当前位置: 首页 > 藏文文化 > སློབ་མའི་དད་ཞེན་ཚོགས་ཆུང་གི་བྱེད་སྒོར་འཛུལ་རྒྱུའི་སྔོན་ཚུད་ལས་ཀའི་ ཚོགས་འདུ་སྐོང་འཚོགས་གནང་བ།

སློབ་མའི་དད་ཞེན་ཚོགས་ཆུང་གི་བྱེད་སྒོར་འཛུལ་རྒྱུའི་སྔོན་ཚུད་ལས་ཀའི་ ཚོགས་འདུ་སྐོང་འཚོགས་གནང་བ།

2023年10月13日 15:48:31 访问量:165 作者:巴桑多拉
   དུས་རབས་འདིའི་ནང་ཆབ་སྲིད་དང་།  དཔལ་འབྱོར། ཚན་རིག་རིག་གནས་སོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཤུགས་ཆེན་དུ་གཏོང་བའི་ཛ་དྲག་པའི་དུས་ཚོད་ཅིག་དང་འཛམ་གླིང་ཧྲིལ་པོའི་དམག་ཤུགས་འགྲན་རྩོད་ཀྱིས་ཁྱོད་ཤི་ང་རྒྱལ་གྱིས་རྒྱལ་སྲུང་འདུ་ཤེས་དྲག་པོའི་སྒོ་ནས་བར་མི་ཆད་པར་དམག་འཁྲུག་གི་རླབས་རྒྱུན་འཕྱོ་ལ་ཉེ།  རྒྱལ་ཁབ་ཁག་གིས་བདག་དབང་སྲུང་སྐྱོང་ཚོར་འདུ་ཟབ་མོས་གཞན་གྱི་དམིགས་བསལ་གྱི་རིག་གནས་དང་།  དཔལ་འབྱོར་ཡོངས་ཁུངས་བཙན་ཧམ་ཆེན་པོས་བཙན་འཛུལ་བསམ་སྦྱོར་མཐུ་ནུས་ལ་བརྟེན་ནས་རྒྱལ་ཁབ་ཁག་དབར་གྱི་མཐུན་སྒྲིལ་བྱ་གཞག་ལ་གཏོར་སྐྱོན་ཐོན་མུས་སུ་སྣང་།  
   དེང་གི་ཚན་རིག་རིག་གསར་ལྟ་བས་མཛུབ་སྟོན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་ཁ་ཞན་པའི་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་བརྩི་མི་ཞུ་བར་སྨྱོ་ཧམ་ཆེན་པོའི་ཐབས་ལས་བཙན་འཕྲོག་གིས་དམག་ཤུགས་ལ་བརྟེན་པའི་ལམ་ལ་འཇུག་མཁན་མི་ཉུང་བ་ཞིག་མཆིས།  འཛམ་གླིང་ཞི་བདེའི་འཕེལ་རྒྱས་ཕྱོགས་བཅུར་བསྒྲགས་མོད།  དམག་རྩལ་དྲག་ཤུགས་ཀྱི་གཡུལ་ས་མདུན་མར་འུར་སྒྲ་བར་མེད་དུ་བསྒྲགས་པར་བྲེལ།  མཐུན་སྒྲིལ་ཞི་བདེ་ནི་འགྲོ་བ་མིའི་ཆེས་གཞི་རྩའི་ཐོབ་ཐང་ཞིག་ལགས་ཀྱང་དེར་འགོག་རྒོལ་གྱི་བྱ་སྤྱོད་རྒྱུན་མི་ཆད་པར་ཐོན་མུས་ཡིན།  
   འདི་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་བཏང་བ་ཞིག་ལགས་པས་མཁྱེན་དཔྱོད་ཡངས་པའི་ཚན་རིག་པ་ཚོས་དགག་རྒྱག་གི་འཕྲིན་སྟེགས་ལས་མི་ཞན་པའི་བསླབ་སྟོན་གནང་མུས་ལགས།  དེས་ན་འཛམ་གླིང་ཧྲིལ་པོའི་གནས་བབས་དང་བསྟུན་ནས་གསར་བུ་བ་ཚོར་རིག་གནས་འཆད་ཁྲིད་བྱ་ཐབས་ལའང་བསྒྱུར་བཅོས་སྒོས་མིག་ལམ་ནམ་ཡང་མདུན་ཕྱོགས་སུ་སྣང་བར་མཛུབ་སྟོན་གནང་གལ་ཆེ་སྟེ། དེང་གི་བསླབ་གཞི་གསར་བསྒྱུར་གྱི་དགོངས་དོན་དང་།  འཛམ་གླིང་ཁོར་ཡུག་ཁྱོན་དང་བསྟུན་ནས་སྣ་མང་རིག་གནས་སྦྱོང་སྤྱོད་ངང་དུས་རབས་ཀྱི་འགྲོས་དང་བསྟུན་མཁས་ཀྱི་ལམ་ལ་འཇུག་གལ་ཆེ་བ་ཀུན་གྱིས་རྟོགས་སླ་བས་རང་སློབ་གྲྭས་ཀྱང་ལས་ཤག་ཁག་གི་འགོ་འཛིན་དང་།  བོད་སྐད་ཡིག་ཚོགས་ཆུང་གི་འགོ་འཛིན་པ། འཛིན་བདག དད་ཞེན་ཚོགས་ཆུང་གི་རྒན་ལགས་རྣམས་ལྷན་འཛོམས་ཀྱིས་སློབ་ལོ་འདིའི་ནང་གི་སློབ་མའི་དགའ་ཞེན་འཆད་ཁྲིད་ཀྱི་སྔོན་ཚགས་ལས་ཀའི་ཚོགས་འདུ་སྐོང་འཚོགས་གནང་བ་རེད། རང་སློབ་གྲྭའི་སྔེ་སྲིད་མཛུབ་སྟོན་ལྟེ་གནས་ཀྱི་འགོ་འཛིན་པ་རྒན་ཀོའོ་པིང་ལགས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། སློབ་མའི་དམིགས་བསལ་ཡོན་ཏན་ཤེས་རྟོགས་ཀྱིས་དགའ་ཞེན་ཚོགས་ཆུང་ཁག་ཏུ་འཛུལ་རྒྱུའི་བླང་བྱ་བཏོན་གནང་བ་རེཅ།དཔེ་ཁྲིད་དགེ་རྒན་རྣམས་པས་ཀྱང་རང་སྒུལ་ཟབ་མོས་འཆད་སྟེགས་གསར་པ་ཞིག་ཆེད་མངགས་འཚོལ་བསྙེག་གིས་གསར་བུ་བ་ཚོའི་མདུན་ལམ་ལ་ཐུགས་ཁུར་ཟབ་བསྐྱེད་ངང་གཞོགས་འདེགས་ཀྱིས་སློབ་གསོ་དཔེ་ཁྲིད་མཁན་ཞིག་གི་འགན་འཁྲི་ལྷག་ཏུ་བཞེས་རྒྱུར་སྐུལ་མ་བཏང་བ་ཅིས་མི་མཚོན།  སློབ་མ་རྣམས་ནས་ཀྱང་རང་གི་འདོད་མོས་དང་རང་གི་དམིགས་བསལ་ཡོན་ཏན་ངོས་ཟིན་རྗེས་རང་མོས་ངང་དད་ཞེན་ཚོགས་ཆུང་ཁག་གི་བྱེད་སྒོར་ཐོ་འགོད་ཀྱིས་རྐང་རྩེད་སྤོ་ལོ་དང་སྐོར་བྲོ།  ཡིག་གཟུགས།  དེང་གི་ཞབས་བྲོ།  ཡིག་སྐད་སྦྱོང་བརྡར། མཉམ་གཞས།  དགོད་བྲོའི་གཏམ་གླེང་གི་བྱེད་སྒོ་སོགས་སྤེལ་བར་སློབ་མ་རྣམས་དགའ་དད་ཟབ་མོས་རང་རང་མོས་པ་ཇི་བཞིན་སྦྱོང་བརྡར་ལ་རོལ་བཞིན་པ་ལགས།  སླད་མར་གསར་བུ་བ་ཚོས་རང་རང་གི་ཁྱད་འཕགས་ཡོན་ཏན་ལ་བརྩི་སྲུང་གིས་སྦྱོང་སྤྱོད་བྱེད་པའི་འདུ་ཤེས་བསྐྱེ་སྲིང་ཐོག་སྣ་མང་ཤེས་བྱར་བརྩོན་ལེན་བྱེད་རྒྱུར་སྐུལ་འདེད་གནང་བ་རེད།
编辑:刘景燕
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心