ས་སྐྱ་རྫོང་སློབ་འབྲིང་གི་སློབ་སྟོན་ཁྲུའུ་ཡིས་2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམའ་རིམ་སློབ་འབྲིང(དམའ་རིམ་སློབ་འབྲིང)གི་ཡོན་ཚད་རྒྱུགས་ལེན་ལས་དོན་སྒྲིག་འཛུགས་ཡག་པོ་བྱས་ནས་བདེ་འཇགས་དང་། བརྟན་པོ།
གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་རྒྱུགས་ལེན་བྱས་ཏེ་ནོར་འཁྲུལ་གང་ཡང་མི་ཡོང་བའི་འགན་ལེན་བྱ་རྒྱུ་རེད། ཟླ9ཚེས14ཉིན་སྒྲིག་འཛུགས་བྱས་ནས2020ལོའི་ལོ་འགོར་དམའ་འབྲིང་སྦྱངས་འབྲས་ཡིག་རྒྱུགས་ཀྱི་རྒྱུགས་སྤྲོད་ལྟ་ཞིབ་མི་སྣ་དང་དེ་བཞིན་ཡིག་རྒྱུགས་ལས་དོན་མི་སྣའི་གསོ་སྦྱོང་ཚོགས་འདུ་འཚོགས་ནས་ཡིག་རྒྱུགས་ལག་བསྟར་ལས་དོན་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་པ་རེད། རྒྱུགས་སྤྲོད་ས་ཚིགས་ཀྱི་རྒྱུགས་ལེན་པ་གཞོན་པ་བློ་བཟང་དོན་ཡོད་དང་། རྒྱུགས་སྤྲོད་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཟླ་བ་རྒྱལ་མཚན། དེ་བཞིན་རྒྱུགས་སྤྲོད་ལས་དོན་མི་སྣ་ཡོངས་བཅས་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་ཐོག་ཡིག་རྒྱུགས་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཟླ་བ་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་རྒྱུགས་དཔོན་གཞོན་པ་བློ་བཟང་དོན་ཡོད་ཀྱིས་གསོ་སྦྱོང་གི་ཆེད་དོན་སྙན་ཞུ་གནང་ཞིང་། ཚོགས་འདུར་ཞུགས་མཁན་རྣམས་ཀྱི་སྣེ་ཁྲིད་དེ་2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྦྱོང་ཚན་ཆུ་ཚད་རྒྱུགས་ལེན《ཡིག་རྒྱུགས་ལས་དོན་གྱི་ཞིབ་སྲོལ》སློབ་སྦྱོང་བྱས་པ་མ་ཟད། “བཀོལ་སྤྱོད་ཚད་ལྡན་དང་། ཞིབ་ཆ་དོན་འཁྱོལ། ནོར་འཁྲུལ་གཏན་འགོག་”བཅས་ཀྱི་ལས་ཀའི་དམིགས་འབེན་ལྟར། ཡིག་རྒྱུགས་ལྟ་སྐུལ་ལས་དོན་མི་སྣ་སྦྱོང་བརྡར་ནན་པོ་བྱས་ནས་ཡིག་རྒྱུགས་ལས་དོན་གྱི་འགན་འཁྲི་ཁ་གསལ་བཟོ་བ་དང་། ལས་སྒོ་རྒྱུས་མངའ་ལོན་རྒྱུ་སྒྲིག་འཛུགས་བྱས་ནས་ནོར་འཁྲུལ་མི་ཤོར་བར་བྱེད་པ། ཡིག་རྒྱུགས་ཀྱི་བརྒྱུད་རིམ་དང་བླང་བྱར་གསལ་བཤད་ཞིབ་ཕྲ་བྱེད་པ། ཡིག་རྒྱུགས་ལས་དོན་མི་སྣ་ཁག་ལ་འབྲེལ་ཡོད་བླང་བྱ་འདོན་པ་བཅས་བྱས་པ་མ་ཟད། ཡིག་རྒྱུགས་བརྒྱུད་རིམ་ནང་གཙོ་གནད་ཐོག་དོ་ཁུར་བྱེད་དགོས་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་གསལ་བཤད་ཞིབ་ཕྲ་བྱས་ནས་ཞིབ་ཕྲའི་ཁ་གཏད་གཅོག་ཐབས་བཀོད་སྒྲིག་ཀྱང་བྱས་པ་རེད།