当前位置: 首页 > 藏文文化 > གསོ་སྦྱོང་ཕྱིར་ལྡོག་མྱོང་གླེང་གི་སློབ་དཔྱོད་བྱེད་སྒོ།

གསོ་སྦྱོང་ཕྱིར་ལྡོག་མྱོང་གླེང་གི་སློབ་དཔྱོད་བྱེད་སྒོ།

2023年10月13日 16:03:09 访问量:200 作者:巴桑多拉
   ༢༠༢༣ལོའི་ཟླ་བ༡༠ཚེས༩རེ་གཟའ་ཟླ་བའི་ཕྱི་དྲོའི་ཚོགས་ཐུན་གཉིས་རིང་རང་སློབ་གྲྭའི་གསོ་སྦྱོང་ལྟེ་གནས་སུ་བོད་ཡིག་སློབ་དཔྱོད་ཁང་གི་རྒན་པ་སངས་རྡོ་ལགས་ཀྱིས་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི། བོད་ལྗོངས་དམའ་རིམ་སློབ་འབྲིང་བོད་སྐད་ཡིག་རྐང་འཛིན་དགེ་རྒན་གྱི་འཐོན་ནུས་མཐོར་གཏོང་གི་གསོ་སྦྱོང་ལ་ཞུགས་པའི་མྱོང་ཚོར་གླེང་བའི་བྱེད་སྒོ་སྤེལ་བ་རེད།   ཐེངས་འདིའི་བྱེད་སྒོའི་ནང་རང་སློབ་གྲྭའི་བོད་ཡིག་རྒན་ལགས་ཆ་ཚང་ཕེབས་པ་དང་བོད་ཡིག་སློབ་དཔྱོད་པ་རྒན་ནོར་བཟང་གིས་བྱེད་སྒོ་གཙོ་སྐྱོང་གནང་བ་རེད།
  བྱེད་སྒོའི་ཐོག་རྒན་པ་སངས་རྡོ་ལགས་ཀྱིས་གསོ་སྦྱོང་གི་དམིགས་ཡུལ་དང་ནང་དོན།  སློབ་ཁྲིད་དགེ་རྒན་བཅས་ཀྱི་རྩ་བའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས།  གཙོ་བོ་ནང་དོན་ཁག་གཉིས་ཀྱི་སྒོ་ནས་མྱོང་གླེང་གནང་བ་རེད།  
  གཅིག  བོད་ཀྱི་སློབ་གསོའི་འབྱུང་འཕེལ་སྐོར།
  གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཆེན་པོ་བཞི་དང་འབྲེལ་ནས་སློབ་གསོ་འབྱུང་སྟངས་དང། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་དང་འབྲེལ་བའི་སློབ་གསོའི་ལོ་རྒྱུས།  རྡོ་ཆས་གསར་རྙིང་གི་སྐབས་ཀྱི་སློབ་གསོ།   ལྷག་པར་ཏུ་སྲོང་བཙན་སྒམ་པོའི་སྐབས་སློབ་དཔོན་ཐོན་མིས་བོད་ཡིག་བཟོ་ཚུལ་དང་བོད་ཡིག་སློབ་ཁྲིད་གནང་ལུགས་དང་ཁྲི་སྲོང་ལྡེ་བཙན་སྐབས་སུ་སྨན་གྱི་སློབ་གྲྭ་བཙུགས་པ་སོགས་ལས་བོད་ཀྱི་སློབ་གསོའི་ལོ་རྒྱུས་དང་སློབ་གསོ་སྤེལ་སྟངས་སོགས་ངོ་སྤྲོད་གནང་བ་རེད།
གཉིས།བསླབ་གཞིའི་དཀའ་གནད་སེལ་དཀྲོལ་དང་དོགས་གཞི་ཚར་གཅོད་སྐོར།
  དམའ་འབྲིང་བསླབ་གཞིའི་ནང་གི་ཚིག་རྒྱན་རིག་པའི་ཤེས་བྱའི་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད་ལས། རྣོ་ལྕགས་ཐག་གུ་ལེབ་མོ་ཞེས་པའི་ངོས་འཛིན་དང་། ཆོས་དཔེའི་རྩ་བའི་དཔེར་བརྗོད་ལས། མཛེས་མ་ཁྱེད་ཀྱི་ལག་མཐིལ་ནི།།ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར།། ཞེས་པའི་ཀུན་ཏུ་དམར་གྱི་འགྲེལ་པ་སྐྱོན་ཚུལ། གཟུགས་ཅན་རྒྱན་གྱི་མིང་གི་རྣམ་གྲངས་ལ་ངོ་བོ་གཅིག་པའི་རྒྱན་དང་ཚུལ་ཅན་གྱི་རྒྱན་ཞེས་ཡོད་ཚུལ།    ཡི་གེའི་གོ་དོན་དང་དེའི་ཐད་ཀྱི་དོགས་གཅོད། རྣམ་དབྱེ་དང་པོའི་ངོས་འཛིན་དང་ཕྲད་དང་རྣམ་དབྱེའི་ངོས་འཛིན།  ཚིག་ཕྲད་མིང་གི་ཐོག་མཐའ་བར་གསུམ་དུ་སྦྱོར་རུང་བ། རྣམ་དབྱེའི་ཕྲད་མིང་གི་བར་ཁོ་ནར་སྦྱོར་བ།  གང་ཟག་ལ་ལ་དོན་གྱི་ཕྲད་ན་ལ་གཉིས་གཙོ་བོར་སྦྱོར་བ། ལས་ཀྱི་ཡང་དག་པའི་ངོས་འཛིན་གནང་སྟངས།  གྱིས་ཞེས་པ་བྱེད་སྒྲ་སྐུལ་ཚིག་ལ་འཇུག་ན་མི་འགྲིག་པར་བགྱི་ཡི་སྐུལ་ཚིག་ཡིན་པ།  རྣམ་དབྱེ་ལྔ་པ་འབྱུང་ཁུངས་སྐབས་འབྱུང་ཁུངས་དངོས་དང་ཆ་འདྲའི་ཁྱད་པར་འབྱེད་ཚུལ་སོགས་གོ་བདེ་ལ་དོན་གསལ་བའི་རྒྱས་གླེང་གནང་བ་རེད།
མདོར་ན་ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད་རྒན་ལགས་རྣམས་ལ་དཔེ་དེབ་ཀྱི་སྟེང་ནས་སྦྱོང་མྱོང་མེད་པའི་ཤེས་བྱ་གསར་པ་མང་པོ་ཞིག་སློབ་སྦྱོང་ཞུ་ཐུབ་པ་བྱུང་བས། འབྱུང་འགྱུར་རྒན་ལགས་ཚོའི་ལས་ཞོར་རིག་གནས་ཆུ་ཚད་ཡིན་ནའང་འདྲ།  སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ཁྲོད་རོགས་ནུས་མངོན་གསལ་དོད་པོ་ཐོབ་ཐུབ་པ་བྱུང་ཡོད།
编辑:刘景燕
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心