当前位置: 首页 > 健康教育 > གསོ་བ་རིག་པའི་ལུས་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

གསོ་བ་རིག་པའི་ལུས་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

2023年11月23日 12:49:52 访问量:25 作者:巴桑多拉
  འགྲོ་བ་མིའི་རིགས་དག་རྟེན་འབྱུང་གི་མཐུ་ལས་མཐའ་ཡས་པའི་སྲིད་པ་འཇིག་རྟེན་འཁོར་ལོའི་ས་གཞི་ཆེན་མོར་འཚོ་ཞིང་བཞེས་པའི་རྒྱུན་ནི་བར་མི་ཆད་པའི་གཙང་ཆབ་སྔོན་མོའི་རྗེས་སུ་འགྲོ སྐད་རིགས་མི་འདྲ་བའི་མི་རིགས་ཉིས་སྟོང་ལྷག་ཙམ་ཞིག་གིས་རང་གི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་སྦྱོང་སྤྱོད་ལ་དེ་བས་གཙིགས་ཆེན་སྒོས་མི་རིགས་དར་འཕེལ་དང་རྒྱུད་འཛིན་གྱིས་མེས་པོའི་ཤུལ་དུ་འཛིན་པར་གནང་ལ་ཀུན་གྱིས་མི་རིགས་ཁག་གི་ལྟ་ཚུལ་དང་འདོད་ཚུལ། འཚོ་བའི་ཡུལ་སྲོལ་གོམས་གཤིས་བཅས་ཡོངས་སུ་ཐ་དད་ཀྱང་རང་གི་དད་མོས་ཞུ་ཡུལ་ཆོས་ལུགས་གྲུབ་མཐའ་ཁག་གིས་ཡོངས་སུ་འཛིན་ཏེ་མི་རིགས་ལྟ་བ་དང་།  རིག་གནས་ཀྱི་ལྟ་བ།  ཆོས་ལུགས་ཀྱི་ལྟ་བ། དངོས་གཙོ་སྨྲ་བ། སེམས་གཙོ་སྨྲ་བ་བཅས་བརྗོད་ཀྱིས་མི་ལང་བའི་རིག་གནས་དུ་མའི་ལྟ་བས་ཡོངས་སུ་འཛིན།  འོན་ཏེ་ཆོས་ལུགས་ཁས་ལེན་མཁན་ཞིག་ཡིན་ནའང་འདྲ་ཁས་མི་ལེན་མཁན་ཞིག་ཡིན་ཡང་ཀུན་གྱིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་འབའ་ཞིག་ལགས་པས་ཐུན་མོང་གི་དམིགས་ཡུལ་ནི་བདེ་བ་གཉེར་མཁན་ལས་མ་འདས།  
འཛམ་གླིང་གི་སྲོལ་རྒྱུ་རིག་གནས་དང་། དེང་གི་རིག་གསར་ཚན་རིག་གི་ལྟ་བས་ཀུན་ནས་བརྒྱན་ཏེ་འཕེལ་རྒྱས་ཀྱི་གོམ་ཁ་ནི་མཆོང་བསྐྱོད་ལྟ་བུའི་ཚ་རླབས་སུ་འཕྱུར་མོད།  མིག་སྔའི་ཏོག་གསར་ནད་དུག་གི་བདུད་དཔུང་ཞིག་གིས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་མི་ཉུང་བ་ཞིག་མིང་གི་ལྷག་མར་བཏང་།  སྐབས་དེར་འཕེལ་རྒྱས་སོང་ཟིན་པའི་སྟོབས་ལྡན་གྱི་རྒྱལ་ཁབ་དག་ཀྱང་འགྲོ་བ་མིའི་རིགས་ནད་ཡམས་ལས་འབྲལ་ཕྱིར་ཁ་རས་ཙམ་ཞིག་གྱོན་རྒྱུ་ལས་ཅང་མ་མཆིས།  ཡིན་ན་ཡང་གངས་ཅན་བོད་མིའི་ཐུན་མོང་མ་ཡིན་པའི་༼གསོ་བ་རིག་པ༽ཞེས་པའི་གཞུང་ལུགས་ཀྱི་མན་ངག་ཐབས་ལས་ནད་དུག་དྲུངས་ནས་འབྱིན་པའི་གཉེན་པོ་འབའ་ཞིག་ཏུ་སྣང་།  འདི་ནི་གངས་ལྗོངས་མཁས་པའི་དབང་པོ་གཡུ་ཐོག་གསར་རྙིང་བ་ཡོན་ཏན་མགོན་པོ་དང་།  ཟུར་མཁར་བློ་གྲོས་རྒྱལ་པོ།  མཁས་དབང་ཚུལ་ཁྲིམས་རྒྱལ་མཁན། ཀུན་དགའ་ཚེ་རིང་། ཁྲོ་རུ་ཚེ་རྣམ། དབྱངས་དགའ། ཐུབ་བསྟན་་ཕུན་ཚོགས་སོགས་མཁས་དབང་རིམ་བྱོན་པས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཐབས་ལས་གསོ་བ་རིག་པའི་མེ་སྟག་སྔར་བས་འཛམ་གླིང་རིག་པའི་སྐྱེད་ཚལ་ཡངས་པོར་སྐྲག་མདངས་རྣམ་པར་འཚེར་བར་བྱེད།  
བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པ་འདི་འཇིག་རྟེན་དུ་དར་ནས་ལོ་ངོ་སུམ་སྟོང་ལྷག་ཙམ་ཞིག་གི་ལོ་རྒྱུས་ལྡན་ཡོད།  དེས་ན་མེས་པོའི་རིག་གནས་མཆོད་སྤྲིན་ཙམ་དུ་མི་སྣང་བར་ཕྱི་རབས་པ་ཚོས་སྦྱོང་སྤྱོད་བསམ་སྦྱོར་དྲག་པོས་ཉམས་སུ་ལོན་རྒྱུ་ནི་ཁ་ཚ་དགོས་སུ་སྣང་སྟེ།  འདི་ཉིན་རང་སློབ་གྲྭའི་ཟབ་སྦྱོང་ལྟེ་གནས་སུ་དགེ་སློབ་མཉམ་འཛོམས་དང་རང་རྫོང་རྩ་འཛུགས་པུའི་དབུ་འཛིན། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་སྐུ་གཞོན་ལིའི་ལགས་བཅས་སློབ་སྦྱོང་ལ་ཕེབས་ཤིང་ངེད་ཚན་པའི་སློབ་སྤྱི་བུ་ཆུང་ལགས་ཀྱིས་འཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་རྫོང་མི་དམངས་སྨན་ཁང་གི་ལས་འཁྱུར་ལས་བྱེད་པ་རྒན་བསོད་དབང་ལགས་ཀྱིས་མ་བསྐུལ་དང་བླངས་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་ལས་བདེ་ཐང་འཚོལ་བསྙེག་གི་ལུས་སྦྱོང་གསོ་བའི་མན་ངག་འདི་རང་སློབ་གྲྭའི་དགེ་སློབ་དག་ལ་སློབ་གནང་མཛད་པ་ནི་བཀའ་དྲིན་ཤིན་ཏུ་ཆེ་བ་སྟེ།  མེས་པོའི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་རང་མདངས་འགོག་མེད་ལྷག་ཏུ་མངོན་པར་སྣང་།  ཁོང་གིས་རིན་བྲལ་གྱི་དུས་ཚོད་སྤྱད་དེ་ལུས་ཁམས་གསོ་སྦྱོང་གི་མན་ངག་སྟབས་བདེའི་ངང་ནས་འཆད་ཁྲིད་གནང་ཞིང་མིག་སྔར་ལུས་སྦྱོང་གསོ་ཐབས་འདི་སྤྱད་པས་ནད་པ་མི་ཉུང་ཞིག་གི་ལུས་པོ་ཇེ་ཐང་དུ་སོང་བ་ཁོང་རང་གིས་དངོས་སུ་གཟིགས་པའི་ཕན་ཡོན་གསལ་བསྒྲགས་གནང་ནས་ཀུན་གྱིས་བདེ་བ་འདོད་ཚེ་བདེ་ཐང་འཚོལ་བསྙེག་ལ་རེམས་རྒྱུར་གདམད་པ་ཟབ་མོ་ཞིག་སྣང་།  སྤྱིར་དེང་གི་ཚན་རིག་ལྟ་བས་འགྲུལ་བཞུད་གང་མང་གནང་ཚེ་བདེ་ཐང་ལ་སྨན་པའི་ཤོད་སྲོལ་ཞིག་རྒྱ་ཁྱབ་ཏུ་སོང་བ་ནི་དོན་དངོས་སུ་ནོར་འཁྲུལ་འབའ་ཞིག་ལས་མ་འདས་ཏེ་རང་རེའི་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་ལས་འགྲོ་བ་མིའི་ལུས་ཀྱི་རྩལ་སྦྱོང་རན་པོ་བ་ཞིག་ལས་ཚད་ལས་འགལ་ཚེ་དེ་ལས་ལྡོག་པའི་མཐའ་འབྲས་ངན་པོ་ཞིག་འབྱུང་རྒྱུ་གསལ་བཤད་གནང་བ་རེད། འདི་ནི་ཐོབ་དཀའ་བའི་གོ་སྐབས་དང་ཉག་ཕྲ་བའི་དུས་སྐབས་སུ་ཕེབས་པའི་གངས་ལྗོངས་ཕོ་ཉ་ཞིག་ཡིན་ཀུན་གྱིས་མཁྱེན་དགོས་པའི་གནད་དོན་ཞིག་རེད། 
                                                                                                                 ས་སྐྱ་སློབ་འབྲིང་བོད་ཡིག་ཚོགས་ཆུང་ནས།
༢༠༢༣ལོའི་ཟླ༡༡པའི་ཚེས༡༨ཉིན།      
编辑:王琦
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。西藏萨迦县中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 西藏日喀则市萨迦县中学 版权所有

联系地址:西藏日喀则市萨迦县中学。
北京网笑信息技术有限公司 仅提供技术支持 违法和不良信息举报中心