ཁང་ནང་བཅོལ་ཏེ་སང་ཉིན་སྤྱོད་དུ་ཡོད་པ་བཟོ་མི་ཐུབ།དུས་ཚོད་ནི་རླུང་འཚུབ་ཅིག་དང་འདྲ་བར་འཛིན་ཐབས་ཁྱོན་

ནས་མེད། ངས་སྐར་མ་དང་སྐར་ཆ་རེ་རེ་བཞིན་ལག་ཟུང་གིས་དམ་དུ་འཛིན་ཞིང་། བརྩེ་སེམས་ཀྱིས་བྱིལ་བྱིལ་བྱེད་ངེས་ཏེ། རྒྱུ་མཚན། འདི་ནི་ཤིན་ཏུ་གཙིགས་ཆེ་བས་སོ།། འཆི་ཁ་མའི་མིས་རང་གི་ཚེ་གང་པོའི་རྒྱུ་ནོར་རྣམས་རིན་དུ་སྤྲད་ཀྱང་། དབུགས་འབྱིན་རྔུབ་ཐེངས་གཅིག་གི་དུས་ཚོད་ཅིག་ཀྱང་ཁུག་པ་མིན།དུས་ཚོད་ཀྱི་རིན་ཐང་རྩིས་སུ་འདེབས་ཐབས་གཏན་ནས་མེད་དེ།རྒྱུ་མཚན།འདི་ནི་རིན་ཐང་བྲལ་བའི་ནོར་བུ་ཡིན་པས་སོ།།གལ་ཏེ་དེ་རིང་ནི་ངའི་ཚེ་སྲོག་ཁྲོད་ཀྱི་ཆེས་མཇུག་མཐའི་ཉི་མ་དེ་ཡིན་ན།ང་རང་དུས་ཚོད་གཏོར་བརླག་གཏོང་བའི་བྱ་སྤྱོད་ཀྱི་རིགས་ལ་ཧ་ཅང་གནོད།ངས་ལེ་ལོའི་གོམས་གཤིས་ངན་པ་རྩ་མེད་དུ་གཏོང་གི་ཡིན།ངས་ཟོལ་མེད་ཀྱི་བསམ་བློས་ཐེ་ཚོམ་གྱི་འཆིང་རྒྱ་དུར་ཁུང་དུ་སྦ་གི་ཡིན་ལ།གདེང་མཐོའི་

སྤོབས་པས་འཇིགས་སྐྲག་གི་སེམས་བྱུང་ཕ་མཐའ་རུ་སྐྲོད་ཀྱི་ཡིན།ངས་དོན་མེད་གཏམ་འཆལ་མི་ཉོན་ལ། སྐྱིད་འདོད་ལས་གཡོལ་མི་བྱ།རང་འཁྲིའི་ལས་འགན་མི་སྒྲུབ་པའི་མི་དང་ཡང་འགྲོགས་འདྲིས་བྱ་གི་མིན།གལ་ཏེ་འགུལ་འཚེར་གྱིས་ཁ་རོག་བསྡད་ན།རང་ཉིད་དགའ་སའི་མིའི་ལག་ནས་ཁ་ཟས་རྒྱབ་གོས་གཡོ་ལེན་བྱེད་པ་དང་ཡོངས་སུ་མཚུངས་པ་ངས་དེ་རིང་གཞི་ནས་ཧ་གོ་བྱུང་།ང་རྐུ་མ་མིན།ང་ལ་བརྩེ་སེམས་ཡོད། དེ་རིང་ནི་ངའི་ཆེས་མཇུག་མཐའི་གོ་སྐབས་དེ་ཡིན་པས། ངས་རང་གི་བརྩེ་སེམས་དང་རླབས་ཆེན་གྱི་རང་བཞིན་ངོ་སྤྲོད་བྱ་གི་ཡིན།

 གལ་ཏེ་དེ་རིང་ནི་ངའི་ཚེ་སྲོག་ཁྲོད་ཀྱི་ཆེས་མཇུག་མཐའི་ཉི་མ་དེ་ཡིན་ན། འདི་ནི་ངའི་ཚེ་སྲོག་གི་མཇུག་སྣེ་ཡིན་པས། གཞིག་ཏུ་མེད་པའི་ཕྱིར་དྲན་གྱི་ཉི་མ་རུ་གྱུར་པ་རེད། དེ་བས་ངས་ཉི་མ་འདི་ཆེས་མཛེས་སྡུག་ཅན་གྱི་དུས་ཚིགས་སུ་བརྩི་གི་ཡིན། ངས་སྐར་མ་དང་སྐར་ཆ་རེ་རེའི་དུས་ཚོད་རྣམས་བདུད་རྩི་རུ་བསྒྱུར་ཏེ།ཁམ་རེ་དང་ཁམ་རེ་བྱས་ནས་ཞིམ་པའི་རོ་མྱོང་བར་མ་ཟད་སེམས་པ་ཡོངས་སུ་དགའ་ཚོར་གྱིས་ཁྱབ་པར་བྱ་གི་ཡིན། ངས་སྐར་མ་རེ་རེའི་དུས་ཚོད་ཀྱང་རིན་ཐང་ཅན་དུ་བསྒྱུར་གི་ཡིན། ངས་ཐང་ཆད་རག་བར་དུ་བརྩོན་པ་བླ་ལྷག་ཏུ་བསྐྱེད་པ་དང་།ངལ་ཞིང་དུབ་པའི་དབང་དུ་བཏང་རུང་ད་དུང་མུ་མཐུད་དུ་འབད་ཅིང་བརྩོན་གི་ཡིན།ངས་མཛད་སྤྱོད་པ་སྔར་ལས་མང་བར་མཚམས་འདྲི་བྱས་ཏེ།ཚོང་ཟོག་ཕོན་ཆེན་འགྲེམ་ཚོང་བྱེད་ཐུབ་པ་བྱ་བ་དང་།རྒྱུ་ནོར་གཏོས་ཆེན་གསོག་གི་ཡིན།དེ་རིང་གི་སྐར་མ་རེའི་དུས་ཚོད་དེ་ཁར་རྩང་གི་ཆུ་ཚོད་རེའི་རིན་ཐང་ལས་བརྒལ་བར་བྱས་ཏེ།ཆེས་མཇུག་མཐའ་དེ་ཆེས་བཟང་བ་ཞིག་ཏུ་བསྒྱུར་གི་ཡིན།གལ་ཏེ་དེ་རིང་ནི་ངའི་ཚེ་སྲོག་ཁྲོད་ཀྱི་ཆེས་མཇུག་མཐའི་ཉི་མ་དེ་ཡིན་ན།གལ་ཏེ་དེ་ལྟར་མིན་ན།ངས་འཇིག་རྟེན་བྱེད་པོའི་མདུན་དུ་པུས་མོའི་ལྷ་ང་སར་བཙུགས་ཏེ།ཐུགས་རྗེ་ལེགས་འབུལ་ཞུ་གི་ཡིན།

 

                          

编辑:次央
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心