༢༠༢༠ལོའི་ཟླ༡༠ཚེས༡༡ཉིན་གྱི་ཕྱི་དྲོ། རང་རེའི་སློབ་གྲྭའི་ཏང་ཡོན་བྱེད་སྒོའི་ལྟེ་གནས་སུ“བསམ་གྲུབ་རྩེ་ཁུལ་སློབ་འབྲིང་དང་པོའི་དགེ་རྒན་དངལས་གནས་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་འདུ་”སྐོང་འཚོགས་བྱས་ཤིང་། ཚོགས་འདུའི་ཐོག་རང་སློབ་འབྲིང་གི་སློབ་སྤྱི་གཞོན་པ་བློ་མཐུན་ཀྲུའུ་ཡན་ལུའུ་དང་། བསམ་གྲུབ་རྩེ་ཁུལ་སློབ་འབྲིང་དང་པོའི་རུ་སྣེ་ཁྲིད་མཁན་བློ་མཐུན་ལིས་ཅན། བསམ་གྲུབ་རྩེ་ཁུལ་སློབ་འབྲིང་དང་པོའི་རུ་སྣེ་ཁྲིད་མཁན་བློ་མཐུན་ཧོང་ཀང་། བསམ་གྲུབ་རྩེ་ཁུལ་སློབ་འབྲིང་དང་པོའི་ལས་གནས་རེས་སྐོར་སྤེལ་རེས་ཀྱི་དགེ་རྒན་གསུམ་དང་དེ་བཞིན་རང་སློབ་འབྲིང་གི་ཁྲུའུ་དང་ཚན་པ་ཁག་གི་འགན་འཁུར་མི་སྣ་བཅས་ཞུགས་ཡོད་པ་དང་། ཚོགས་འདུའི་བརྒྱུད་རིམ་ཧྲིལ་པོ་ནི་སློབ་ཨུང་གཞུང་དོན་ཁང་གི་ཀྲུའུ་རེན་བློ་མཐུན་ཚེ་བརྟན་རྡོ་རྗེས་གཙོ་སྐྱོང་གནང་བ་རེད།
བཞུགས་མོལ་ཚོགས་འདུ་དེ་གྲོས་རིམ་ཁག་དྲུག་ལ་དབྱེ་ཡོད་པ་དང་། དང་ཐོག་ལས་གནས་བརྗེ་རེས་ཀྱི་རུ་སྣེ་ཁྲིད་མཁན་བསམ་གྲུབ་རྩེ་ཁུལ་གྱི་སློབ་འབྲིང་དང་པོའི་བློ་མཐུན་ལི་ཅན་གྱིས་ད་ཐེངས་ཀྱི་ལས་གནས་བརྗེ་རེས་ནང་ཞུགས་མཁན་དགེ་རྒན་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་། དེ་རྗེས་ས་སྐྱ་རྫོང་སློབ་འབྲིང་གི་སློབ་སྤྱི་གཞོན་པ་བློ་མཐུན་ཀྲུའུ་ཡན་ལུའུ་ཡིས་ཁོང་རྣམ་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བ་དང་། རྟེན་འབྲེལ་གྱི་ཤིས་ཚིག་སྒྲོན་གནང་ཞིང་། ཁོང་གིས་ལས་གནས་བརྗེ་རེས་དགེ་རྒན་རྣམ་པས་རང་སློབ་གྲྭའི་བཀོད་སྒྲིག་དང་ལེན་བྱས་ནས་སེམས་ནང་གི་ཁུར་པོ་དོར་ཏེ། ཐབས་ཇུས་གང་ཟབ་བཏོན་ནས་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད། དེ་རྗེས་སློབ་འབྲིང་སློབ་སྟོན་ཁང་དང་སློབ་དཔྱོད་ཁང་གིས་ལས་གནས་ཁག་གི་དགེ་རྒན་བཀོད་སྒྲིག་བྱས་པ་དང་བསམ་གྲུབ་རྩེ་ཁུལ་གྱི་སློབ་འབྲིང་དང་པོའི་ལས་གནས་བརྗེ་རེས་ཀྱི་དགེ་རྒན་གྱི་རུ་སྣེ་ཁྲིད་མཁན་བློ་མཐུན་ལི་ཅན་གྱིས་ཀྱང་སློབ་སྦྱོང་དང་། འགན་འཁྲི། ཞབས་ཞུ་བཅས་ཕྱོགས་གསུམ་ཐད་ནས་དགེ་རྒན་རྣམས་ལ་བླང་བྱ་དང་རེ་བ་བཏོན་པ་རེད།
ཚོགས་འདུའི་མཇུག་ཏུ་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཀྲུའུ་ཡན་ལུའུ་ཡིས་ས་སྐྱ་རྫོང་སློབ་འབྲིང་གི་ཚབ་ཞུས་ནས་ལས་གནས་བརྗེ་རེས་དགེ་རྒན་གསུམ་ལ་ལས་ཞུགས་ལག་ཁྱེར་དང་སློབ་གྲྭའི་རྟགས་མ་སྤྲད་པ་དང་སྦྲགས་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།