当前位置: 首页 > 特色藏文 > བོད་བཙན་པོའི་རྒྱལ་རབས།

བོད་བཙན་པོའི་རྒྱལ་རབས།

2019年08月30日 16:41:39 访问量:298

1. སྤུ་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། ཡབ་གནམ་རི་སྲོང་བཙན་དང༌། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་༦༡༧པའི་མེ་གླང་ལོར་སྐུ་བལྟམས། དགུང་ལོ་བཅུ་གསུམ་པའི་ས་གླང་སྤྱི་ལོ་༦༢༩ལོར་རྒྱལ་སྲིད་བཟུང་། དེ་ནས་རིམ་བཞིན་ཡབ་མེས་དུས་སུ་ངོ་ལོག་བྱས་པའི་ཆབ་འབངས་མཐའ་དག་སླར་ཡང་བཙན་པོའི་མངའ་འོག་ཏུ་བཅུག      །སྤྱི་ལོ་༦༣༠པའི་ལྕགས་སྟག་ལོར་མོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས། རྒྱལ་སར་ལྷ་སར་སྤོས། དམར་པོ་རིའི་ཐོག་ཏུ་ཕོ་བྲང་པོ་ཏཱ་ལ་བཞེངས། དེའི་ཕྱི་ལོར་མི་ཉག་གཟའ་རུ་ཡོང་སྨན་དང་། ཞང་ཞུང་བཟའ་ལི་ཐིག་སྨན་གཉིས་ཁབ་ཏུ་བསུས།       །སྤྱི་ལོ་༦༣༢པ་ཆུ་འབྲུག་ལོར་བལ་པོ་རྒྱལ་པོ་དང་འབྲེལ་བ་བཙུགས་ཏེ་བལ་བཟའ་ཁྲི་བཙུན་ཁབ་ཏུ་བསུས།  །སྤྱི་ལོ་༦༣༣པ་ཆུ་སྦྲུལ་ལོར་ཐུ་མི་སམ་བྷོ་ཊ་སོགས་པའི་བོད་ཀྱི་བློན་པོའི་བུ་རིག་པ་རྣོ་བ་བཅུ་དྲུག་ལ་གསེར་གྱི་རྫོངས་པ་དང་བཅས་རྒྱ་གར་དུ་ཡི་གེ་བསླབ་ཏུ་བཏང་། སྤྱི་ལོ་༦༣༤པའི་ཤིང་རྟ་ལོར་ཤར་ཕྱོགས་ཐང་གི་རྒྱལ་པོ་དང་འབྲེལ་བ་བྱས་ཤིང་སྲས་མོ་ཁབ་ཏུ་བསུ་བའི་གྲོས་མ་མཐུན་ནས་ཆོས་རྒྱལ་སྲོང་བཙན་རང་གིས་དམག་དཔོན་བྱས་ཤིང་རྒྱ་ནག་ལ་དམག་དྲངས། བོད་ཐང་བར་ལོ་བརྒྱད་དམག་འཁྲུག་བྱས། སྤྱི་ལོ་༦༣༨ལོ་ཐུ་མི་སམ་བྷོ་ཊ་ཕྱི་བོད་དུ་ཕེབས།  སྤྱན་རས་གཟིགས་ཀྱི་མདོ་རྣམས་བོད་ཡིག་ཏུ་བསྒྱུར།     རྒྱ་གར་གྱི་བརྡ་སྤྲོད་རིག་པ་ལ་གཞི་བཟུང་ནས་བོད་ཀྱི་སུམ་རྟགས་བརྩམས། ལེགས་སྦྱར་སྐད་ཀྱི་སྒྲ་ཚབ་སྔགས་ཡིག་བཟོས། སྤྱི་ལོ་༦༣༩ལོ་ཙམ་ན་ཞང་ཞུང་དབང་དུ་བསྡུས། ལྕགས་གླང་སྤྱི་ལོ་༦༤༡ལོར་བོད་ཁམས་ཡོངས་རྫོགས་བཀའི་ཁྲིམས་འོག་ཏུ་བཅུག་པའི་ཆེད་དུ་ཁྲིམས་ཡིག་དོན་ཚན་སོ་དྲུག་གཏན་ལ་ཕབས། ལོ་དེར་རྒྱ་བཟའ་ཀོང་ཇོ་བོད་རྒྱལ་པོའི་ལོ་ཁབ་ཏུ་དྲངས། སྤྱི་ལོ་༦༤༥ལོ་ཙམ་ན་རྒྱ་གར་ནས་བྷ་ར་དྷྭ་ཛ། རྒྱ་ནག་ནས་ཧཱན་ཝང་ཧྭང༌། ཏ་ཟིག་ནས་ག་ལེ་ནུས་ཞེས་བྱ་བའི་སྨན་པ་གསུམ་སྤྱན་དྲངས་བོད་དུ་གསོ་རིག་གི་ཉམས་མྱོང་བརྗེ་ལེན་གྱི་བགྲོ་གླེང་བཙུགས།    ལུགས་ཆེན་གསུམ་གྱི་གཞུང་མི་འཇིགས་པའི་མཚོན་ཆ་ཞེས་པ་བརྩམས།  །

 

2.    རྒྱལ་པོ་གུང་རི་གུང་བཙན་ནི། ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང༌།    ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་༦༢༡པའི་ལྕགས་སྦྲུལ་ལོར་སྐུ་བལྟམས།    དགུང་ལོ་བཅུ་བཞི་སོན་པའི་ཤིང་རྟ་སྟེ་སྤྱི་ལོ་༦༣༤ལོར་གཅེན་སྲོང་བཙན་སྒམ་པོ་དམག་ལ་ཕེབས་པའི་ཚབ་ཏུ་རྒྱལ་སྲིད་བསྐྱངས། འ་ཞ་བཟའ་མོང་རྗེ་ཁྲི་དཀར་ཁབ་ཏུ་བཞེས།    སྲས་མང་སྲོང་མང་བཙན་སྐུ་བལྟམས་པའི་ས་ཁྱི་ལོ་སྟེ་སྤྱི་ལོ་༦༣༨ལོར་དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་དང་ནང་གི་འགལ་རྐྱེན་གྱི

3. རྒྱལ་པོ་མང་སྲོང་མང་བཙན་ནི། ཡབ་རྒྱལ་པོ་གུང་རི་གུང་བཙན་དང༌། ཡུམ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་༦༣༨པ་ས་ཁྱི་ལོར་སྐུ་བལྟམས། སྤྱི་ལོ་༦༥༠པ་ལྕགས་ཁྱི་ལོར་དགུང་ལོ་བཅུ་གསུམ་ལོན་པ་དང་རྒྱལ་སྲིད་བསྐྱངས། འབྲོ་བཟའ་ཁྲི་ལོད་ཁབ་ཏུ་བཞེས། སྤྱི་ལོ་༦༦༧ ལོར་རྒྱའི་ས་མཚམས་སུ་དམག་དྲངས། འཇང་གི་རིགས་ཀྱི་ཞིང་ཆེན་བཅུ་གཉིས་བཅོམ། སྤྱི་ལོ་༦༧༠པ་ལྕགས་རྟ་ལོར་སླར་ཡང་བོད་དམག་འཇང་དང་། ཐང་གི་ས་མཚམས་སུ་སླེབས་ཏེ་རྒྱའི་ཞིང་ཆེན་བཅོ་བརྒྱད་ཙམ་བཅོམ། བོད་དམག་གིས་འབྲི་ཆུའི་ཐོག་ཏུ་ལྕགས་ཟམ་བཙུགས། ཟམ་པ་བཙུགས་ས་དེ་ནི་དེང་དུས་ས་ཐམ་རྫོང་གི་ཐཱ་ཁྲིན་ཆུས(丽江县塔城区)ཀྱི་བྱང་ཕྱོགས་འབྲི་ཆུ་ཁའི་ས་ཆ་དེར་ཡིན། སྤྱི་ལོ་༦༧༦པ་མེ་བྱི་ལོར་མང་སྲོང་མང་བཙན་སྐུ་གཤེགས།    །

་དབང་གིས་སྐུ་གཤེགས། །

 

 

编辑:次旦扎西
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
西藏日喀则市萨迦县中学 版权所有
中华人民共和国电信经营许可证 京ICP备13002626号-8
联系地址:西藏日喀则市萨迦县中学。
京公网安备11010502032087
现代教育网 提供技术支持 违法和不良信息举报中心
Copyright 2006-2020 sjxzx.30edu.com.cn , All Rights Reserved
西藏萨迦县中学 兰西县基础教育研究中心 甘肃省会宁县第二中学 广东省雷州市第二中学 忻州现代双语学校 怀仁市城镇第三小学 神木市第四中学 果洛中学 陕西省宝鸡中学 岳家庄乡中心学校 五寨县教育科技局 五寨县第三中学 忻州市教育局 繁峙县教育科技局 原平教育科技局 五台山风景名胜区教育管理中心 文地镇小学教育网 忻州市高级技工学校 忻州市第一职业中学 五台县职业中学校