当前位置: 首页 > 通知公告 > གྲོང་གསེབ་བུ་མོ།

གྲོང་གསེབ་བུ་མོ།

2020年05月30日 13:28:09 访问量:495
  གྲོང་གསེབ་བུ་མོ།


སློབ་འགོ་ཚུགས་སོང་། ཕ་མ་ཡང་བྲལ་སོང་། སླར་ཡང་བལ་སྐུད་འདྲ་བའི་འཚོ་བ་འདི་ལ་འཁྲིལ་ཏེ། ཡུན་ཐུང་གི་འདུ་འཛོམས་དང་ཡུན་རིང་གྱེས་བྲལ་འདིས། སེམས་ཁོང་གི་ན་ཟུག་ནི་ནམ་ཡང་འཇགས་པར་དཀའ། ཡིན་ཡང་ཕྲུ་གུ་ཚང་མས་ཕ་མའི་འགྲམ་ནས་མ་བྲལ་བར་ཟང་ཟིང་གི་འཚོ་བར་རོལ་ཡང་བདེ་སྐྱིད་ཅིག་ཅི་ལ་སྲིད།

དེར་བརྟེན་ལས་དབང་བཙན་པོས་གྱེས་བྲལ་གྱི་ཆོས་ཉིད་ནི་བཟློག་ཏུ་མེད་པ་ཞིག་ཡིན། ང་རང་རྒས་སོང་། དེ་བས་ཕ་མ་རྒས་སོང་། ཁྱིམ་ལ་ལོག་ཐེངས་རེར་ཨ་མའི་སྐྲ་དཀར་མང་དུ། ལུས་པོ་འཁོབ་ཏུ། སྐད་ཆ་ལྡིབ་ཏུ། དེ་དག་ནི་མི་རྟག་ཇག་པས་འཕྲོག་པའི་ལས་དབང་བཙན་པོ་དེ་ཡིན། དེ་ལྟར་ན་ང་ཚོས་ཕ་མའི་སེམས་པ་ཇི་ལྟར་གསོའམ།


༡ 
གཞོན་སོ་དཀར་གྱི་ལང་ཚོ་ཡལ་ནས་རྒན་སོ་དཀར་གྱི་སྨྲེང་གླུ་སྐྱ་བོ་ལེན་དུས། ཕ་མའི་ཁ་ལ་ཞིམ་པའི་ཟས་ནི་རྒྱ་ཟས་སྣེ་གྲངས་བཅོ་བརྒྱད་དེ་མ་ཡིན་པར་སྙི་ལ་འཇུ་བདེ་ཞིང་རང་དགའི་ཟས་ལ་རོལ་དུ་འཇུག་དགོས།
རྒས་ནས་མིག་གིས་མི་གསལ་ལ་རྣ་ལ་སྐད་ཆ་དག་གོ་དཀའ་བས་རྒན་པོའི་སེམས་ལ་སྐད་ཆ་འགའ་མ་གོ་དུས་དེ་ལ་གོ་འདོད་ཀྱི་འདུན་པ་ཆེན་པོ་ཡོད། དེ་དུས་དགོས་ངེས་དག་ཁ་གསལ་པོས་གོ་བརྡ་སྤྲོད་པ་ལས་ཁ་ལོག་མིག་ལོག་གིས་སྒོ་ནས་ཁྱེད་རང་དང་འབྲེལ་བ་མེད་པའི་སྐོར་ཤོས་མི་རུང་། ཁ་ནས་མ་བཤད་རུང་སེམས་ལ་ཁབ་རྩེ་བཙུགས་པ་བཞིན་གྱི་ན་ཟུག་ཡོང་སྲིད།


 
ཕ་མས་བཟོས་པའི་ཁ་ལག་ནི་སྨན་སྦྱོར་གྱིས་འཚོས་པའི་ཟ་ཁང་གི་ཟ་མ་བཞིན་མེད་པས་དེང་གི་གཞོན་ནུའི་ཟ་འདོད་ཀྱི་བློ་དེ་ཅུང་དཀོན། ཡིན་ཡང་དེ་ནི་རྒྱུ་གཙང་སྤུས་གཙང་ཞིག་ཡིན་ལ་ཕ་མས་ང་ཚོར་གནང་བའི་བྱམས་བརྩེ་དེ་ཡིན་པས་ཡག་ལུགས་ཀྱི་བསྟོད་པ་བྱས་ན་འགྲོ་སོང་ཅི་ཡང་གཏོང་མི་དགོས་པར་ཕ་མའི་སེམས་པ་དགའ་བས་མྱོས་ཐུབ།


 
མ་གཞི་ང་ཚོ་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ངང་ནས་ནམ་ཞིག་འགྲོ་དགོས་པ་ཆོས་ཉིད་ཡིན་རུང་། སྐབས་རེ་ཁོམ་དུས་ཕ་མའི་ལུས་ལ་གཙང་སྦྲ་རེ་བྱེད་པ་དང་སྦྲགས་ངག་འཇམ་གྱི་སྐད་ཆ་རེ་གཉིས་ཤོད་ཐུབ་ན་ཕ་མའི་བྱམས་བརྩེའི་དྲིན་ལན་དེ་རྒྱུ་དངོས་པོའི་འགྲོ་སོང་གཏོང་མི་དགོས་པར་སེམས་ལ་སྤྲོ་བ་འཕེལ་བས་འཇལ་ཐུབ།


༥ 
དུས་རབས་ཉེར་གཅིག་གི་ལ་ཀླུང་ཀུན་དུ་རྒན་དར་གཞོན་གསུམ་ཚང་མས་ཉིན་མཚན་དུས་དྲུག་ཏུ་ཁ་པར་དང་བྲལ་ཐབས་མེད་པའི་སྐབས། ཁོམ་པ་ཅུང་ཙམ་སྤྱད་ནས་ཕ་མ་དང་ཁ་བརྡ་རེ་བྱ་དགོས་ཏེ། ཁ་པར་དང་འཐམ་འཁྱུད་བྱ་བ་བཞིན་ཕ་མ་བྱམས་ཀྱིས་བསྐྱངས་མི་ཐུབ་ཀྱང་དེ་ཁྲོད་ཀྱི་དུས་ཚོད་ཕྲན་བུ་སྤྱད་ནས་ཕ་མའི་སེམས་པ་གསོ་དགོས་ཏེ། ཁེར་རྐྱང་གི་འཚོ་བ་དོག་མོ་ལས་བསྒྲོལ་གང་ཐུབ་བྱས་ན། ནང་སེམས་གུ་ཡངས་ཀྱིས་ཕྱིའི་ལུས་ཀྱི་བདེ་བ་ཚོར་ཐུབ། 


  ཕ་མ་དང་བུ་ཕྲུག་ཉེ་རྒྱང་ཅི་རིགས་པའི་བར་ཐག་ཆོད་རུང་། རྔན་པ་བྱི་རིལ་རྡོག་གཅིག་ལས་མེད་ཀྱང་ཡང་སེ་ཕ་མར་ལྟ་སྐྱོང་ཐུབ་ན་ཕ་མའི་སེམས་ཀྱི་སྤྲོ་བ་རང་ཤུགས་སུ་འཕེལ་ཐུབ།

 
ཤོད་མི་རུང་བ་དང་ལྷག་མི་རུང་བའི་འགལ་རྐྱེན་སྣ་ཚོགས་ཕ་མ་རྒན་པོའི་མདུན་དུ་གསང་གང་ཐུབ་བྱས་ཏེ། སེམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་གང་ཐུབ་ཀྱིས་ཆུ་ཚོད་སྐར་མ་ཙམ་ལས་མེད་ཀྱང་སེམས་ཀྱི་སྤྲོ་སྣང་འཕེལ་ཐུབ་པ་བྱ་དགོས།

༨ 
ཁྱིམ་ཚང་དུ་དུས་རྒྱུན་དུ་གནའ་ཉམས་ཀྱི་ཕྱུག་པའི་གཞས་ཞབས་བྲོ་དང་། རྣམ་ཐར་ལ་སོགས་པའི་སྒྱུ་རྩལ་ལ་མྱོང་རོལ་བྱ་རུ་བཅུག་སྟེ། སྣང་བ་བ་སྐྱིད་པོ་ཡོང་གང་ཐུབ་བྱ་དགོས།


མི་ཚོགས་ཀྱི་ཁྲོད་དུ་ཕ་མར་གཤེ་གཤེ་གཏོང་མི་རུང་། མི་སུ་འདྲ་ཞིག་ཡིན་རུང་བདག་འཛིན་གྱི་བློ་དེ་ཤིན་ཏུ་ཤུགས་ཆེ་བས། གནས་སྐབས་ཁ་གྲགས་མི་ཐུབ་པར་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཏེ་མི་ཚེར་ཧ་ཅང་གནོད་ཅིང་གདོང་མདངས་ཉམས་པ་སོགས་རྒས་པའི་རྟགས་ཤིན་ཏུ་མངོན་སླ།


༡༠ 
ཕ་མར་རང་དབང་ཅི་ཡང་མེད་པར་སྒོ་ཕྱུགས་ལྟ་བུའི་འཚོ་བ་ནི་ཡེ་ནས་སྐྱེལ་དུ་འཇུག་མི་རུང་། དེ་ནི་རང་ཉིད་ཕ་མས་གསོས་པའི་དྲིན་ལན་ལྟ་ཅི་ཕྱིས་རང་གི་ཕྲུ་གུས་ཀྱང་རང་ཉིད་ལ་དེ་ལྟ་བུའི་འཁོན་ལན་གྱིས་ལས་འབྲས་མྱུར་དུ་འཁོར་སྲིད་པས། གྲ་རྒྱས་ཕུན་སུམ་ཚོགས་པོ་ཞིག་ནི་མ་བྱུང་ཡང་རང་གི་འཚོ་བའི་ཆ་རྐྱེན་ལ་གཞིགས་པའི་རང་འདོད་ཀྱི་འཚོ་བར་རོལ་དུ་བཅུག་ན་སེམས་ཀྱི་སྤྲོ་བ་འཕེལ་ཐུབ།


ཕ་མ་རྒན་རྒོན་ལ་ཁའི་ཉི་མ་ལ།།
འཇམ་པོའི་སྐད་ཆའི་ཚིག་གིས་སེམས་པ་གསོ།
ལུས་ལ་གང་འཇམ་གང་དྲོ་བསྒྲོན་པ་ལས།།
གཟབ་མཆོར་སྣམ་སྦྱར་སྤུ་ཕྲུགས་དགོས་པ་མེད།།


ཡུན་ཐུང་མཉམ་དུ་གཤིབས་པའི་དུས་ཡུན་ནང།།
གང་དགའ་གང་མཁས་ཕ་མའི་སེམས་པ་གསོས།།
ནམ་ཞིག་འཇིག་རྟེན་འདི་དང་བྲལ་བའི་ཉིན།།
ཤུགས་ཀྱིས་ངུས་ཀྱང་ཕན་པ་ཅི་ལ་ཡོང་།།

编辑:巴桑多拉
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑科技有限公司 仅提供技术支持 违法和不良信息举报中心